ལྷམ་ཀོག་གིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ།༡

            ངས་ནི་སྙན་ངག་ཅིག་གི་བར་གསེང་ནས་ངལ་གསོ་ཞིག་འཚོལ་གྱིན་ཡོད།མི་རེ་འགས་སྙན་ངག་ལ་ཐུབ་ཚོད་ཅིག་མ་གཏོང་ཟེར་བ་ལས་གཞན་དུ་སྨྲ་མི་བཏུབ།ཡང་ན་འཕྲལ་གྱི་ངོ་སོ་ཙམ་ལ་ཁ་ཕྱོགས་པ་དག་གིས་སྙན་ངག་ནི་ཁྲེ་ཙེ་ཞིག་གི་ཚད་དུ་བཞག་ནས་སྤྱི་ཚོགས་ཀྱི་ངོ་གདོང་ཡར་ཚད་མར་ཚད་བྱ་སྤྱད་ཅིག་ཡིན་དགོས་ཟེར་ནས་སྙན་ངག་ལ་ཐུབ་ཚོད་གཏོང་གིན་འདུགཁོ་བོས་སྙན་ངག་ནི་ཡུལ་ལ་བཏགས་ནས་ཡར་འཁྲི་མར་འཁྲི་བྱེད་པ་ཅན་ཞིག་ཏུ་མ་མཐོང་ཞིང་།ཡིད་ཅན་གྱི་ཉ་མོ་མཚོ་ནང་ན་གང་དགུར་འཁྱུག་པ་ཞིག་ཏུ་འདོད་ཅིང་།ཚིག་སྣེ་ལ་ཚིག་མཐུད་དེ་སྤམ་བཟོ་བ་ཞིག་ཏུ་མི་འདོད་པས་སྣང་བརྙན་གྱི་ལམ་དུ་ཡིད་ལ་ཤང་ཤང་དུ་འབབ་པའི་ཚོར་བ་ཞིག་ཏུ་བལྟ།དེ་བས་སྙན་ངག་ནི་ཆོས་གླུ་ཞིག་ཡིན་ཆོག་ལ།གྲུབ་ཆེན་པའི་ངག་གི་དོ་ཧ་ཞིག་ཀྱང་ཡིན་ཆོགཆོས་ཚིག་གི་ཁྲོད་ཀྱི་ཏིང་ངེ་འཛིན་ཟེར་བའི་ཐ་སྙད་འདི་དང་།ཟངས་ཐལ་དང་གཉུག་མ།སྟོང་ཉིད་འདི་དག་ནི་སྙན་ངག་པ་རང་གི་རིག་གཞུང་ལ་རྒྱུས་ཡོད་པ་ཞིག་ལ་མཚོན་ན་རང་གི་ཚོར་བའི་ཉེ་སར་བཅར་བའི་མིང་ཚིག་གསོན་པོ་ཏག་ཏག་རེད།རྒྱུ་མཚན་ནི་སེམས་ཀྱི་དྭངས་མ་ཞིག་དང་ཚོར་བའི་འདེགས་འཇོག་ཅིག་ནི་མིང་ཚིག་འདིས་འཕར་བསྣོན་བྱ་ཐུབ།གལ་ཏེ་ཀློག་པ་པོས་ཆོས་ཀྱི་ཚིག་མཛོད་རྐྱང་བའི་ངོས་ནས་མིང་ཚིག་འདི་དག་གི་འགྲེལ་ལ་རེ་ཞིང་སྙེག་ན་དེ་ནི་རང་གི་རྟོག་པ་བཅིངས་བྱེད་ཅིག་རེད་འདུགསྙན་ངག་མཁན་པོའི་དགོངས་པ་ནི་དེ་ལས་གཞན་དུ་འཚོལ་དགོས།སྙན་ངག་ཚད་དང་ལྡན་པ་ཞིག་ནི་ཚོར་བ་དང་རང་བྱུང་ཁམས་ཀྱི་གསང་བའི་བར་ཐག་སྡོམ་བྱེད་ཅིག་ཏུ་འཁུམས་ཤིང་།རྡོ་དང་དབྱུག་པ་བཞིན་འཕྱར་བ་དང་རྡེག་པའི་དངོས་པོ་དེ་མིན་པར་སྙམ།དེང་གི་དུས་ན་འབོལ་རྩོམ་གྱི་ཤུགས་རྐྱེན་དང་ཁོར་ཡུག་གི་ལྟ་སྟངས་དབང་བཙན་པོར་སོང་བས་ཚིག་གི་ངོ་གདོང་དམར་དམར་བོས་གཞན་ལ་བརྙས་པ་དང་གཞོགས་པ་གཏུབ་པ།ཡང་ན་ངོ་བསྟོད་དམར་རྗེན་ནེ་རེར་བྱེད་པ་ནི་སྙན་ངག་གི་ཁྱད་ཆོས་ཤིག་ཏུ་འདོད་ཀྱིན་ཡོད་མོད།ང་རང་ཉིད་ཀྱིས་བལྟས་ན་དེ་ནི་དུས་ཀྱི་དབང་གི་བྲིན་ཆེ་བ་དང་གོང་ཐང་ཡོད་ངེས་ཀྱང་སྙན་ངག་ཅིག་མ་ཡིན་པར་འབོལ་རྩོམ་ཞིག་རེད་ཅེས་ཤོད་འདོད་སྐྱེས་ཡོད།སྤྱིར་མི་རིགས་ཤིག་གི་གནད་འགག་གི་སྐབས་སུ་སྙན་ངག་ཁོ་ན་དོན་དུ་གཉེར་བར་མི་འདོད་པའི་ལྟ་བ་དེ་ཡང་།སྙན་ངག་ནི་རྟོག་པ་རང་ཡན་པ་ཞིག་ཏུ་སོང་ཡོད་པས་ལོས་ཡིན།དེང་གི་ཚིགས་བཅད་ཁ་དམར་བ་འདི་དག་ལྟ་བུ་ཞིག་སྙན་ངག་ཡིན་པར་འདོད་ན་འདི་ཡིས་ཁ་ཚ་དགོས་གཏུགས་ཤིག་ལ་སྣུན་གྱིན་འདུག་པས་དགག་བྱ་ཅི་ཡང་མེད།སྤྱིར་སྙན་ངག་པ་ཞིག་ཡིན་ན་སེམས་གཙོ་སྨྲ་བ་ཞིག་ཏུ་འདོད་ཅིང་།དངོས་ཡོད་ཀྱི་འཚོ་བ་དེ་ཨང་གཉིས་པར་ལྷུང་འདུག་པས་དབང་གིས་ཡུལ་དང་ཡིད་ཅན་གཉིས་ལས་ཡིད་ཅན་གཙོ་བོར་ཁས་ལེན་དགོས།དེ་བའི་ངས་མཚམས་འདིར་འབོལ་རྩོམ་པ་ནི་ཡུལ་གཙོ་བོར་བྱེད་མཁན་ཞིག་དང་།སྙན་ངག་པ་ནི་ཡིད་ཅན་གཙོ་བོར་བྱེད་མཁན་ཞིག་རེད་འདོད་ཅིང་མཐར་སྡོམ་ཡང་དེ་ལྟར་རྒྱག་གིན་ཡོད།འབོལ་རྩོམ་པས་བལྟས་ན་སྙན་ངག་པ་ནི་སྐབས་ཀྱི་གནད་ལ་གདོང་གཟུར་ནས་འགྲོ་མཁན་ཞིག་ཏུ་འདོད་པར་ཁེག་མི་འདུག་མོད།སྙན་ངག་པས་བལྟས་ན་འབོལ་རྩོམ་པས་ནི་མི་ཞིག་གི་རང་བྱུང་ཚོར་བ་དང་རིན་ཐང་དག་དངུལ་སྒོར་ལ་བརྗེས་འགྲོ་བའི་སྣང་བ་ཡང་འགོག་མེད་ཏུ་བསྟེར་ངེས་རེད།དེ་ལས་གཞན་ད་དུང་སྙན་ངག་པས་ནི་མི་ཡི་བརྩེ་བ་དང་ལྷན་སྐྱེས་ཀྱི་རིན་ཐང་ནི་གསེར་དངུལ་གྱིས་ཤན་འདུག་པ་ཞིག་ཏུ་མི་མཐོང་ཞིང་།ལག་པས་སྙོབ་ཏུ་མེད་པ་དང་སྐད་ཆས་ཤོད་དུ་མེད་པ་ཞིག་ཏུ་འདོད་པས་མིང་ཚིག་རེ་གཉིས་ཀྱི་ཆ་ཤས་དང་ཡང་ཆ་ཙམ་ཡང་མཚོན་དུ་མི་བཏུབ་པས།སྣང་བརྙན་ཞིག་གི་བརྡ་འཕྲིན་ལ་བསྟུན་ནས་ཕྱི་རུ་འཇོ་བར་བརྩོན་པའི་དུས་སུ།ཀློག་པ་པོ་མང་བོ་ཞིག་ལ་ཀ་ནས་ཁ་ཞེས་ཚེགས་བརྡར་གྱི་ལམ་ཁ་སྤྲོད་དགོས་པ་རང་བཞིན་གྱིས་ཁེག་འདུག་པས།སྙན་ངག་གི་བློ་མིག་དེ་བག་ལ་ཉལ་སོང་བར་སྙམ།དེ་ལས་གཞན་རྟོག་པའི་སྣང་བརྙན་དང་ཚོར་བའི་ལྡེམ་ཤུགས་ལ་ཟབ་པ་དང་ཡངས་པའི་དཀྱེལ་དང་སྒམ་ཡོད་པ་ཡང་མི་ཤེས་པར་འཁངས་ར་བྱ་རྒྱུ་ཅི་ཡང་མེད་དོ།སྙན་ངག་པས་ནི་ནམ་མཁའི་ཟླ་བ་དེ་དཀར་སེར་ནག་གསུམ་གང་དུ་བལྟས་ཆོག་པ་ནི་ཉིན་དེའི་ཚོར་བས་བསྐྱེད་པ་ཞིག་ཡིན་ཞིང་།འབོལ་རྩོམ་པས་ནི་ཟླ་བ་དེ་དཀར་བོར་ཁོ་ནར་བལྟ་དགོས་པ་ནི་ཕྱི་རོལ་གྱི་གཏན་ཚིགས་སམ་སྣང་ཚུལ་ཁོ་ནས་སྦྲེལ་འདུག་པས་རེད།སྙན་ངག་པས་བརྗོད་ལུགས་ལ་ཆུ་ཟླའི་རོལ་གར་བཞིན་ཐུན་མིན་གྱི་ལྟ་ཚུལ་བརྒྱ་ཕྲག་ལྷག་འདུག་ཅིང་།འབོལ་རྩོམ་པས་བརྗོད་ལུགས་ལ་མཛུབ་མོ་གདོང་ཀེར་ཁོ་ན་ལས་མེད་པས་ཁྱད་པར་ཤིན་ཏུ་ཆེན་པོ་རེད།འོན་ཀྱང་འདི་དགེ་དང་འདི་ཉེས་ཞེས་སུ་ཡིས་སྨྲ་མི་ཐུབ་མོད།འབོལ་རྩོམ་གྱི་དུངས་ཞེན་དང་མིག་ཤེས་ཀྱི་སྙན་ངག་ལ་ཐུབ་ཚོད་མ་གཏོང་ཟེར་བ་དེ་ཡིན།འདི་དག་གི་གནད་ཀ་རྟོགས་འོང་ན་སྙན་ངག་པ་དང་འབོལ་རྩོམ་པའི་བར་ལ་ཀླན་ག་མེད་འགྲོ་བ་ཞིག་རེད་སྙམ་སྐྱེས་འོང་། 

(མུ་འགོད་བྱ་རྒྱུ)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷམ་ཀོག་གིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ།༡

2010-06-13 ལྷམ་ཀོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།