རུས་རྐང་གི་འབོད་པ།

རོང་སྐྱེས་དོན་གྲུབ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-09

                                                           _____གཡུ་འབྲུག་ཚན་སྡེབ་ཀྱི་གླུ་གཞས《བརྩེ་བའི་རྒྱ་མཚོར་འཛད་པ་མེད》ཅེས་པར་ཉན་རྗེས། 
        ལས་གྲོགས་རྡོ་རྗེ་རྒྱལ་མཚན་བརྒྱུད་ནས་གཡུ་འབྲུག་ཚན་སྡེབ་ཀྱིས་བཞི་གཅིག་བཞི་སྒ་སྐྱེ་དགུ་མདོའི་གནོད་ཐེབས་ས་ཁུལ་གྱི་མི་དམངས་ཁྲི་སྟོང་མང་བོར་སེམས་གསོའི་ཆེད་དུ་བླངས་པའི་གླུ་གཞསབརྩེ་བའི་རྒྱ་མཚོར་འཛད་པ་མེད་ཅེས་པ་ལག་ཏུ་སོན་ཞིང་ཐེངས་འགར་རྣ་བ་བཀླགས་ནས་ཉན་རྗེས་སེམས་སུ་བཅོས་མིན་སྙིང་གི་སྐད་ཆ་འགའ་ཅིས་ཀྱང་འབྲི་དགོས་པར་སྙམ་པས་དེ་མར་བྲིས་པ་ལགས།
         སྤྱིར་ན་ང་ཚོ་དུས་རྒྱུན་1དུ་མདོ་དབུས་ཁམས་གསུམ་ཞེས་རང་རང་གིས་རང་རང་ས་ན་གནས་ཡོད་པ་ཞིག་ཡིན་མོད།འོན་ཀྱང་གལ་ལ་ཐུག་པའི་དུས་སུ་མ་གྲོས་རང་མཐུན་དང་མ་བསྡུས་རང་འདུས་ཀྱི་སྒོས་ནས་གོ་རེ་བག་ལེབ་གཅིག་གི་ཞལ་འདེབས་ཅེས་པ་ལྟར་རང་ནུས་ཅི་འདོན་དང་རང་ལ་གང་འཛོམས་ཀྱིས་སྒ་སྐྱེ་དགུའི་གནོད་ཐེབས་མང་ཚོགས་ལ་རོགས་ར་མདའི་ཞལ་འདེབས་གང་ཡོད་ཅི་འབུལ་བྱེད་བཞིན་པ་ནི་ས་སྟེང་ན་ཆེས་རིན་ཐང་བྲལ་བའི་བྱམས་དང་སྙིང་བརྗེ་ལས་ཐོན་པའི་གཞལ་མེད་ཀྱི་རིན་ཐང་ཞིག་ཡིན་སྲིད་ལ།དེ་དང་དེ་བཞིན་དུ་ཆོལ་གསུམ་བོད་ཡུལ།ཆུ་བཞི་སྒང་དྲུགརྒྱ་བོད་ཕྱི་ནང་།མི་རིགས་འདྲ་མིན་སོགས་ཡོད་ཚད་ཀ?ི་ཁྲོད་ནའང་རང་རང་གི་ནུས་པ་མི་འདྲ་བའི་མི་སྣ་ཚོགས་ཤིག་ཡོད་ཅིང་།དེ་ལས་སྙན་ངག་པས་སྙན་ངག་གི་ཞལ་འདེབས་དང་རི་མོ་བས་རི་མོས་ཞལ་འདེབས།ཁེ་ཚོང་བས་སྒོར་དངོས་ཀྱི་ཞལ་འདེབས་ལྟར་གླུ་བ་གླུ་མ་ཚོས་ཀྱང་དབྱངས་ཅན་ངག་གི་གདངས་ལ་འཁོར་ཞིང་འཇིག་རྟེན་སྟེང་ན་རིགས་དང་རུས་རྒྱུད།ཡུལ་དང་ཚོ་ཁག་གི་ཕྱོགས་རིས་བྲལ་བའི་གླུ་དང་གླུ་དབྱངས་ཀྱི་ཞལ་འདེབས་ཀྱང་སྣ་ཚོགས་ཤིག་འབུལ་བཞིན་པའང་གོང་སྨྲོས་དང་ཀུན་ནས་མཚུངས་མོད།འོནཀྱང་གླུ་གླུ་དབྱངས་དེ་དག་ལས་མི་རབས་གསུམ་པའི་སྙན་ངག་པ་རྨོག་ཤེས་རབ་རྡོ་རྗེའི་ཚིག་དང་གཡུ་འབྲུག་ཚན་སྡེབ་ཀྱི་གདངས་བརྩེ་བའི་རྒྱ་མཚོར་འཛད་པ་མེདཅེས་པ་ནི་རྣ་བས་ཉན་རྒྱུ་དང་ཡིད་ཀྱིས་མྱངས་རྒྱུ་ཡོད་པ་ཞིག་རེད་འང་།གླུ་ཚིག་ལས་མི་རེ་ལ་སེམས་རེ་ཡོད།།སེམས་རེ་ལ་འོད་རེ་ཡོད།།འདི་ནི་ཆེས་སྤྱིར་བཏང་གི་སྐད་ཆ་ཞིག་ཡིན་ཀྱང་ཆེས་མི་སེམས་འགུལ་བའི་སྐད་ཆ་ཞིག་ཀྱང་རེད།ཅིའི་ཕྱིར་ཞེ་ན་དངོས་ནས་བདེན་ཏེ་རིན་ཆེན་གྱི་ལུས་རྟེན་ཐོབ་པའི་མི་སུ་དང་སུ་ཡིན་ཡང་ངོ་བོ་འོད་ཀྱིས་གྲུབ་པའི་དྲང་བདེན་གྱི་སེམས་ཤིག་ཅིས་ཀྱང་ཡོད་སྲིད།འོད་དེ་ནི་དགེ་བ་ཡིན།འོད་དེ་ནི་ཞི་བདེ་ཡིན།རང་རང་སོ་སོའི་འོད་དེ་ཕྱོགས་སུ་འཕྲོ་བར་བྱོས།གྲང་བའི་སྐབས་སུ་འོད་ལ་གསོལ་བ་ཐོབས།མུན་པའི་ཀློང་དུ་འོད་ལ་རེ་བ་བཅོལ།རེད་ཡ་མི་སེམས་ཀྱི་འོད?དེ་ནི་མ་བྱིན་ལེན་པའི་འཕྲོག་ལེན་ཞིག་མིན་ལ་མི་ཚངས་སྤྱོད་པའི་ཚུལ་མིན་ཞིག་དེ་བས་ཀྱང་མིན།དེ་ནི་རང་ཤེས་གྲུང་བའི་ངོ་ཚ་ཞིག་དང་རྨོངས་བ་བྲལ་བའི་གཏི་མུག་ཅིགའཚེ་བ་སྤངས་བའི་དགེ་སེམས་ཤིག་དང་ཤིན་སྦྱངས་ཐོབ་པའི་བརྩོན་འགྲུས་ཤིག་ཡིན་སྲིད་པས་དེ་དང་དེ་དག་རེ་རེ་ལས་འབུས་པའི་བསོད་ནམས་ཀྱི་སྟོབས་དེ་ཡུལ་ཕྱོགས་གང་དང་གང་ལ་རིས་མེད་དུ་འཕྲོས་ན།ད་གཟོད་གྲང་དང་ལྷགས་པའི་ཁྲོད་ཀྱི་འོད་སྣང་དང་མ་རིག་མུན་པའི་ཀློང་གི་འོད་སྣང་སོགས་འོད་ཀྱི་ཡོད་ཚད་དེ་ས་སྟེང་རིན་ཆེན་རྣམ་གསུམ་ལས་ཀྱང་ལྷག་པར་སེམས།  དེ་བཞིན་དུ་མི་སེམས་ནི་འོད་དང་དགེ་བའིི་བདག་ཉིད་ཅན་ཞིག་ཡིན་པས་བཅོམ་མི་སྲིད་པ་མིའི་རིགས་ཀྱི་མཚར་སྡུག་སྟོང་གི་རྨི་ལམ་ཡིན་སྲིད་ཅིང་འགག་མི་སྲིད་པ་མིའི་རིགས་ཀྱི་ཤེས་པ་སྟོང་གི་ཕུང་བོ་དག་ཡིན་སྲིད་པ་མངོན་པར་གསལ་ཞིང་།དེ་ལྟར་དུ་མི་སུ་དང་སུ་ཡིན་ཡང་ཆད་མེད་ཀྱི་འཚོ་བའི་གོམ་འགྲོས་ཁྲོད་ནས་བྱ་ལམ་བྱེད་བདེ་ཞིག་མ་བྱུང་ཡང་ཕ་ཐོག་བུ་ཐོག་གི་བརྩེ་སེམས་ལྷད་མེད་ཅིག་ཤ་ཚ་ཕྲེང་རྒྱུད་དུ་བྱུང་ཞིང་མི་རྩ་མི་ཁོངས་གཅིག་པའི་བློ་མོས་འདུ་ཤེས་ཤིག་ཅིག་ཅར་དུ་སྐྱེ་ངེས་པ་ཞིག་ཡིན་པས་སྒ་སྐྱེ་དགུའི་མི་དམངས་ཡིན་ཡང་སྐྱོ་བ་ཡོད་ཚད་སྐད་ཅིག་དང་ངལ་བ་མཐའ་དག་ཉིན་?ཅིག་ཏུ་སེམས་ནས་ང་ཚོའི་སང་ཉིན་ཅི་ལྟར་བསུ་དགོས་པར་གློ་བ་རེ་བཏང་ན་ཁྲག་ལ་འཛད་པ་ཡོད་ཀྱང་བརྩེ་བའི་རྒྱ་མཚོར་འཛད་པ་མེད་པའི་དཔེ་བཞིན་དུ་དབུས་དང་མདོ་ཁམས་གང་ཡིན་ཀྱང་ཁ་མིན་ཁོག་གི་སྤུན་ཟླ་རེད།དྲན་གཏམ་གསར་སྐྱེས་ཀྱི་སྤུན་ཟླ་ཡིན་པའི་ངེས་ཤེས་གསར་བ་ཞིག་སྐྱེས་ཁོ་ཐག་རེད།
          སྤྱིར་བཏང་དུ་གོ་ལ་རིལ་མོའི་སྟེང་གི་སྙན་ངག་མཁན་པོ་ཀུན་གྱིས་ཀྱང་སྙན་ངག་ནི་གླུ་དབྱངས་དང་གླུ་དབྱངས་ནི་སྙན་ངག་ཡིན་ཞེས་པ་ལྟར་བརྩེ་བའི་རྒྱ་མཚོར་འཛད་པ་མེད་ཅེས་པའི་གླུ་དབྱངས་འདིར་མཚོན་ནའང་ཚེ་སྲོག་གི་སྟོབས་རྒྱས་ཤིང་ཡིད་འགུག་གི་མཐུ་བཙན་པའི་སྒྱུ་རྩལ་ཞིག་དང་ཐེངས་འདིའི་སྒ་སྐྱེ་དགུའི་གནོད་ཐེབས་ས་ཁུལ་གྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་སེམས་གསོའི་ཚུལ་དུ་ཕུལ་བ་ནི་ཅི་འདྲའི་འོས་ཤིང་འོས་པ་ཞིག་དང་ཅི་འདྲའི་འཚམ་ཞིང་འཚམ་པ་ཞིག་རེདའང་།གླུ་དབྱངས་འདིའི་ཚིག་དང་དབྱངས་གང་གི་ཆ་ནས་ཀྱང་གནོད་ཐེབས་ཡུལ་གྱི་མང་ཚོགས་དང་གློ་བ་ཉེ་མོའི་སྒོ་ནས་སེམས་པའི་གཏིང་རིམ་ལ་ཟུག་པའི་སྙིང་གཏམ་ལྷད་མེད་ཅིག་ཡིན་སྲིད་ལ་ལེན་མཁན་དག་གི་ཉམས་འགྱུར་སྣ་ཚོགས་ལས་ཀྱང་དོན་དངོས་ཀྱི་རིན་ཐང་དེ་མི་ཚེའི་གར་སྟེགས་སྟེང་ན་མེད་ཅིང་སྒྱུ་རྩལ་བ་རང་རང་གིས་འཁྲབ་སྟོན་བྱས་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁྲོད་ན་མངོན་ཡོད་པ་བདེན་དཔང་དང་ར་འཕྲོད་བྱུང་ཡོད་པ་ཞིག་རེད།ཁྱད་པར་དུ་གླུ་དབྱངས་འདི་ལས་ང་ཚོའི་སྐྱིད་སྡུག་གཅིག་ཡིན།ང་ཚོའི་དམིགས་ཡུལ་གཅིག་ཡིན་ཞེས་པ་དེས་ཟོལ་མེད་ཀྱི་ལྷག་བསམ་ཞིག་དང་འགྱུར་མེད་ཀྱི་རེ་འདུན་ཞིག་གསལ་རྗེན་དུ་བྱས་ཡོད་ཅིང་གླུ་དང་གླུ་དབྱངས་ཀྱི་དུངས་བརྗོད་དངོས་མ་དེ་ང་ཚོའི་མི་རིགས་འདིའིིི་བག་ལ་ཞ་བའི་བསམ་བློའི་སྒུལ་ཤུགས་སུ་འགྱུར་ཐུབ་ཡོད་པའང་གདོན་མི་ཟ་བ་ཞིག་རེད།
མི་ནི་དགའ་སྐྱོ་གང་གི་སྐབས་སུའང་མེད་དུ་མི་རུང་བ་ནི་བསམ་བློ་དང་དངོས་བོིའི་རྒྱགས་ཕྱེ་དེ་ཡིན་ལ།རང་ཅག་གི་སྙན་ངག་མཁན་པོ་རྒན་ཡི་དམ་ཚེ་རིང་ལགས་ཀྱིས་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཕར་རྩ་དང་སྙན་ངག་ནི་དུས་རབས་ཀྱི་དུང་སྒྲ་ཡིན་ཞེས་པ་ལྟར་གླུ་དབྱངས་ཡིན་ལ་སྙན་ངག་ཀྱང་ཡིན་པའི་བོད་གཞས་རྣལ་མ་འདི་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་སྤྱི་ཚོགས་ཧྲིལ་བོའི་རྒུལ་ཤུགས་ཀྱི་འཕར་རྩ་དངོས་མ་ཞིག་དང་སྒ་སྐྱེ་དགུའི་གནོད་ཐེབས་ས་ཁུལ་གྱི་མི་དམངས་ཁྲི་སྟོང་མང་བོའི་ཉམས་ཆག་སེམས་ཀྱི་གསོས་སྨན་མཆོག་ཤོས་ཤིག་ཏུ་གྱུར་ཡོད་ངེས།
         དེ་བས་གླུ་དང་གླུ་དབྱངས་ལས་མ་ཚད་ད་དུང་རྒྱུ་དངོས་གང་རུང་གི་ཆ་ནས་ཐེངས་འདིིའི་སྒ་སྐྱེ་དགུའི་གནོད་ཐེབས་མང་ཚོགས་ལ་རོགས་རམ་གྱི་ཀུན་སློང་ཡང་དག་འཛིན་མཁན་དག་ལ་ཁ་མིན་སྙིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། 
                                                                                                                                                                                                           2010.6.7ཉིན་ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རུས་རྐང་གི་འབོད་པ།

2010-06-09 རོང་སྐྱེས་དོན་གྲུབ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།