ཕྱིར་དྲན།

---བུ་མོའི་རང་ལོ་དྲུག་པའི་སྐྱེས་སྐར་དུ།

        ཞོགས་ལྗོངས་དེར།  ཨ་ཕས་ཁྱེད་ཀྱི་མི་ལོ་གསུམ་པའི་ཚེ་སྲོག་ཆུང་ཆུང་དེ། ཨུ་ཚུགས་དང་ཕུགས་བསམ་གྱིས་བཏེགས་ཏེ་ལམ་ལ་ཆས་པའི་ཞོགས་ལྗོངས་དེར།  སྟོན་ལྗོངས་རིང་མོ་དེའི་འབྲུ་དྲུག་ལྡེམ་མྱུར་ལ་བྲེལ་ཞིང་།  ཕུགས་འདུན་ལྗང་ཁུ་དེའི་དྲོད་རླབས་སྙིང་དབུས་སུ་འཕྱུར་ནའང་།  མི་ལོ་གསུམ་ལ།  ཨ་མའི་བྱམས་བརྩེ་དང་ཨ་ཡེའི་གཉོར་སྐྱོང་འོག་འཚར་ལོངས་བྱུང་བའི་ཁྱོད་ཀྱི་མིག་ཟུང་དེ་ཇི་འདྲའི་སྙིང་རྗེ་བ་ལ་ཨང་།    ནག་ཀེམ་ཀེམ།  ཁུ་སིམ་མེར།  ཨ་ཕའི་ངོ་གདོང་ལ་ཅེར་བའི་རྣམ་པ་དེར་གཞིགས་ན། གཞི་ནས་ཞོགས་པར་ཨ་མས་བཤད་པའི་སྐད་ཆ་དག་①མགོ་གཡོགས་མགོ་སྐོར་གྱི་དྲང་གཏམ་མིན་པ་ག་ལ་ཤེས། 
                                                          ༢
ས་སྲོད་དེར།  ངེད་གཉིས་མི་ཚོགས་ཀྱི་འདུ་འགོད་ཁྲོད་ནས།  ཟི་ལིང་མེ་འཁོར་འབབ་ཚིགས་སུ་སླེབས་པའི་ས་སྲོད་དེར།  ཞིང་གྲོང་གི་ཁང་མིག་ལས་བརྒལ་མ་མྱོང་བའི་ཁྱོད་ཀྱི་སེམས་པ་ཆུང་ཆུང་དེ།  གཞི་ནས་ཧ་ལས་པ་ཡིན་ནམ་ཧང་སང་པ་ཡིན།  གྲགས་འགུལ་ཅི་ཡང་མེད་པར།  ཉམ་ཐག་པའི་མིག་ཟུང་གིས།  གྲོང་ཁྱེར་གྱི་ཁང་བརྩེགས་དང་རླངས་འཁོར་གྱི་འདུ་འཛི་མཚར་སྣང་གིས་ཀློག་གིན། ཞོགས་པར་ཨ་མས་སྤྲད་པའི་ཤེལ་དེམ་གྱི་འོ་ཇ་དེ་ཤུགས་ཀྱིས་འཇིབ་ཞོར་“ཨ་ཕ།  འདི་ཡ་རྫི་ཨེ་རེད།”ཟེར། 

མཚན་མོ་དེར།  མཚོ་བོད་མཐོ་སྒང་གི་ལྕགས་ལམ་སྟེང་དུ།  མེ་འཁོར་ནི་གཡུ་འབྲུག་སྔོན་མོས་ངར་སྐད་འབྱིན་བཞིན།  མགྱོགས་མྱུར་གྱིས་དབུས་ལམ་རིང་མོ་བརྒྱུད་དུས།  ཁྱོད་ཀྱིས་གཞི་ནས་ཡ་རྫི་མིན་པ་རྟོགས་སོང་ངམ་ཅི།  སྐྱོ་ཉམས་དང་འཁང་རའི་མིག་མདངས་གཉོམ་པོས།  ཨ་ཕ་ལ་ཡང་ཡང་ལྟ་ཞོར།  ཨ་མ་འཚོལ་བའི་སེམས་འདུན་དེ་ཐོལ་གྱིས་འཕྱུར་ཏེ་“ཨ་ཕ།  ངེད་གཉིས་རྨ་ཆུ་ལ་འགྲོ་བ་ཨེ་རེད”②ཟེར།
                                                
པོ་ཏཱ་ལ་ནི།  སྔར་བཞིན་བརྗིད་ཉམས་ཀྱིས་མཛེས་ཤིང་། ལོ་རྒྱུས་དང་ཟུངས་ཁྲག་གིས་བརྐོས་པའི་རྡོ་ཐེམ་རེ་རེར། ཨ་ཕས་ཁྱོད་རང་རྒྱབ་ལ་ཁུར་ཏེ། རེ་ལྟོས་དང་ལྷག་བསམ་གྱིས། ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་རེ་རེ་སེམས་པས་ཀློག་གིན། ཕོ་བྲང་དཀར་པོ་ནས་དམར་པོ་དང་། ཆོས་རྒྱལ་སྒྲུབ་ཕུག་ནས་གསེར་གདུང་རྒྱན་གཅིག  རེ་རེ་བཞིན།  ཁྱོད་ཀྱི་ཞོ་གསར་གྱི་ཀླད་གཞུང་ལ་ཁ་དོག་གིས་བྲིས་ཤིང་།   བྱིས་བློའི་ལྷད་མེད་ཀྱི་གཙང་ངོགས་ལ་འཇའ་ཚོན་གྱིས་ཕུབ། 
                                                      ༥
གཞུང་ལས་དང་ཁྱིམ་ལས་ཀྱི་འགལ་འདུའི་བར་ན། འདུར་རྒྱུག་བྱེད་ཀྱིན་པའི་ཁྱོད་ཀྱི་ཨ་ཕ་ནི་ཇི་འདྲའི་ཉམ་ང་བ་ལ་ཨང་།  ཕོ་ལས་དང་མོ་ལས་ཀྱི་བྲེལ་འཚུབ་ཁྲོད་ན།  མི་ཚེའི་གཏམ་རྒྱུད་ཟད་ཀྱིན་པའི་ཁྱོད་ཀྱི་ཨ་ཕ་ནི་ཇི་འདྲའི་དགོད་བྲོ་བ་ལ་ཨང་།  གཉེན་ཉེ་དང་ནང་མི་ཅི་ཡང་མེད་པའི་གྲོང་ཁྱེར་འདིར།  ངེད་གཉིས་ནི་ས་མཐར་འཁྱམས་པའི་བྱེའུ་ཇི་བཞིན།  ཁང་མིག་གྲུ་བཞི་འདིའི་གྲུ་ཟུར་ཞིག་ནས།  ཁྱོད་ཀྱི་མདུན་ལམ་དང་ང་ཡི་འགན་འཁྲིའི་ཆེད་དུ།  ལས་གྲོགས་ཚོའི་མིག་མདུན་གྱི་ཐབས་རྡུགས་ཤིང་།  འུ་ཐུག་པའི་འཚོ་བ་དེ་རོལ་མགོ་བརྩམས།
                                                  ༦
ཨམ་སྐད་ད་དིག་ལས་ཅི་ཡང་མི་ཤེས་པའི་ཁྱོད་ཀྱི་གནས་བབ་ལ་བསམ་བློ་གཏོང་གིན།  ཨ་ཕས་མཚན་མོ་རེ་རེའི་རྒྱབ་ལྗོངས་བསམ་གཞིགས་ཀྱིས་བརྟོལ་ཏེ།  ཁྱོད་ཀྱི་སློབ་གསོའི་གོམ་ཁ་དང་པོ་དེ་སྤོ་སའི་གནས་མལ་ཞིག་སེམས་པས་བཙལ།  བོད་ཡུལ་གྱི་ལྟེ་བར་འཛིན་པའི་ལྷ་ལྡན་གྲོང་དུ།  བོད་ཡིག་དང་བོད་སྐད་འཁྲིད་པའི་བུ་བཅོལ་ཁང་ཉུང་བ་ནི་ཇི་འདྲའི་མཚར་བ་ལ་ཨང་།  ཨ་ཕས་ལས་གྲོགས་ཚོའི་གདམས་ངག་ལྟག་རྒྱབ་ནས་བསྐྱུར་ཏེ།  ཆ་རྐྱེན་གྱིས་ཕྱུག་པའི་བུ་བཅོལ་ཁང་དག་མིག་མདུན་ནས་གཡུགས་ཏེ།  ལྷ་ས་གྲོང་ཁྱེར་དུ་ཁེར་རྐྱང་གིས་འགྱིང་བའི་སྒེར་གཉེར་བུ་བཅོལ་ཁང་ཞིག་སྟེ།  “སྐད་གཉིས་བུ་བཅོལ་ཁང”དེ་ཁྱོད་ཀྱི་ལས་སྐལ་དུ་གདམ་པ་ནི།  ཨ་ཕའི་ཨུ་ཚུགས་ཀྱི་སྒེར་གཅོད་ཅིག་ཡིན་སྲིད་ལ།  ཕ་སྐད་ལ་དུང་ཞེན་ཟབ་པའི་ཕྱོགས་ལྷུང་གི་གདམ་ཀ་ཞིག་ཀྱང་ཡིན་སྲིད་པས།  སྙིང་ནས་དགོངས་དག་ཞུ། བདག་གི་བུ་མོ་ལགས། 
                                                       ༧
ཆེ་རྒྱུ་མེད་པའི་བུ་བཅོལ་ཁང་དེ་ནི།  ལྷ་སའི་ནུབ་གྲོང་གི་གྲུ་ཟུར་ཞིག་ན་ཁེར་རྐྱང་གིས་གནས་པ་སྟེ། “ལྷ་ས་གྲོང་ཁྱེར་དཀྱིལ་སྙིང་སྐད་གཉིས་བུ་བཅོལ་ཁང”ནི་ཇི་འདྲའི་ཡིད་གར་འོང་པའི་སྒོ་བྱང་ཞིག་རེད་ཨང་།  བྱང་བུ་དེའི་དུང་སྙན་གྱིས་འཁྲིད་འོང་བའི་ཨ་ཕས།  ཁྱེད་ཀྱི་མི་ཚེའི་འགྲུལ་བཞུད་ཀྱི་དབུ་ཁྱུད་དེ།  རེ་ལྟོས་དང་དུང་ཞེན་གྱིས་བརླན་པའི་བྱིས་གླིང་འདིར་བྲིས་ཤིང་།  ལྷད་མ་འདྲེས་པའི་ཁྱོད་དང་ཁྱོད་ལྟ་བུའི་སེམས་པ་ཆུང་ཆུང་ཚོའི་དགོད་སྒྲའི་ཁྲོད་ན།  དབུས་སྐད་དང་རྒྱ་སྐད་ཚིག་གཅིག་ཀྱང་མི་གོ་བའི་ཁྱོད་ནི་ཇི་འདྲའི་ཉམ་ཐག་པ་ལ་ཨང་།  སྐྱོ་ཉམས་དང་སུན་སྣང་གི་མིག་ཟུང་དྲོན་མོས། ཨ་ཕའི་རྒྱབ་གཟུགས་ལ་ཅེར་བར་བསམ་ན།  བདག་གི་གོམ་ཁ་དང་མིག་ཟུང་དེ་ཅིའི་ཕྱིར་རབ་རིབ་ཏུ་མི་འགྱུར།

ཕྱི་དྲོ་དེར།  ཁྱོད་རང་བུ་བཅོལ་ཁང་གི་རླངས་འཁོར་ལས་སར་བབས་མ་ཐག  སྔར་མེད་ཀྱི་འཛུམ་མདངས་ཤིག་ཐོད་ཀྱིས་བསུས་ཏེ། ཨ་ཕའི་གམ་དུ་རྒྱུག་འོང་པའི་ཕྱི་དྲོ་དེར།  ཨ་ཕའང་ཡིད་སེམས་གཏིང་ནས་དགའ་མགུས་མྱོས་པ་སྟེ།  མ་གཞི་དེ་ནི་ཁྱོད་རང་ལྷ་སར་ཡོང་རྗེས་ཀྱི་དགོད་སྒྲ་དང་པོ་ཡིན་པས་རེད།  ཁྱོད་ཀྱིས་དགེ་རྒན་གྱིས་སྤྲད་པའི་ཤོག་དམར་གྱི་མེ་ཏོག་ཆུང་ཆུང་དེ་ཨ་ཕར་སྤྲོད་ཞོར།  ཡིད་ཆེས་དང་སྤྲོ་སྣང་གིས་“ཨ་ཕ། དེ་རིང་ངས་ཀྱང་དགའ་རྟགས་བླངས་སོང་”ཟེར། 
                                                    ༩
གློ་བུར་དུ་བྱུང་བའི་“ལྷ་སའི་གསུམ་གཅིག་བཞིའི་དོན་རྐྱེན”③ གྱིས། ཨ་ཕ་དང་ཨ་ཁུ་ཚོ་བདེ་འཇགས་ཀྱི་སྒོ་སྲུང་བར་གྱུར་ཅིང་།  དུས་ཚོད་ཉེར་བཞིའི་འཁོར་བསྐྱོད་ཀྱི་འདུ་འཛིའི་ཁྲོད་ན།  ཁྱོད་ཀྱི་ཨ་ཕ་ནི།  གཞན་གྱི་ཨ་ཕ་ཚོ་ལས་ལས་འགན་ལྕི་ཞིང་།  སེམས་ཁུར་ཆེ་བ་དེ་ཨ་ཕ་རང་ཉིད་ལས་གཞན་སུ་ཞིག་གིས་རྟོགས།  སྟོང་སིང་སིང་དང་ནག་ཐོམ་ཐོམ་གྱི་ཁང་མིག་ཏུ།  ལོ་ངོ་བཞི་ཙམ་གྱི་ཁྱོད་རང་གཅིག་པུ་བསྙལ་རྗེས།  ལས་བགོས་ཀྱི་མཚན་མོ་རེ་རེར།  ལས་ཁུངས་ཀྱི་སྒོ་འགྲམ་དང་།  རང་ཁྱིམ་གྱི་ཁྱོད་གཉིས་བར་འདུར་རྒྱུག་བྱས་པའི་ཚོར་བ་ནི་ཇི་འདྲའི་སྐྱོ་ཞིང་བྲེལ་བ་ལ་ཨང་།

                                                   ༡༠
མཚན་མོ་རེ་རེར།  ཁྱོད་རང་ཨ་མའི་ཁ་པར་གྱི་འཕྲིན་ལམ་ལ་འཇུས་ཏེ།  བརྩེ་བ་དྲོན་མོ་ཞིག་གི་མངར་ཆ་ལ་རོལ་དུས།  ཨ་མདོའི་རྨ་ཆུ་དང་ལྷ་སའི་བར་ཐག་དེ།  ཁྱོད་ཀྱི་དྭངས་གཙང་གི་འཛུམ་མདངས་དང་དགོད་སྒྲས་སྦྲེལ་ཞིང་།  རྨི་ལམ་ལྗང་ཁུའི་ཁ་དོག་ལ་འཆར་ཡན་སྒྲོན་པའི་ཁྱོད་ཀྱི་མིག་ཟུང་ནི།  ཇི་འདྲའི་དྭངས་ཤིང་ལྷད་མེད་པ་ལ་ཨང་།
                                                      ༡༡
མཚན་མོ་དེར།  ནམ་དཀྱིལ་ཞིག་ལ་གློར་བུར་དུ་ཁྱོད་རང་དངངས་སྐྲག་གིས་ཡར་ལངས་འོང་པའི་མཚན་མོ་དེར།  བྱིས་གཉོར་གྱི་ཉམས་མྱོང་ཅི་ཡང་མེད་པའི་ཨ་ཕ་ང་དངོས་ནས་སྐྲག་ཐག་ཆོད་དེ།  ཚ་འཁྲུལ་གྱིས་ཅི་བྱུང་སྨྲ་བའི་ཁྱོད་ཀྱི་མཆུ་སྒྲོས་ཆུང་ཆུང་དེར་འགྲམ་པས་གློན་གྱིན།  མིག་ཟུང་ལ་གཡོ་འགུལ་མེད་པའི་ཁྱོད་ཀྱི་ལུས་ཕུང་ཆུང་ཆུང་དེ་རུམ་ལ་བཅུག་སྟེ།   དགུན་གསུམ་གྱི་མཚན་མུན་བྲེལ་འཚུབ་ཀྱིས་བརྟོལ་ནས།  སྨན་ཁང་དུ་དངངས་རྒྱུག་བྱས་པའི་གོམ་སྟབས་དེ་ཇི་འདྲའི་ལྕི་བ་ལ་ཨང་། 
                                                  ༡༢
ཁྱོད་ཀྱི་སྐྱེས་སྐར་གྱི་རྟེན་འབྲེལ་དེ།  ཐོག་མར་ཁྱོད་རང་ཉིད་ཀྱིས་བཙལ་འོང་པ་སྟེ།  མི་ལོ་སུམ་ཅུའི་རིང་ལ། རང་ཉིད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་མ་མྱོང་བས་ཨ་ཕ་ངས།  ལོ་ངོ་བཞི་ཙམ་གྱི་ཁྱོད་ཀྱི་གསལ་འདེབས་དེ་ནམ་ཡང་བརྗེད་ག་ལ་སྲིད།   “ཨ་ཕ།  དེ་རིང་སྐལ་བཟང་ཆོས་སྒྲོན་གྱིས་སྐྱེས་སྐར་བཏང་སོང་།  འོ་ན་ངའི་སྐྱེས་སྐར་ག་དུས་རེད།”
                                                 ༡༣
ཨ་མའི་དབྱར་གནང་ནི་ཁྱོད་ཀྱི་འཇའ་ཚོན་ཡིན་ལ།   ཨ་མའི་དགུན་གནང་ནི་ཁྱོད་ཀྱི་སྟོན་ལྗོངས་ཡིན་པས།   ཁྱོད་ཀྱི་མཛུབ་ཆེན་དང་མཛུབ་ཆུང་བར་གྱི་ཉིན་མཚན་དེ་དག་ནི་ཇི་འདྲའི་རིང་བ་ལ་ཨང་།
                                                 ༡༤
དུས་ཚོད་ཀྱི་བར་གསེང་རེ་ནས།  ཨ་ཕས་ཆེད་དུ་ཁྱོད་ལ་བཙལ་འོང་པའི་ཁོམ་སྐབས་དེ་དག་ནི།  ཇི་འདྲའི་བརྗེད་དུ་མེད་པའི་རྨི་ལམ་གྱི་ཡོལ་བ་ཞིག་སྟེ།  པོ་ཏཱ་ལའི་ཐང་ཆེན་ནས་བར་སྐོར་དང་།  རྫོང་རྒྱབ་ཀླུ་ཁང་ནས་ལྕགས་པོ་རི།  སེ་འབྲས་དགེ་གསུམ་དང་ཕ་བོང་ཁ།  ད་དུང་ཁྱེད་རང་ཆེས་དགའ་སའི་བྱིས་པའི་རྩེད་གླིང་དེ་དག་ཏུ། ཨ་ཕས་གཞི་ནས། རང་ཉིད་ཨ་ཕ་ཞིག་ཡིན་པའང་བརྗེད་པའི་ཉམས་སྣང་དེ་དག་ནི་ཇི་འདྲའི་དགོད་བྲོ་བ་ལ་ཨང་། 
                                             ༡༥
ལྷ་ས་ནས་ཕ་ཡུལ་ཨ་མདོར་ལོག་ཐེངས་རེར།  ཁྱོད་ཀྱིས་ལེ་བར་སྟོང་ཕྲག་གི་འགྲུལ་བཞུད་དེ་དགོད་སྒྲ་དང་འཛུམ་མདངས་ཀྱིས་བསྐྱེལ་ཞིང་།  ཞེན་ཆགས་དང་དུང་སེམས་ལུས་པའི་བྱིས་དུས་ཀྱི་དྲན་པ་རབ་རིབ།  མེ་འཁོར་གྱི་དྲ་མིག་ལས་རྒྱང་རིང་ལ་བསྲིངས།  ཕ་ཡུལ་ན་ཨ་མ་དང་ཨ་ཡེ་ཡོད་ལ།  ཕ་ཡུལ་ན་ཨ་ཅེ་དང་ཕུ་བོ་ཡོད་པས།  ཁྱོད་ཀྱིས་བྱིས་དུས་ཀྱི་རྩེད་ར་དང་ཞིང་གྲོང་གི་ཡོད་ཚད་ཇི་ལྟར་བརྗེད།  བདག་གི་བུ་མོ་ཡ།  སྐལ་བཟང་སྒྲོལ་མ།
                                                        ༡༦
དེ་རིང་ཡང་།  ཁྱོད་ཀྱི་མི་ལོ་དྲུག་པའི་སྐྱེས་སྐར་ཡིན་པས།  སྔར་བཞིན་ཁྱོད་ཀྱི་གྲོགས་པོ་ཆུང་ཆུང་སྟེ། སྐལ་བཟང་ཆོས་སྒྲོན་དང་བསྟན་འཛིན་ཕུན་ཚོགས་སོགས་ཐོན་ཡོད་ལ།  ད་ལོ་ཁྱོད་ཀྱི་ཨ་མ་དང་ཨ་ནེ་ལྷ་གོ་གཉིས་ཀྱང་སླེབས་ཡོད་པས། ཁྱོད་ཀྱི་སེམས་པ་ནི་དབྱར་ཟླ་དྲུག་པ་ཡིན་ལ། ཁྱོད་ཀྱི་དགོད་སྒྲ་ནི་ཁུ་བྱུག་སྔོན་མོ་རེད་ཨང་།  ཁྱོད་ཚོས་རྒྱ་བོད་དབྱིན་སྐད་ཀྱི་ལམ་ནས་སྐྱེས་སྐར་གྱི་གཞས་ཆུང་བཏང་ཞིང་།  ཁྱོད་ཚོས་ལྷད་མེད་དྭངས་གཙང་གི་དབྱངས་རྟས་བཀྲ་ཤིས་རྟེན་འབྲེལ་ཞུས།  བུ་མོ་ཡ།  ལོ་འཁོར་གསུམ་ཡར་སྔོན་གྱི་ཁྱོད་རང་བསམ་ན།  ཨ་ཕ་ང་དངོས་ནས་དགའ་སྤྲོ་སྐྱེས་འོས་ཏེ།  ད་ལྟ་ཁྱོད་ཀྱིས་ཨམ་སྐད་ཀྱི་རྨང་གཞིའི་སྟེང་དུ། རྒྱ་སྐད་དང་དབུས་སྐད་རྣལ་མ་ཞིག་ཀྱང་བཤད་ཤེས་ལ།  རྒྱ་ཡིག་དང་བོད་ཡིག་ལས་གཞན། དབྱིན་ཡིག་གི་མིང་གསར་འགའ་ཡང་འབྲི་ཤེས་པ་དེ་ནི།  ཨ་ཕའི་དེ་སྔའི་ཨུ་ཚུགས་ཀྱི་འབྲས་བུ་ཅིས་མིན་ཨང་། 
                                                   
                                                                                    ༢༠༠༩.༡༡.༥ཉིན་ལྷ་སར་བྲིས།

མཆན།  ① ཞོགས་པར་ཕ་བུ་གཉིས་ལྷ་སའི་ལམ་ལ་ཆས་ཁར་ཨ་མས་བུ་མོར་མགོ་གཡོགས་པ་སྟེ། “ཨ་ཕས་ཁྱེད་རང་ཡ་རྫི་ལ་འཁྲིད་དེ་ཀ་ར་མང་པོ་ཞིག་ཉོ་རྒྱུ་རེད” ཅེས་བཤད་པ་དེར་ཟེར་བ་ཡིན་ལ།   ཡ་རྫི་ནི་མཚོ་སྔོན་ཞིང་ཆེན་ཞོན་ཧྭ་རྫོང་མཁར་གྱི་བོད་མིང་ཡིན་ལ།  གནས་དེའི་བོད་རིགས་ཚོས་དེ་ལྟར་འབོད། 

② བུ་མོའི་ཨ་མ་ནི་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་ཐོག་ཏུ་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད་ལ།  ཕ་ཡུལ་གྱི་ཨ་ཡེས་དུས་རྒྱུན་བུ་མོར་མགོ་གཡོགས་དུས་“ཁྱེད་རང་ལག་ཆགས་རྗེས་ངེད་གཉིས་རྨ་ཆུར་ཨ་མ་འཚོལ་དུ་འགྲོ”ཞེས་ལབ་པས་ཡིན།

③   ལུགས་གསར་གྱི་སྤྱི་ལོ་༢༠༠༨ལོའི་ཟླ་༣པའི་ཚེས་༡༤ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་བྱུང་བའི་དོན་རྐྱེན་དེར་ཟེར་བ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་དྲན།

2010-05-28 སྐལ་རྒྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།