སྙན་ངག་གི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི།

སྙན་ངག་གསར་བ་བོད་དུ་དར་ནས་དུས་ཡུན་རིང་ཙམ་སོང་བའི་གནས་ཚུལ་གྱི་རྒྱབ་ལྗོངས་ལ་ཕྱིར་རྟོག་བྱེད་པ་ནི་འུ་ཅག་གི་རྩོམ་རིག་གསར་བའི་ལམ་ཁ་སྔར་ལས་ཇེ་ཡངས་སུ་གཏོང་བའི་ཐབས་ལམ་ཤིག་ཏུ་གྱུར་པ་དེ་ལོ་རྒྱུས་རིག་པའི་ངོས་ནས་ར་སྤྲོད་བྱེད་ཐུབ་མོད།དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བ་ནས་ད་ཐུག་གི་བར་གྱི་སྙན་ངག་ཕལ་ཆེར་བམ་ཀློག་ཅིག་བྱས་ན། སྤྱི་ཡོངས་ནས་དོན་གྲུབ་རྒྱལ་གྱི་《ལང་ཚོའི་རྦབ་ཆུའི་》རྐང་མལ་ལས་ད་དུང་གོང་དུ་འཕགས་མེད་པའི་ངང་ཚུལ་ཞིག་གསལ་བོར་མངོན་ཡོང་གི་འདུག

སྙན་ངག་པ་སྐུ་ཞབས་ལྗང་བུ་དང་འཇུ་སྐལ་བཟང་གཉིས་ནི་འུ་ཅག་གི་《ལང་ཚོའི་རྦབ་ཆུའི》ལྕགས་སྒྲོག་གཏོར་མཁན་གྱི་བྱེད་པོ་དང་པོར་བརྩི་ཆོག་ལ་སྐྱབས་ཆེན་བདེ་གྲོལ་ནི་སྙན་ངག་པ་དེ་གཉིས་ལས་ཀྱང་རྩོམ་སྟངས་སྣ་ཚོགས་ཀྱིས་ཕྱུག་པའི་རྩོམ་པ་པོར་བརྩི་ཆོག

སྙན་ངག་པ་ནི་ལྷ་བ་ལྟ་བུ་དང་ར་བཟི་བ་ལྟ་བུ།སྨྱོན་པ་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན་ཁོ་ཚོའི་སྙན་ངག་ཀྱང་ལྷ་བབས་པ་ལྟ་བུ་དང་བཟི་གཏམ་ལྟ་བུ།སྨྱོ་བཤད་ལྟ་བུ་ཞིག་ཡིན་ངེས།དེ་ལྟར་ཡིན་ན་སྙན་ངག་ནི་ནམ་ཡང་ཤ་སྐམ་ལྟར་གྱོང་ཞིང་བཟའ་འདོད་པ་ཞིག་ཡིན་པ་ལས་ཀ་ར་དབུགས་རྒྱག་(泡泡糖)ལྟར་མངར་ཞིང་ཡུན་གྱིས་འགྲམ་ཚིགས་གཟིར་ངེས་པའི་རྒྱུ་རུ་འགྱུར་མི་སྲིད།འདི་ནི་གཟུགས་འདས་ཀྱིས་བསྐྲུན་པའི་འཚོ་གནས་ཀྱི་སྣང་ཚུལ་ཞིག་ཡིན་པའང་བསྙོན་དུ་མེད།

སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་བླ་ན་མེད་པ་ཞིག་ཡིན་ཡང་སྐད་ཆའི་སྒྱུ་རྩལ་ཁོ་ན་ལས་བརྒལ་མེད་པའི་སྙན་ངག་ཅིག་ཡིན་ཚེ་རྟོག་འཕྲུལ་གྱི་ཚེ་སྲོག་བྲལ་བའི་《ལག་རྩལ》ལྟ་བུའམ་འཚོ་གནས་བསྐྱར་དཔར་བྱེད་པའི་པར་ཆས་ལྟ་བུ་ལས་རྟོག་ལྗོངས་ཡངས་པོར་མྱུལ་ཆོག་པའི་ནམ་མཁའ་དེ་མ་རེད།

སྙན་ངག་གི་འགན་འཁྲི་ནི་རྒྱལ་རོང་བས་སྒྱེ་མོ་འཁུར་ནས་བྲག་ངོར་འགོས་པའམ་འབྲོག་པས་ལུག་འཚོ་བའི་ངང་ཚུལ་ལྟར་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་སྟེ།དེ་ནི་རང་དང་འབྲལ་དུ་མེད་པའི་སྒྱུ་རྩལ་དང་རང་ཉིད་ཡིན་པ་ལས་སྤྱི་ཚོགས་ཞེས་པའི་ཐག་པ་རིང་པོ་དེ་གཏན་ནས་མ་རེད།

ཚོར་རྟོག་གིས་བཞེངས་པའི་སྙན་ངག་ནི་རིགས་རྟོག་གིས་བསྐྲུན་པའི་“སྙན་ངག”དང་གཏན་ནས་མི་འདྲ་བར་བསམ་གཞིག་དང་ཐེ་ཚོམ་གྱི་བར་སྟོང་མང་དུ་ཡོད་པ་ལས་གཏན་ཚིགས་དང་རིགས་པས་ལམ་ནས་གཏན་འཁེལ་བ་ཞིག་ཡེ་ནས་མིན།

ཧང་རུའུ་ཨེབ་སིན་གྱི་ཟློས་གར་གྱིས་ཁོང་གི་མི་རིགས་གཉིད་ལས་བསླངས་པས་ལོ་རྒྱུས་དང༌།ཨུ་རུ་སུའི་རྩོམ་རིག་དང་མི་དམངས་ཀྱི་འབྲེལ་བའི་ལོ་རྒྱུས་སོགས་ནི་རང་ཅག་བོད་ཀྱི་རྩོམ་རིག་དང་མི་དམངས་ཀྱི་གནས་བབ་ལ་སྦྱར་ཏེ་སྤྱི་ཚོགས་ཀྱི་འགན་འཁུར་དགོས་པར་འདོད་པ་ནི་ཧྲང་ཧེ་གྲོང་ཁྱེར་གྱི་གནམ་གཤིས་ལ་བལྟས་ནས་མངའ་རིས་བྱང་ཐང་དུ་སོང་བ་དང་ཨ་ན་མ་ན་རེད།

སྙན་ངག་ནི་མཚན་ཉིད་རིག་པས་ཀྱང་མི་དཔོག་པའི་སྨྲ་བསམ་བརྗོད་མེད་ཀྱི་སྐབས་སུ་འབྱུང་ངེས་པའི་ཐོན་རྫས་ཤིག་ཡིན་པར་ཆ་བཞག་ན།“འདི་ལྟར་སྐྱོང་དགོས་”དང་“ང་སྐྱོ་བྱུང་”ལྟ་བུའི་ཆེས་སྤྱིར་བཏང་གི་སྐད་ཆ་དག་ནི་ན་ཟུག་གིས་བཤིགས་པའི་མར་ལོ་ཞིག་ལས་སྙན་ངག་ལ་འཚམ་པའི་འོ་སྤྲི་མངར་མོ་དེ་མ་རེད།

བྱ་རྒྱལ་ཁྱུང་གི་ཁ་ཆུ་དེ་སྙན་ངག་གི་བྲོ་བ་དང་འདྲ་ན།དེ་ལ་སྤྱི་ཚོགས་ཀྱི་འགན་འཁྲི་ཞེས་ཁྱད་གསོད་དང་འབུར་འཇོམས་ཀྱི་དཔྱ་ཁྲལ་ལྕི་མོ་དེ་འཇོག་མི་རུང༌།

༡༠

སྐྱ་ཆད་སྔོ་སྡུག་གི་སྤྱི་ཚོགས་འདིར་འཚོ་བ་རོལ་བའི་མི་ཞིག་ལ་མཚོན་ན།ན་ཟུག་ཐུན་མོང་བ་ཞིག་དང་བསམ་བློས་ཕྱེ་བའི་ན་ཟུག་དམིགས་བསལ་བ་རེ་ཡོད་སྲིད་པ་ནི་ཁོར་ཡུག་གིས་བསྐྲུན་པའི་འུ་ཚོའི་གནས་བབས་ཡིན་ལ། དེ་བརྗོད་པའི་སྤོབས་པ་ནི་འབོལ་རྩོམ་དང་དཔྱད་རྩོམ། བརྩམས་སྒྲུང་སོགས་ཀྱིས་འགན་དུ་ལེན་དགོས་པ་ “ཆོས་ཉིད་”དང་མཐུན་པ་ཞིག་ཡིན་ངེས།

༡༡

མི་ནི་སྣ་འཛོམས་ཀྱི་རང་བཞིན་(综合性)ཡིན་པས། རིག་གནས་སྣ་རྐྱང་ཅན་གྱི་ཡིད་ཚིམ་པ་དང་འགན་མེད་ཁེར་པོས་ཡིད་མྱོས་པ་ནི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་འདི་རང་དགར་ཆུད་ཟོས་སུ་བཏང་བ་ལས་མ་འདས།

༡༢

འཚོ་བ་ནི་མ་གཞི་ནས་རྙོག་འཛིངས་ལྡན་པ་ཞིག་ཡིན་ལ།ཟུར་ངོས་རེ་རེ་ནས་དཔྱད་པ་གཏང་རྒྱུ་ནི་རང་ཉིད་དུས་རབས་དེར་འཚོ་གཞིས་གནང་བའི་དགོས་མཁོའང་ཡིན།ལྡོག་ཐབས་བྲལ་བའི་འགན་འཁྲི་འདི་ཡན་པར་དོར་བའི་མི་ཞིག་ཡོད་མི་སྲིད་ལ། གལ་ཏེ་ཡོད་ན་ཁོ་ནི་ཆེས་གྱི་ན་བ་ཞིག་ཡིན་ངེས།

༡༣

མེ་ཏོག་ཅིག་སྐྲ་གསེབ་ཏུ་བཙུགས་ནས་སྒེག་འགྲོས་ངོམས་པ་ནི་འདོད་པའི་འབོད་བརྡ་རུ་ངེས་ཀྱང༌། རང་ཁྱིམ་ནས་ཅི་ཞིག་བོར་སོང་བའང་མ་དྲན་ན་ག་རེ་བྱེད་དགོས།

༡༤

སྟག་དང་གཟིག  དོམ་སོགས་བདས་ནས་སྒང་གཤོང་དུ་ཉུལ་བས་དཀའ་ལས་ག་ཚོད་མྱངས་སོང༌། ལྷས་རའི་ནང་གི་ནོར་དང་སྦྲ་འདབས་ཀྱི་རྟ། ཁང་ཤོད་ཀྱི་བོང་བུ་དང་ར་མ་རྣམས་ག་རེ་བྱས་སོང༌།

༡༥

དཀོན་མཆོག་ནམ་ཡང་མཆོད་སྟེགས་ན་འཛུམ་དམུལ་བྱེད་ཀྱང༌།ཨ་ཕའི་གདོང་གི་རྒས་གཉེར་དང་ཨ་མའི་ཕྱག་ཟུང་གི་སེར་ག ཨ་ཆེས་ལྕི་བ་ཁུར་བའི་རྒྱབ་ཀྱི་རྨ་ཤུལ་སོགས་ཇི་ལྟར་འགྲེལ།

༡༦

འཚོ་བའི་ཀློང་གི་བདེ་སྐྱིད་དེ་སུས་ཀྱང་འགྲན་མི་བཟོད་པའི་བདེ་བ་ཞིག་ཡིན་ལ།འཚོ་བའི་ཀློང་གི་སྡུག་བསྔལ་དེ་སུས་ཀྱང་འགྲན་མི་བཟོད་པའི་སྡུག་བསྔལ་ཞིག་ཡིན་མི་སྲིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི།

2010-05-07 དགེ་ཆོས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།