གཉའ་ཁྲི་བཙན་པོ།

    ལྷ་རི་གྱང་ཐོའི་འཇའ་སྐས་ལས་བབས་ཏེ་བཙན་ཐང་སྒོ་བཞིར་ཞབས་རྗེས་དཔར་དུས། གཏན་ནས་རིག་མ་མྱོང་བའི་རྫི་བོ་ཚིལ་དྲེག་འགས་ཁྱེད་རང་བོད་ཀ་གཡག་དྲུག་གི་རྗེ་བོར་བཀུར་བའི་དུས་རབས་ཀྱི་ཁྲི་སྟོན་བརྗིད་པོ་བོན་རྒན་ཚོའི་ཆོ་ག་ལྟར། གོང་པོ་རིའི་ལབ་རྩེའི་རླུང་རྟ་དང་མཉམ་དུ་བསྡེབས།     ཉི་མར་སྔར་ལས་བཀྲག་མདངས་འཚེར་བའི་ཤམ་པོའི་གངས་འདབས་ནས་ཁྱིམ་གཞིས་དྲོན་མོ་ཞིག་གི་ཚེ་སྲོག་གསར་དུ་འབུས་པའི་སྐྱེ་སྐར་གྱི་བྲོ་གཞས་སྙན་མོ་ཡར་མོ་ཀླུང་ཐང་གི་པང་ནས་འཁྲོལ་ཞིང༌། ཤམ་ཆུའི་ཟེགས་མ་དང་ལྷན་དུ་མཁའ་ལ་འཐོར་སྐབས། མཐོ་སྒང་གི་བྱང་ཐང་གང་སར་འཇག་སྐྱའི་ཕོན་པོ་ལྟར་སིལ་བུར་གྱུར་བའི་རུས་རྒྱུད་ཀྱི་ཚོ་ཁག་དུ་མ་ལྷ་ཆེན་གང་ཞིག་གི་འཇིགས་ཟིལ་གྱི་ཁྲོ་སྐད་ལས་འདར་བའི་རྐང་ཆུང༌། ལས་དབང་གི་སྤང་ཁུག་གཅིག་ཏུ་འཛོམས།
    རེད་ཨང༌། ལོ་ངོ་སྟོང་ཕྲག་དུ་མར་ལྷ་སྒྲུང་གི་རྨི་ལམ་ལས་འཇམ་པའི་སྦྲ་ནག་ལེབ་མོའི་ཕ་ཁྱིམ་ལ་གསེར་རྩི་འབྱུག་དུས། ལྭ་བ་ཧྲུལ་པོ་གྱོན་པའི་འབྲོག་ཕྲུག་མང་པོས་ཁྱེད་ཀྱི་མཐའ་འཁོར་ན་རྫི་གཞས་དང་ལ་གླུ་གླིང་བུར་དཀྲོལ་ནས་མེ་ཏོག་དང་རྩམ་པ་གནམ་ལ་གཏོར། ད་དུང་སྐྲ་དཀར་གྱི་རལ་བ་འཛིང་པའི་རྒན་རབས་ཚོས་བྲག་རི་མཐོན་པོའི་དབུ་རྩེར་བསྐྲུན་པའི་ཡུམ་བུ་བླ་མཁར་ལ་རྒྱང་བལྟ་བྱེད་ཞོར་ལྷ་ཡུལ་གྱི་མཆོད་རྟེན་ས་ལ་ཟགས་པའི་ཨུ་ཚུགས་ལན་མང་བྱེད།
    གང་ལྟར། ཁྱེད་ཀྱི་ངོ་མཚར་བའི་བྱད་གཟུགས་དང་ཐུན་མིན་གྱི་རིག་སྟོབས། མང་བཀུར་གྱི་དབང་ཐང་དང་བསོད་ནམས་ཀྱི་ལས་སྐལ་རེ་རེ་གནའ་བོའི་མི་ཚོགས་ཀྱི་དབུས་ན་ལུད་ཅིང་འཕྱུར་བས་ལ་ལས་ཁྱེད་ནི་གོང་མ་ལྷ་ལས་བབས་པའི་གཉན་བཙན་ཅིག་དང༌། འགའ་རེས་ཁྱེད་ནི་འཕགས་པའི་ཡུལ་ནས་ལྷགས་པའི་དམག་དཔོན་ཞིག གཞན་ཡང་རི་སྒང་མཐོ་སར་འཁྲུངས་པའི་རྫུས་སྐྱེས་ཤིག་སོགས་མག་མོག་གི་འདོད་ཚུལ་དུ་མའི་ཡོ་ལངས་གངས་སེང་དཀར་མོའི་གད་རྒྱངས་དང་གཅིག་ཏུ་གཞོལ་ནས་ཡར་ཀླུང་གཙང་པོའི་རྦ་རླབས་དང་ལྷན་དུ་འཕྱུར།
    དུས་དེ་ནས་བཟུང༌། སྤུར་རྒྱལ་གོང་མའི་གདུང་རྒྱུད་ཀྱི་ཁྱེའུ་བཙས་ཤིང༌། ཡར་ལྷ་ཤམ་པོར་ལྷ་གསོལ་གྱི་དམར་མཆོད་ཕུལ་བས། ཀི་སྭོ་འདེབས་པའི་སྙན་ངག་གི་སྒྱུ་རྩལ་ཐོག་མར་སྦྲུམ་ལ། ལྷ་གཡག་དཀར་པོས་ས་ནག་བསློག་པའི་སྟ་གོན་བགྱིད་སྐབས་འབྲི་མོའི་འཇོ་འཇོ་ཡི་བཞོ་དབྱངས་འགུག་པའི་སྤྱང་གྲུང་རྙེད་ཟིན་པས། དངུལ་གྱི་བཞོ་ལུང་སྐེད་པར་འདོགས་པའི་ལུགས་སྲོལ་ཡང་དར་ཡོད་ལས་ཆེ།
    འོན་ཀྱང༌། ཁྱེད་རང་སྐྱེ་སྐར་དང་སྐྱེས་ཚེས་མི་གསལ་བའི་རི་མགོ་དེ་ནས་ཐོལ་གྱིས་འབྱོན་ཞིང༌། སླར་ཡང་ཁྱེད་རང་བང་སོ་དང་དུར་བྱང་མེད་པའི་ཡུལ་གྲུ་དེ་ནས་ཡུད་ཀྱིས་བཞུད་སྟབས། བཙན་པོ་ན་རིམ་གྱི་ལོ་ཚིགས་འཆོལ་བའི་དཀར་ཆག་ཟད་དོ་དེའི་གཞིགས་རྩོད་ད་ལྟའི་བར་དུ་ཡང་ས་མཐོའི་རི་ཀླུང་ལ་བྲག་ཆ་འཁྱིལ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཉའ་ཁྲི་བཙན་པོ།

2010-05-06 གཉའ་ཁྲི་བཙན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།