ཁྱི་རྒྱ་ནག་གིས་བྱིས་པ་སྐྱབས་པ།

རྒྱ་ཚོགས་ཟླ་མཛེས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-13

        གཉན་པོ་གཡུ་རྩེའི་ཉེ་འགྲམ་ཀྱི་འབྲོག་ཁྱིམ་ཞིག་གིས་བྱིས་པ་བཙས་ནས་ཟླ་བ་ཁ་ཤས་ལས་མ་སོང་བ་ཞིག་ཡོད་པ་ཁྱིམ་དུ་བསྙལ་ནས་ཁྱིམ་མི་ཚང་མ་རི་མགོར་དབྱར་རྩ་དགུན་འབུ་བརྐོ་བར་ཕྱིན།རི་རྩེར་བསླེབས་རྗེས་ཕྱིར་སྦྲ་ནག་ལ་བལྟས་པས་སྦྲ་ནག་ལ་མེ་མཆེད་དེ་དུ་བས་ནམ་མཁའ་བཀང་འདུག རི་མགོ་དེར་ཡོད་པའི་དབྱར་རྩ་རྐོ་མི་ཚང་མ་མེ་གསོད་དུ་རི་གཤམ་དུ་རྦབ་རྡོ་འདྲིལ་བ་ལྟར་རྒྱུག་ཅིང་ལྷག་པར་བྱིས་པའི་ཕ་མ་གཉིས་ཀྱིས་སྐད་ཆེན་པོས་ཆོ་ངེ་འདོན་གྱིན་རྒྱུག  ཁོ་ཚོ་སྦྲ་ཟུར་ལ་ཐོན་སྐབས་སྦྲ་ནག་ས་ལ་འགྱེལ་ཞིང་རེ་ལྡེབས་ཚིག་པའི་གཞོབ་དྲི་གང་སར་འཐུལ་ཞིང་མེ་མདག་གིས་གདུ་ལྷོག་རྒྱག་གིན་འདུག བྱིས་པའི་མ་ལོས་ངུ་འབོད་བཅས་ཕྱེ་ལེབ་མར་མེར་ལྕེབས་པ་ལྟར་ཚམ་ཚོམ་མེད་པར་མེ་ནང་དུ་མཆོང་སྟེ་ངའི་གཅེས་ཕྲུག་ཟེར་གྱིན་མེ་ལྕེས་གཡོགས་པའི་ཅ་ལག་རྣམས་ཕར་གཡུགས་ཚུར་གཡུགས་བྱས་ཏེ་བྱིས་པ་བཙལ་ཡང་བྱིས་པའི་ངུ་སྐད་ཙམ་ཡང་གོ་རྒྱུ་མ་བྱུང་བས་མོ་དྲན་མེད་དུ་བརྒྱལ། མེ་གསོད་མཁན་རྣམས་ཀྱིས་ཁོ་མོ་སྐྱོར་ཏེ་ཡོད་སྐབས་གློ་བུར་དུ་བྱིས་པ་ཞིག་གི་ངུ་སྐད་གཉོམ་དུང་ངེ་བ་ཞིག་དེར་ཡོད་ཀྱི་མི་ཀུན་གྱིས་ཐོས།བློ་ཡུལ་ལས་འདས་པ་ཞིག་ལ་ཁྱི་རྒན་རྒྱ་ནག་གིས་སྙིང་ཉེ་བའི་བྱིས་པ་ཆུང་ངུ་དེ་འཛོང་ཁུག་བཅས་ཁ་རུ་བཟུང་སྟེ་གད་ཁ་ཞིག་ཡོད་པ་དེ་ནས་ཚུར་འོང་གིན་འདུག དེ་ནི་སྦྲ་ནག་མེ་ཤོར་བ་ཁྱི་རྒན་རྒྱ་ནག་གིས་མཐོང་རྗེས་འདོགས་རྩ་སོ་ཡིས་བཅད་དེ་རྒྱུག་ནས་བྱིས་པ་མྱུར་སྐྱོབ་བྱས་ཤིང་།བྱིས་པའི་ཨ་མ་བསླེབས་པ་མཐོང་འཕྲལ་ཁྱི་རྒན་གྱིས་སླར་ཡང་བྱིས་པ་དེ་མ་ལ་སྤྲོད་དུ་འོང་བ་རེད།ཅང་མ་འགོར་བར་གསར་འགྱུར་དེ་བོད་ཁམས་ཡོངས་ལ་ཁྱབ་ཅིང་འགྲོ་བ་མིའི་རིགས་ལ་འདྲི་རྟགས་ཆེན་པོ་ཞིག་བཀོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི་རྒྱ་ནག་གིས་བྱིས་པ་སྐྱབས་པ།

2010-05-13 རྒྱ་ཚོགས་ཟླ་མཛེས། ཀློག་གྲངས། མཆན ཡོད།

        གཉན་པོ་གཡུ་རྩེའི་ཉེ་འགྲམ་ཀྱི་འབྲོག་ཁྱིམ་ཞིག་གིས་བྱིས་པ་བཙས་ནས་ཟླ་བ་ཁ་ཤས་ལས་མ་སོང་བ་ཞིག་ཡོད་པ་ཁྱིམ་དུ་བསྙལ་ནས་ཁྱིམ་མི་ཚང་མ་རི་མགོར་དབྱར་རྩ་དགུན་འབུ་བརྐོ་བར་ཕྱིན།རི་རྩེར་བསླེབས་རྗེས་ཕྱིར་སྦྲ་ནག་ལ་བལྟས་པས་སྦྲ་ནག་ལ་མེ་མཆེད་དེ་དུ་བས་ནམ་མཁའ་བཀང་འདུག རི་མགོ་དེར་ཡོད་པའི་དབྱར་རྩ་རྐོ་མི་ཚང་མ་མེ་གསོད་དུ་རི་གཤམ་དུ་རྦབ་རྡོ་འདྲིལ་བ་ལྟར་རྒྱུག་ཅིང་ལྷག་པར་བྱིས་པའི་ཕ་མ་གཉིས་ཀྱིས་སྐད་ཆེན་པོས་ཆོ་ངེ་འདོན་གྱིན་རྒྱུག  ཁོ་ཚོ་སྦྲ་ཟུར་ལ་ཐོན་སྐབས་སྦྲ་ནག་ས་ལ་འགྱེལ་ཞིང་རེ་ལྡེབས་ཚིག་པའི་གཞོབ་དྲི་གང་སར་འཐུལ་ཞིང་མེ་མདག་གིས་གདུ་ལྷོག་རྒྱག་གིན་འདུག བྱིས་པའི་མ་ལོས་ངུ་འབོད་བཅས་ཕྱེ་ལེབ་མར་མེར་ལྕེབས་པ་ལྟར་ཚམ་ཚོམ་མེད་པར་མེ་ནང་དུ་མཆོང་སྟེ་ངའི་གཅེས་ཕྲུག་ཟེར་གྱིན་མེ་ལྕེས་གཡོགས་པའི་ཅ་ལག་རྣམས་ཕར་གཡུགས་ཚུར་གཡུགས་བྱས་ཏེ་བྱིས་པ་བཙལ་ཡང་བྱིས་པའི་ངུ་སྐད་ཙམ་ཡང་གོ་རྒྱུ་མ་བྱུང་བས་མོ་དྲན་མེད་དུ་བརྒྱལ། མེ་གསོད་མཁན་རྣམས་ཀྱིས་ཁོ་མོ་སྐྱོར་ཏེ་ཡོད་སྐབས་གློ་བུར་དུ་བྱིས་པ་ཞིག་གི་ངུ་སྐད་གཉོམ་དུང་ངེ་བ་ཞིག་དེར་ཡོད་ཀྱི་མི་ཀུན་གྱིས་ཐོས།བློ་ཡུལ་ལས་འདས་པ་ཞིག་ལ་ཁྱི་རྒན་རྒྱ་ནག་གིས་སྙིང་ཉེ་བའི་བྱིས་པ་ཆུང་ངུ་དེ་འཛོང་ཁུག་བཅས་ཁ་རུ་བཟུང་སྟེ་གད་ཁ་ཞིག་ཡོད་པ་དེ་ནས་ཚུར་འོང་གིན་འདུག དེ་ནི་སྦྲ་ནག་མེ་ཤོར་བ་ཁྱི་རྒན་རྒྱ་ནག་གིས་མཐོང་རྗེས་འདོགས་རྩ་སོ་ཡིས་བཅད་དེ་རྒྱུག་ནས་བྱིས་པ་མྱུར་སྐྱོབ་བྱས་ཤིང་།བྱིས་པའི་ཨ་མ་བསླེབས་པ་མཐོང་འཕྲལ་ཁྱི་རྒན་གྱིས་སླར་ཡང་བྱིས་པ་དེ་མ་ལ་སྤྲོད་དུ་འོང་བ་རེད།ཅང་མ་འགོར་བར་གསར་འགྱུར་དེ་བོད་ཁམས་ཡོངས་ལ་ཁྱབ་ཅིང་འགྲོ་བ་མིའི་རིགས་ལ་འདྲི་རྟགས་ཆེན་པོ་ཞིག་བཀོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།