སྤྱི་ཚོགས་ཀྱིས་དེད་པའི་མི་བུའི་རང་མདངས།

སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-12

    སྔོན་ཆད་དགེ་རྒན་གྱིས་ང་ཚོར་དྲི་བ་འདི་ལྟ་བུ་ཞིག་བཏོན་མྱོང་བ་སྟེ།མིར་སྐྱེས་པ་བཟང་ངམ་ཞེས་དྲིས་མ་ཐག  ལ་ལས་གཅིག་ཆོད་ཀྱིས་མི་ལུས་བླངས་པ་སྐྱེ་བ་སྔོན་མའི་ཚོགས་བསགས་ཡིན་ལ་དལ་འབྱོར་མི་ལུས་བླངས་པ་ནི་རྙེད་དཀའ་བའི་ནོར་དང་མཚུངས་པར་རིན་ཐང་གཞལ་མཐའ་མེད་ཅེས་ལན་ལྡོན་ཞིང༌།ཡང་ལ་ལས་སྟེང་གི་ལྷ་དང་འོག་གི་ཀླུར་བསྡུར་ན་མི་ལུས་བླངས་པ་དེ་འདྲའི་བཟང་རྒྱུ་ག་ན་ཡོད་ཅེས་བརྗོད་པར་རྒན་ལགས་ཧབ་ཆ་དིར་རེ་སོང་སྟེ་ཡུན་རིང་ཞིག་ལ་ཁོང་དགོད་མ་ཞི་བ་རེད།

    ལར་མི་ཞེས་པ་ནི་ཐ་སྙད་ཅིག་གིས་གྲུབ་ཅིང༌།  ཐ་སྙད་འདི་ནི་རྙོག་དྲ་ཆེ་ཞིང་འཁྲུག་ཆ་མང་བའི་འདོད་རྒྱལ་གྱི་མིང་ཞིག་ཡིན།དེ་བས་མིང་འདིར་གོ་བ་ལེན་སྟངས་ཀྱང་སྣ་ཚོགས་པ་ཞིག་ཡོད་དེ།དཔེར་ན།གཞུང་དྲང་གི་མི། གཡོ་སྒྱུ་ཅན་གྱི་མི། ལ་རྒྱ་ཅན་གྱི་མི།སྙིང་སྟོབས་ཅན་གྱི་མི། བརྩོན་འགྲུས་ཅན་གྱི་མི། ལེ་ལོ་ཅན་གྱི་མི།སྒྱིད་ལུག་ཅན་གྱི་མི།སྤྲོ་སྣང་ཅན་གྱི་མི་སོགས་རིགས་མང་པོ་ཞིག་གིས་ཀུན་ནས་བསྐོར་ཡོད་ཅིང༌།འདི་དང་འདི་ལྟ་བུའི་རིགས་སྣ་འབེལ་བོ་ཞིག་གིས་ད་གཟོད་སྤྱི་ཚོགས་འདི་མཐོ་དམའ་དྲག་ཞན་དང་བདེ་འཁྲུག་འདུ་ལོང་རྒོད་པ་ཞིག་ཏུ་གྲུབ་འདུག

   ང་ཚོས་ཐོག་མ་ནས་གོམ་གསུམ་སྤོ་བའི་སྟངས་སྟབས་དང་བསམ་གཞིགས་གཏོང་བའི་འཁོར་སྟངས།ལག་གཉིས་འགུལ་བའི་ལྡེམ་མྱུར་ཁྲོད་མ་འཕྱུག་མ་གོལ་པར་སྙེག་དགོས་པ་ནི་ཡ་རབས་ཚུལ་ལྡན་གྱི་མི་ཞིག་བཅའ་བའི་ལམ་བུ་དེ་རིགས་ཡིན་གྱི།འོན་ཏེ་ཁ་ཤས་ཀྱིས་རང་ཉིད་རང་ལ་མི་དབང་བའི་སྨྱོ་ཆུ་འཐུང་རྗེས་བླ་འཁྱམ་མུན་འཐོམས་ཞོར་མ་རབས་ཐ་ཤལ་གྱི་མི་ཞིག་ཉན་པའི་རྩ་བའི་བགྲོད་ལམ་བདམས་ཏེ་འཚོ་བ་རོལ་ཐུབ་ཙམ་བྱས་འདུགཁོ་ཚོས་ལམ་དེའི་རིགས་བདམས་པར་ཐེ་གཏོགས་བྱེད་མཁན་ལུས་དང་གྲིབ་མ་བཞིན་དུ་ར་མདར་རྒྱུག་ནའང་སྣང་དོགས་གཏན་ནས་མི་བྱེད་པར་རང་སྣང་གང་ཤར་ངང་སྒྲུབ་བཞིན་མཆིས།བྱ་ལས་སྒྲུབ་སྐབས་མཐར་ཐུག་གི་མཇུག་འབྲས་འདང་དཔོག་མཁན་ཞིག་ཡིན་ཚེ།འགྲིག་པའི་ལམ་ལས་ནོར་བའི་ལམ་གདམ་སྲིད་ཀྱི་མ་རེད།

མི་ལ་རང་གཅེས།  རང་བདག  རང་མཐོ་བྱེད་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་གྲུབ་ཡོད་ཁར།བསམ་ཚུལ་དང་དྲན་ཚུལ།འདོད་ཚུལ་སྣ་མང་ཞིང་བསམ་བློ་གཅིག་མཐུན་ཡོང་བར་ཧ་ཅང་ཁག་པོ་ཡོད་པས་གཞན་ཕན་གཞན་དོན་བསམ་མཁན་བརྒྱའི་ནང་གི་གཅིག་ལས་མི་གདའ།

 ཁྲེལ་གཞུང་ཡོད་པའི་མིས་རང་དོར་གཞན་ཕན་གྱི་བྱ་བ་ཏག་ཏག་བསྒྲུབ་པས་ཀུན་གྱི་བསྟོད་པའི་རྒྱུ་རུ་འགྱུར་ཡང་ལ་ལས་ཕྲག་དོག་གི་མེ་ལྕེ་ལམ་ལམ་སྦར་ནས་ཡ་རབས་མི་ཡི་ཚེ་སྲོག་གི་ལྗོན་པ་སྲེག་པའི་ཐ་ཆད་ཀྱི་སྤྱོད་པ་འཆང་ནས་ཡོད།ཡིན་ཡང་མི་ཕལ་མོ་ཆེས་སྨོན་པའི་ཡུལ་དུ་ངེས་བཟུང་ཡང་སེམས་ནས་འདོད་པ་ལས་ལག་བསྟར་བྱ་མི་ནུས།

   ཁྲེལ་མེད་ཀྱི་མིར་ངོ་ཚ་རྒྱུ་འབྲས་བྲལ་བས་རང་ཤ་རང་ཁྲག་འཐུང་ཞིང་རང་ཡུལ་རང་ཚང་བརླག་པའི་ཉེས་ཅན་གྱི་མིང་བཏགས་བླངས་ཡོད་ཁར་རང་སྐྱོན་ཡོ་བསྲང་བྱ་མི་ཤེས་ཤིང༌།རང་ཉིད་ཀྱི་ཉེས་སྐྱོན་མེ་ལོང་ལྟ་བུའི་འཁྲིས་སུ་འགྲེང་ཡང་ཚོར་ཤེས་ཅི་ཡང་མེད་པར་གཏོར་བརླག་གི་བྱ་ལས་འཕྲོ་རིམ་འཕྲོར་སྒྲུབ་པ་ལས་རྟོགས་སད་ཅི་ཡང་མི་འདུག

  བརྩོན་འགྲུས་ལྡན་པའི་མིར་ཁོར་ཡུག་ཇི་ལྟར་ཐབས་སྡུག་ཀྱང་དཀའ་ཁག་ཇི་འདྲར་གདོང་གཏད་ཀྱང་སུན་པའི་ཕྱི་བཤོལ་མེད་ལ།འཇིགས་པའི་སྐྲག་ཉམས་མེད།སྤོབས་པའི་གོ་ཆ་ལུས་སུ་ཤན་ཡོད་རྐྱེན་ཐ་ན་ལྕགས་དབྱུག་ལྟ་བུའི་སྲ་མཁྲེགས་ཀྱི་བྱ་དངོས་ལ་འཕྲད་ཀྱང་སིལ་བུར་གཏོར་བའི་སྙིང་སྟོབས་མཁའ་ཡི་བྱ་གླག་བཞིན།དམར་ཡག་སྟག་མོ་བཞིན་ནུས་ཤུགས་རྩལ་དགུ་འཛོམས་ཡོད།

  ལེ་ལོ་ཅན་གྱི་མིར་བྱ་ལས་སྒྲུབ་པའི་སྤོབས་པ་བྲལ་བ་ལུག་ཆུང་སྙིང་ཆུང་བཞིན་དཔའ་ཞུམ་སྡར་མའི་ཚུལ་གྱིས་བྱ་ལས་གང་རུང་ལ་འཇུག་པར་སྐྲག་སྣང་གདེང་ཚོད་མེད་ལ།ནམ་ཡང་མནར་སྡུག་གི་རྣམ་འགྱུར་སྐྱུར་བོ་ཞིག་གདོང་ལ་འཆར་བར་ངེས།ཁོར་ཡུག་གི་ཤུགས་རྐྱེན་ཐེབས་མིན་གྱི་དབང་གིས་སེམས་བྱུང་གི་འགྱུར་བ་འཕེལ་ཏེ་ལུས་ངག་གི་རྣམ་པར་སད་རྒྱུ་མེད་པའི་གཉིད་ཅིག་གིས་ཡོངས་སུ་བཀླུབས་པ་མཚུངས་ཤིང་གྲོལ་རྒྱུ་མེད་པའི་སྒྱིད་ལུག་གི་མདུད་པ་གསང་མདུད་ཅིག་དབྱིབས་འདྲ་མིན་གྱི་གདོང་ན་གྲོག་ཤུར་མང་པའི་ཡུར་རྐ་བཞིན་མངོན་པར་ཤར་ནས་འདུག 

མདོར་ན་མི་ལ་རིགས་མང་པས་བརྟག་དཔྱད་ཇི་ལྟར་བྱས་ན་རིགས་སྣ་དེ་ལྟར་མང་ཞིང་ཉེས་སྐྱོན་ཇི་ལྟར་བཙལ་ན་བྲི་བྱ་དེ་ལྟར་མང་པས་བཤད་འདོད་ངལ་བའི་རྒྱུ་ལས་མ་འདས་སོ།། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱི་ཚོགས་ཀྱིས་དེད་པའི་མི་བུའི་རང་མདངས།

2010-05-12 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།