རང་ལུས་ལ་གཅེས་རྒྱུ་ཤེས་དགོས་སམ།

            དེང་རབས་རིག་གནས་ཀྱི་བརྡབ་གསིག་ཆེན་པོ་འདིའི་ཁྲོད་དུ་འབྲོག་པ་གང་མང་ཞིག་ལ་སྤར་རྒྱུའི་སྐྱས་དང་བཤད་རྒྱུའི་སྒྲུང་མེད་པར་གྱུར་བ་དང་། དེའི་ཚབ་ཏུ་མཁར་གྲོང་རིག་གནས་ཀྱི་མཚོན་བྱེད་ལྟ་བུར་ཁ་པར་དང་། བརྙན་འཕྲིན། འཕྲུལ་རྟ། མགྲོན་ཁང་། ཇ་ཁང་སོགས་དར་བར་གྱུར། དེ་དག་གི་བར་གསེང་ན་འབུ་སྲིན་བཞིན་འཚང་འཚང་ཤིག་ཤིག་བྱེད་མཁན་གྱི་མི་སྐོར་ཞིག་ཡོད་པ་ནི་ཕྱོགས་གཞན་ནས་འོང་བའི་བུད་མེད་རིགས་ཤིག་སྟེ་ཁོ་ཚོ་ནི་ཞིང་ལས་མི་འདོད་ཅིང་ཚོང་ལས་ལ་མི་མཁས་པ། གྲོང་ཁྱེར་དུ་མི་བྲིན་ཞིང་སྲིད་གཞུང་ལ་མི་མཁོ་བའི་རིམ་པ་དམའ་བའི་སྨད་འཚོང་མ་དག་རེད། ཁོ་མོ་ཚོའི་མང་ཆེ་ཤོས་ནི་བརླ་སྒོ་རུལ་ལ་ཉེ་བའི་སྒྱིད་ལུག་མ་ཤ་སྟག་ཡིན་ནའང་གདོང་ལ་རིན་གོང་དམའ་བའི་མཛེས་ཆས་དང་ཁ་ལ་ཚོས་དམར་ཙམ་བྱུགས་པ་དེ་འབྲོག་པའི་བུ་ཚོའི་གོམ་ཁ་བསླུ་བྱེད་ཀྱི་ཞགས་པར་གྱུར་ཡོད་པ་རེད། 
          བདག་གི་གྲོགས་པོ་ཨེམ་ཆི་ཞིག་ཡོད་པ་དེས་གསུང་བ་ལྟར་ན། ད་ལྟ་ཁོང་ཚོའི་སྨན་ཁང་དུ་འོག་ནད་བྱུང་བའི་འབྲོག་པའི་ཕོ་གསར་གྲངས་མེད་པ་སྨན་པ་བསྟེན་པར་འོང་གི་ཡོད་ཅིང་ཁོང་རང་གིས་ཚོད་དཔག་བྱས་པ་ལྟར་ན་འབྲོག་པའི་ཕོ་གསར་ཚོར་འོག་ནད་བྱུང་ཚད་ཕལ་ཆེར་བརྒྱ་ཆའི་བརྒྱད་ཅུར་ཉེ། འོག་ནད་ཀྱི་རིགས་གཙོ་བོ་ནི་བསེ་མོག་སྟེ་རྒྱ་སྐད་དུ梅毒ཟེར་བ་དེ་ཡིན་ཞིང་འབྱུང་རྐྱེན་གཙོ་བོ་ནི་སྨད་འཚོང་མ་དང་ཉལ་བོ་བྱེད་སྐབས་འགྱིག་སྒྲེའུ(སྦྲུམ་འགོག་འགྱིག་ཤུབས)མ་གྱོན་པས་རེད་ཟེར། གོ་ཐོས་སུ་ཐེངས་གཅིག་ལ་ཉལ་བོ་བྱས་ན་དམངས་སྒོར་༢༠ནས་༣༠ཡིན་པའི་སྨད་འཚོང་མ་དེ་ཚོར་སྒོར་ལྷག་མ་འགའ་སྦྱིན་ཚེ་འགྱིག་སྒྲེའུ་མ་གྱོན་ཡང་ཉལ་བོ་བྱ་རུ་འཇུག་སྐད། དེ་ཡི་རྐྱེན་པས་ཁ་ཤས་ཤིག་རྐྱེན་ལམ་དུ་སོང་ནའང་ཡུལ་མི་ཚོས་ཀྱང་ངོ་ཚར་དོགས་ཏེ་འཆི་རྐྱེན་གསང་གི་ཡོད་སྐད། 
          གནད་དོན་ཚབས་ཆེ་ཤོས་ནི་སྐྱེས་པ་རང་ཉིད་ནད་ཀྱིས་ཟིན་པ་དེ་མ་ཟིན་པར་ཁོ་ཚོས་ཕྱིར་ཁྱིམ་ལ་སོང་ནས་རང་གི་ཆུང་མར་ནད་དེ་བགོ་བཞིན་པ་དེ་རེད། དེའི་ཕྱིར་བུད་མེད་ཚོའི་མངལ་སྦྲུམ་པའི་ནུས་པ་ཉམས་པ་དང་། མཚན་མར་སྐྱོན་ཤོར་བ། ཁྱེའུ་ནད་ཅན་བཙའ་བ་སོགས་ཚེ་འདིའི་བདེ་སྐྱིད་ལ་གནོད་པའི་མཇུག་འབྲས་ཚབས་ཆེན་འབྱུང་གིན་ཡོད།
         དོན་དུ་རང་ལུས་ལ་མི་གཅེས་པར་རང་སྲོག་རང་གིས་གཅོད་པ་ཡིན་ནམ་ཡང་ན་བདེ་བ་ཆུང་ངུར་ཆགས་ནས་ཆེན་པོའི་བདེ་བ་དོར་བ་ཡིན།
                                                                                                                            2010/6/10  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ལུས་ལ་གཅེས་རྒྱུ་ཤེས་དགོས་སམ།

2010-06-10 སྐྱ་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།