googleཡོད་པའི་འཚོ་བ།

ཡེ་ཤེས་བསྟན་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-08

    ༄༅། །རྩིས་འཁོར་ནི་དེང་སྐབས་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་ལ། དྲ་འབྲེལ་ཡང་མེད་དུ་མི་རུང་བའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར། དུས་དེ་དང་བསྟུན་ནས་དྲ་ཐོག་ཏུ་རིན་མེད་དང་རིན་ཡོད་ཀྱི་ཞབས་ཞུ་འདྲ་མིན་སྣ་ཚོགས་ཐོན་དང་འཐོན་བཞིན་ཡོད་པས་ང་ཚོས་ཀྱང་བེད་སྤྱོད་བྱས་དང་བྱེད་མུས་ཡིན། འོན་ཀྱང་། ཞབས་ཞུའི་རྣམ་གྲངས་སྐར་ཚོགས་ལས་མང་བའི་ནང་ནས་ལེགས་འདེམས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། སྤྱིར་དྲ་འབྲེལ་ལ་རྒྱུས་མངའ་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན། Googleབེད་སྤྱོད་བཏང་མྱོང་ཡོད་རྒྱུ་རེད་ལ། ཐ་ན་མི་ཁ་ཤས་ཀྱིས་Googleམེད་ན་འཚོ་བའི་བསྐྱལ་སྟངས་ཀྱང་ཁག་པོར་འགྲོ་ངེས་རེད་ཅེས་བཤད་ཀྱི་འདུག་དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། གཤམ་གྱི་Googleཞབས་ཞུ་དང་Googleནུས་པ་ཁག་ལ་གཟིགས་རོགས། Googleཐོ་འགོད་བྱས་ན་དེའི་ཞབས་ཞུ་དང་ནུས་པ་ཚང་མ་ལོངས་སྤྱོད་བྱེད་ཐུབ། གཤམ་འོག་གི་ཞབས་ཞུ་ཚང་མའི་ནང་བོད་ཡིག་དབྱིན་རྒྱ་དང་གཅིག་མཚུངས་ཀྱིས་བེད་སྤྱོད་བྱེད་ཐུབ།
༡ Google Web Search http://www.google.com
Googleནང་༼བོད་༽ཅེས་པའི་མིང་ཚིག་དེ་གཏག་ནས་འཚོལ་ཞིབ་བྱས་ན་དྲ་ངོས་སུ་བོད་ཡིག་གི་དྲ་ཚིགས་དང་བོད་ཡིག་གི་དཔྱད་གཞི་ཐོན་པ་རེད། དེ་ཡང་Googleནི་འཛམ་གླིང་ཐོག་འཚོལ་ཞིབ་ཀྱི་དྲ་ཚིགས་ཡག་ཤོས་རེད་ལ། རང་ལ་དགོས་པའི་དཔྱད་གཞི་མ་རྙེད་པའི་གནས་ཚུལ་སྤྱིར་བཏང་འཕྲད་སྲིད་ཀྱི་མ་རེད།
༢ Gmail http://mail.google.com/
Gmail ནི་འཛམ་གླིང་ཐོག་ཆེས་མིང་གྲགས་ཡོད་པའི་གློག་རྡུལ་ཡིག་སྒམ་ཡག་ཤོས་ཤིག་རེད། དེའི་ཁྱད་ཆོས་གཙོ་བོ་ནི་གཤོང་ཚད་ཆེ་བ། བདེ་འཇགས་ལྡན་པ། རང་འདོད་ཀྱི་སྒྲོམ་གཞི་(模板)འདེམས་པ། ཡི་གེ་འཚོལ་ཞིབ་བྱེད་པ། ཡིག་སྒམ་ནང་བརྡ་སྦྱོར་མེད་པ། ཁམས་དྭངས་པ། མིག་ལ་མཛེས་པ། བློ་ལ་འགྲོ་བ་སོགས་ཀྱི་ཁྱད་ཆོས་ཡོད།
༣ Google Reader http://www.google.com/reader
Reader འདི་ནི་དྲ་ཐོག་ཏུ་དྲ་ཚིགས་དང་མི་གཞན་གྱི་ཟིན་བྲིས་སོགས་མངགས་ནས་རང་ཉིད་ཀྱི་གང་འདོད་ལྟ་ཐུབ་པའི་མངག་བལྟའི་དྲ་ཐོག་ཡོ་བྱད་ཅིག་རེད། དེང་སྐབས་མི་མང་པོ་ཞིག་ལ་ཞོགས་པ་ཡར་ལངས་རྗེས་Google Readerཁ་ཕྱེ་ནས་རང་གིས་མངགས་པའི་གསར་འགྱུར་དང་ཟིན་བྲིས། རྩོམ་ཡིག་སོགས་ལྟ་བའི་གོམས་གཤིས་ཤིག་ཡོད་ལ། དེས་དུས་ཚོད་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ་པ་མ་ཟད། མངགས་པའི་ཆ་འཕྲིན་ཚང་མ་རང་ལ་དགོས་པ་ཤ་སྟག་ཡིན་པས་ཧ་ཅང་སྟབས་བདེ་པོ་ཡོད།
༤ FeedBurner http://feedburner.google.com
འདི་ནི་ཆེད་མངགས་Google Readerལ་ཞབས་འདེགས་ཞུ་བའི་ལག་ཆ་ཞིག་རེད། རང་ཉིད་ཀྱི་དྲ་ཚིགས་དང་ཟིན་བྲིས། ཡང་ན་རང་ཉིད་ཀྱི་ལྟ་འདོད་པའི་དྲ་ཚིགས་དང་ཟིན་བྲིས་སོགས་ཚང་མ་དེའི་ནང་དུ་ཉར་ཚགས་བྱེད་ཆོག དེ་ནས་ཁོས་ཉར་ཚགས་དྲ་གནས་ཤིག་མཁོ་འདོན་བྱེད་ངེས། དྲ་གནས་དེ་རང་གཞན་ཚང་མས་མངགས་ལྟ་བྱེད་ཆོག དེའི་དགེ་མཚན་གཙོ་བོ་དེ་རྒྱལ་ནང་དུ་ཁ་ཕྱེ་མི་ཐུབ་པའི་ཟིན་བྲིས་ཚང་མ་དྲ་གནས་ཉར་ཚགས་བྱས་ནས་མངགས་ལྟ་བྱེད་ཐུབ།
༥ Notebook http://www.google.com/notebook
འདི་ནི་དྲ་ཐོག་གི་ཟིན་ཐོ་ཞིག་རེད། ནམ་རྒྱུན་དྲ་ཐོག་ཏུ་རྩོམ་དང་པར་སོགས་ཡག་པོ་རྙེད་དུས་དེའི་ནང་ཉར་ཚགས་བྱས་ཆོག་ལ་རང་འདོད་ཀྱི་རྩོམ་དང་པར་བླུགས་ཀྱང་ཆོག་ཅིང་རིགས་དབྱེ་བྱས་ཏེ་གསོག་འཇོག་བྱས་ཀྱང་ཆོག དེ་ནི་ཧ་ཅང་སྟབས་བདེ་བའི་ཐབས་ཤེས་ཤིག་རེད་ལ་རང་ཉིད་ལ་ཕན་ཐོགས་ཆེན་པོ་སྐྲུན་ངེས་རེད།
༦ Googleཡིག་ཚགས། http://docs.google.com/
དེ་ནི་དྲ་ཐོག་གི་officeཞིག་རེད། དེའི་ནུས་པ་ནི་རྩིས་འཁོར་ནང་གི་Microsoft Officeདང་སྤྱིའི་ཆ་ནས་གཅིག་པ་ཡིན་པ་མ་ཟད། དེ་ལས་ཀྱང་སྟབས་བདེ་དང་ཐད་ཀར་དྲ་ཐོག་ལས་ཀ་སྒྲུབ་ཐུབ་པ། ཡིག་ཆ་རྣམས་གྲོགས་པོ་དང་མཉམ་སྤྱོད་བྱེད་ཐུབ་པ། ཐེངས་དེའི་༼རྨུ་ཐག་༽ཡིག་བསྒྱུར་གཅིག་མཐུན་གྱི་བརྟག་དཔྱད་འདྲི་གཞི་ཡང་ཤོག་ཐོག་བརྟག་དཔྱད་བྱས་པ་ཕུད་དེ་མིན་Googleཡིག་ཚགས་ནང་གི་Form(Excel)བེད་སྤྱོད་ནས་དྲ་ཐོག་ཏུ་བརྟག་དཔྱད་བྱས་ཡོད་ལ། ཧ་ཅང་གི་སྟབས་བདེ་པོ་འདུག
༧ Google Groups http://groups.google.com/
Googleགླེང་སྟེགས་དེ་ཁྱབ་ཁོངས་ཆེན་པོ་མེད་ཀྱང་། དེ་ནི་མི་ཉུང་ཤས་ཤིག་གམ་ཡང་ན་གྲོགས་པོ་ནང་ཚགས་དབར་ནམ་རྒྱུན་དྲ་ཐོག་ཐོན་ཁུངས་དང་དཔྱད་གཞིའི་རིགས་ལ་མཉམ་སྤྱོད་དང་གནད་དོན་ལ་བགྲོ་གླེང་བྱེད་སའི་གླེང་སྟེགས་ཡག་ཤོས་ཤིག་རེད།
༨ Google Page Creator(Google site)http://pages.google.com/
དེ་ནི་རིན་མེད་དྲ་ཚིགས་བཟོ་བ་དང་གཤོང་ཚད་100MB ཡོད་པའི་ཞབས་ཞུ་ཞིག་རེད། རྨུ་ཐག་དུས་དེབ་ཀྱི་དྲ་ཚིགས་ཀྱང་ཞབས་ཞུ་དེ་བེད་སྤྱད་ནས་བཟོས་པ་རེད། འོན་ཀྱང་ད་ལྟ་རང་འདོད་ཀྱི་དྲ་ཚིགས་བཟོ་བའི་ཞབས་ཞུ་དེ་སྒོ་བརྒྱབ་ནས་Google site ཞེས་པའི་ཞབས་ཞུ་གསར་པ་ཞིག་ཏུ་གྱུར་འདུག དེའི་ནང་དུ་སྤྱིར་བཏང་གི་དྲ་ཚིགས་བཟོས་ཆོག་མོད། འོན་ཀྱང་གཤོང་ཚད་མི་འདུག

རྨུ་ཐག་དྲ་ཚིགས། http://tbmuthak.googlepages.com
ཁ་ཆེ་ཕ་ལུ། http://kachepalu.googlepages.com/
དེ་མིན་Googleལ་ད་དུང་ཞབས་ཞུའི་རྣམ་གྲངས་PicasaWebཔར་མཛོད། Bloggerཟིན་བྲིས། Google Videoབརྙན་ཟློས། Google Musicསྒྲ་དབྱངས། Google Mapsས་ཁྲ། Google Earthའཇིག་རྟེན། Google Translateལོ་ᪿ། Google Desktopཅོག་ཙེ། Google Booksདཔེ་ཁང་། Googleགཏག་ཆས་དང་YouTubeསོགས་མང་པོ་ཡོད།
Googleཡོད་ན་དྲ་ཐོག་གི་འཚོ་བ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་ཐུབ་ལ། རང་ཉིད་ཀྱི་འཚོ་བའི་ཆུ་ཚད་དང་འཚོ་བའི་ཁོར་ཡུག བསམ་པའི་འཁྱེར་སོ། མཐོང་རྒྱ་དང་ཐོས་རྒྱ་སོགས་གང་ཅིའི་ཐད་ལ་ཤན་ཤུགས་ཆེན་པོ་ཐེབས་ཐུབ། དེར་བརྟེན་Googleཞབས་ཞུ་ཁག་བེད་སྤྱོད་ལེགས་པར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་བོད་ཀྱི་དྲ་བར་འཇུག་མཁན་ཚོས་Googleཞབས་ཞུ་ཁག་གི་ནང་བོད་ཡིག་ལེགས་པར་བེད་སྤྱོད་དགོས། གལ་ཏེ་Googleནང་བོད་ཡིག་བེད་སྤྱོད་མ་བྱས་པ་དང་བེད་སྤྱོད་མཁན་ཉུང་ཉུང་ཡིན་ན་Googleཀུང་སིས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་མ་རེད་ལ། བོད་ཡིག་དྲ་ཐོག་ཏུ་དར་སྤེལ་དང་ཁྱབ་གདལ་སོགས་ལ་རོགས་པ་བྱེད་སྲིད་ཀྱི་མ་རེད། དེ་བས། ད་ལྟ་Googleཀུང་སིས་རྒྱུད་ཁོངས་གསར་བཟོ་བྱས་ཚར་བ་མ་ཟད་ཁྲོམ་རར་བཀྲམས་ཟིན། དེར་བརྟེན། ང་ཚོས་ཕྱོགས་གཅིག་ནས་Googleཞབས་ཞུ་ཁག་ལེགས་པར་སྤྱོད་དགོས་ལ། ཕྱོགས་གཞན་ཞིག་ནས་Googleཞབས་ཞུ་ཁག་གི་ནང་བོད་ཡིག་གི་ཆ་འཕྲིན་ཇེ་མང་དུ་གསར་བསྐྲུན་བྱེད་དགོས། དེའི་ཐད་བོད་རིགས་སློབ་ཆེན་པ་རྣམས་ལ་བསམ་བློ་དང་མིག་རྒྱང་རིང་ཙམ་དགོས་ངེས་རེད་འདུག དོན་དངོས་འཚོ་བའི་ཁྲོད་ལག་བསྟར་ཡང་མཐར་ཕྱིན་པ་གཏོང་དགོས། དེ་ལྟར་མི་རིང་བར་དྲ་ཐོག་གི་བོད་ཡིག་ཆ་འཕྲིན་ནམ་མཁའི་སྐར་ཚོགས་ལྟར་ཡོང་ངེས་རེད་ལ། བོད་ཡིག་གི་དྲ་འབྲེལ་སྐད་དབང་ཡང་མེད་པ་ནས་ཡོད་པ། ཡོད་པ་ནས་སྟོབས་ཤུགས་ཆེ་རུ་འགྲོ་ངེས་རེད། །
 
རྩོམ་ཁུངས། རྨུ་ཐག་དུས་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

googleཡོད་པའི་འཚོ་བ།

2010-06-08 ཡེ་ཤེས་བསྟན་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།