མཁའ་རུ་འབར་བའི་མི་ཚོཊ་ཤིག

རྒོད་རྒྱལ་བློ་ཕུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-09

    རྩྭ་ཐང་ན་ནོར་ལུག་གིས་འཕག་མཆོངས་བྱེད་དུས་སུ།དགུང་ཨ་སྔོན་གྱི་མཐོངས་སུ་སྤྲིན་རིམ་གྱི་འགྱུར་བག་ངོམས་དུས་སུ།རྒྱང་རིང་གི་ས་ན།ངའི་རྐང་རྗེས་དང་བདེ་སྡུག་གི་རྩ་བ་འཚོལ་བའི་ས་མཐའ་དེ་ན།ནོར་ལུག་གི་ཆེད་དུ་འཚོ་གནས་ལ་འགྲེལ་པ་བྱེད་མཁན་མང་དག་ལུས་ཡོད།སྙིང་རྗེ་དང་རྒྱུ་འབྲས་ལ་ཐོད་པ་གཏུཊ་མཁན་མང་དག་བཞུཊ་ཡོད།   
   མེ་ཏོག་བཞད་དུས་སུ།ནོར་ལུག་གི་མཐའ་ནས་སྐོར་ཞིང་བདེ་སྡུག་གི་གནས་མལ་སྲུང་བའི་སྙིང་རྗེ་དང་རྒྱུ་འབྲས་ཀྱི་ཞབས་སྔར་གུས་ཕྱག་ཕུལ་མཁན་ཁྱེད་ཚོ།ངའི་སེམས་ཁོང་གི་ཉི་མ་དེ་ཡིན་གྱི་གཏན་ནས་ཡིན།ས་མཐའི་པང་ཁར་མེ་ཏོག་གི་ཚོམ་བུ་ཁྲ་ཆིལ་ཆིལ་དུ་བཞད་དུས།མི་ཚོཊ་ཤིག་གམ་ས་གཞིའི་ཆེན་པོའི་བདག་པོ་སྙིང་རྗེ་ཅན་ཚོ་སླར་ཡང་རྩྭ་ཐང་གི་ཕང་བར་མེ་ཏོག་གི་ཚོམ་བུའི་དབུས་སུ་འཛུམ་གྱིས་དགོད།  རང་བྱུང་ཁམས་ཀྱི་ལྟོ་བར་དཀའ་སྡུག་གི་ཁྲག་ཐིཊ་རེ་བོར་དུས།རི་བོ་ཆེན་པོའི་ལོཊ་ནས་ནམ་མཁའི་མཐོངས་སུ་ཁ་གཏད་དེ་ཀི་འདེབས་མཁན་དེ་སུ་ཡིན།མེ་ཏོག་གི་ཚལ་ནས་ས་མཐའི་ནམ་ཟླར་སྐྱོ་གདུང་གི་རོལ་མོ་དཀྲོལ་མཁན་དེ་སུ་ཡིན།གངས་འཁྱཊ་ཀྱི་སྡུག་གཅོད་སེམས་ལ་རུམ་བཞིན་མིག་མཐའི་མཆི་མ་ས་ལ་བོར་ཆོག་ཆོག་དེ་སུ་ཡིན། དེ་དག་སུ་ཡིན།   
   མེ་ཏོག་བཞད་དུས།མི་ཚོཊ་ཤིག་དེ་ལྟར་ཤུཊ་རིང་དང་ཟུག་རྔུའི་ཁྲོད་རི་བོའི་སྒལ་ཚིཊ་བརྒལ་ནས་ཕྱོཊ་ལ་ཐོན་རན།བྱ་ཁུ་ལོ་འཕུར་དུས།མི་ཚོཊ་ཤིག་དེ་ལྟར་བྲེལ་འཚུབ་དང་དངངས་སྐྲག་ཁྲོད་ཟླ་འོད་འོག་ཡུལ་ལ་ལོག་རན།རེད་ཨང༌།ཁྱེད་ཚོ་ནི་ངའི་སེམས་དབུས་ཀྱི་ཉི་མ་དམར་བོ་དེ་ཡིན།མཚན་དགུང་གི་ཟླ་དཀར་ཡིན་ལ་ཉིན་འཆར་གྱི་ཉི་མ་ཡིན།གཏན་དུ་ནས་དེ་ལྟར་ལགས།
                                                              2010ལོའི་ཟླ་2ཚེས་20ཉིན་ས་མཐའ་ནས་བྲིས། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་རུ་འབར་བའི་མི་ཚོཊ་ཤིག

2010-06-09 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།

    རྩྭ་ཐང་ན་ནོར་ལུག་གིས་འཕག་མཆོངས་བྱེད་དུས་སུ།དགུང་ཨ་སྔོན་གྱི་མཐོངས་སུ་སྤྲིན་རིམ་གྱི་འགྱུར་བག་ངོམས་དུས་སུ།རྒྱང་རིང་གི་ས་ན།ངའི་རྐང་རྗེས་དང་བདེ་སྡུག་གི་རྩ་བ་འཚོལ་བའི་ས་མཐའ་དེ་ན།ནོར་ལུག་གི་ཆེད་དུ་འཚོ་གནས་ལ་འགྲེལ་པ་བྱེད་མཁན་མང་དག་ལུས་ཡོད།སྙིང་རྗེ་དང་རྒྱུ་འབྲས་ལ་ཐོད་པ་གཏུཊ་མཁན་མང་དག་བཞུཊ་ཡོད།   
   མེ་ཏོག་བཞད་དུས་སུ།ནོར་ལུག་གི་མཐའ་ནས་སྐོར་ཞིང་བདེ་སྡུག་གི་གནས་མལ་སྲུང་བའི་སྙིང་རྗེ་དང་རྒྱུ་འབྲས་ཀྱི་ཞབས་སྔར་གུས་ཕྱག་ཕུལ་མཁན་ཁྱེད་ཚོ།ངའི་སེམས་ཁོང་གི་ཉི་མ་དེ་ཡིན་གྱི་གཏན་ནས་ཡིན།ས་མཐའི་པང་ཁར་མེ་ཏོག་གི་ཚོམ་བུ་ཁྲ་ཆིལ་ཆིལ་དུ་བཞད་དུས།མི་ཚོཊ་ཤིག་གམ་ས་གཞིའི་ཆེན་པོའི་བདག་པོ་སྙིང་རྗེ་ཅན་ཚོ་སླར་ཡང་རྩྭ་ཐང་གི་ཕང་བར་མེ་ཏོག་གི་ཚོམ་བུའི་དབུས་སུ་འཛུམ་གྱིས་དགོད།  རང་བྱུང་ཁམས་ཀྱི་ལྟོ་བར་དཀའ་སྡུག་གི་ཁྲག་ཐིཊ་རེ་བོར་དུས།རི་བོ་ཆེན་པོའི་ལོཊ་ནས་ནམ་མཁའི་མཐོངས་སུ་ཁ་གཏད་དེ་ཀི་འདེབས་མཁན་དེ་སུ་ཡིན།མེ་ཏོག་གི་ཚལ་ནས་ས་མཐའི་ནམ་ཟླར་སྐྱོ་གདུང་གི་རོལ་མོ་དཀྲོལ་མཁན་དེ་སུ་ཡིན།གངས་འཁྱཊ་ཀྱི་སྡུག་གཅོད་སེམས་ལ་རུམ་བཞིན་མིག་མཐའི་མཆི་མ་ས་ལ་བོར་ཆོག་ཆོག་དེ་སུ་ཡིན། དེ་དག་སུ་ཡིན།   
   མེ་ཏོག་བཞད་དུས།མི་ཚོཊ་ཤིག་དེ་ལྟར་ཤུཊ་རིང་དང་ཟུག་རྔུའི་ཁྲོད་རི་བོའི་སྒལ་ཚིཊ་བརྒལ་ནས་ཕྱོཊ་ལ་ཐོན་རན།བྱ་ཁུ་ལོ་འཕུར་དུས།མི་ཚོཊ་ཤིག་དེ་ལྟར་བྲེལ་འཚུབ་དང་དངངས་སྐྲག་ཁྲོད་ཟླ་འོད་འོག་ཡུལ་ལ་ལོག་རན།རེད་ཨང༌།ཁྱེད་ཚོ་ནི་ངའི་སེམས་དབུས་ཀྱི་ཉི་མ་དམར་བོ་དེ་ཡིན།མཚན་དགུང་གི་ཟླ་དཀར་ཡིན་ལ་ཉིན་འཆར་གྱི་ཉི་མ་ཡིན།གཏན་དུ་ནས་དེ་ལྟར་ལགས།
                                                              2010ལོའི་ཟླ་2ཚེས་20ཉིན་ས་མཐའ་ནས་བྲིས། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།