ང་ལ་སྙིང་ནད་་ཡོད་ན་འདི་ལྟར་སྡིགས་རོགས།

དེ་རིང་།བདག་གིས་སློབ་གྲྭའི་དྲ་ངོས་ཀྱི་སྒོ་མོ་འབྱེད་དུས་ཁམས་མེ་རི་ཟེར་བ་ཞིག་གིས་སྐད་འདི་འདྲ་ཞིག་བཞག་འདུག་སྟེ།བོང་སྟག་རི་ལུར་འབོད་པའི་ན་གཞོན་འདིས།ཉེ་སྔོན་དུས་དེབ་དང་དྲ་ཚིགས་སོགས་སུ་ངོ་ཚ་དགོས་བའི་རྩོམ་ཡིག་རེ་གཉིས་སྤེལ་གྱིན་འདུགན་གཞོན་འདིའི་རང་གི་སྙན་གྲགས་ཁོ་ན་ལས་བསམ་གྱིན་མེད་ལ།སྙན་གྲགས་ཁོ་ན་བསམ་ནས་རང་གི་སེམས་ཀྱི་ནང་ཁྲོལ་ཕྱི་རུ་བཏོན་ནས་སྒོར་མོ་རྐྱང་རྐྱང་ལས་བསམ་གྱིན་མེད་པའི་སྐྱུག་བྲོ་བའི་སྣང་ཚུལ་རྗེན་པར་མངོན་ཡོད།འདི་ལྟ་བུའི་ཁ་མི་རིགས་ལ་གཡར་ནས་གློ་སྙིང་མཆིན་གསུམ་གཞན་ལ་སྟེར་མཁན་གྱི་མི་འདི་ཚོར་མཉམ་འཇོག་བྱེད་དགོས།ཁྱེད་ཀྱིས་སྙན་ངག་འབྲི་མི་ཤེས་ན་མ་བྲིས་ན་བཟང་།བཙན་གྱིས་འབྲི་ཁུལ་བྱས་ནས་ཕན་པ་ཡོད་ས་མ་རེད།བོད་རིགས་ཐུན་མོང་ལ་དབང་བའི་གངས་རྒྱན་མེ་ཏོག་གི་ཤོག་ངོས་དག་རྫོབ་ཏུ་མ་འཇུགཁྱོད་ལ་དབང་ཞིང་ཁྱེད་ལ་དགའ་བའི་ཟླ་ཕོགས་དེ་དག་ཟས་ནས་ཁ་ཆོད་དུ་ཆུགས།སྙན་ངག་དང་མི་རིགས་ཁྱོད་ཀྱི་རྩེད་ཆས་མི་བྱེད་པར་འཚལ།ཞེས་དང་ཡང་མི་མང་པོ་ཞིག་གིས་ཐ་སྙད་རེ་གཉིས་ཀྱི་མགོ་རྐང་བསྒྲིགས་ཚེ་སྙན་ངག་པ་ཞེས་མིང་རྫིག་པོ་ཞིག་འདོད་ཀྱིན་འདུགདོན་དངོས་སུ་སྙན་ངག་པ་ཞེས་བ་དེ་འདྲའི་འདོགས་སླ་བའི་མིང་ཞིག་དང་ཐོགས་སླ་བ་ཞིག་ཨེ་རེད།བོང་སྟག་རི་ལུས་ཚིག་རྒྱན་མེད་ལ་སྒྱུ་རྩལ་གྱི་སྣང་བརྙན་གཏན་ནས་མེད་པའི་ཚིག་འགའ་བྲིས་པ་དེར་སྙན་ངག་པ་ཞེས་བའི་ཞྭ་མོ་བསྐོན་མཁན་དག་ནི་ཆུ་ནང་གི་ཟླ་བར་འཁྲུལ་མཁན་ཚོ་ཡིན་ཤེས་ཆེ།ཞེས་བྲིས་འདུག་ལ།

གོང་གི་ཚིག་དུམ་ཐར་ཐོར་འདི་དག་མཐོང་རྗེས།ངའི་ཤ་གསེང་རུས་གསེང་ལ་ན་ཟུག་ཅིག་མི་རྒྱབ་ན་ཡང་།རང་དགར་སྡོད་པས་ལག་པ་སླར་ཡང་འགུལ་དུ་བཅུགལོ་ངོ་འདི་གར་ང་རང་སྙན་ངག་ཅེས་བའི་གར་སྟེགས་སུ་འབུད་ཙམ་བྱས་བ་ནས།ལག་པ་ནས་བཟུང་སྟེ་ཁྲིད་མཁན་ཉུང་ན་ཡང་རྐང་བ་ནས་བཟུང་སྟེ་འདྲུད་མཁན་ཅུང་མང་པོ་མཐོང་།ང་ལ་མི་དགའ་བའི་གྲོགས་པོ་འམ།ལས་གྲོགས།ཉེ་མི་ཁ་ཤས་ཀྱིས་ང་དང་རྩོམ་རིག་གཉིས་ཀྱི་བར་ལ་དབྱེན་དང་ཕྲ་མ་གང་མང་འཕངས་ཡང་།ལོ་ངོ་མང་པོ་ཞིག་ལ་ང་རང་སྙན་ངག་གི་བུ་མོ་དང་ཁ་བྲལ་མ་ཐུབ།ཡིན་ན་ཡང་།དོན་ངོ་མར་བཤད་ན།ལོ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་།ང་རང་དགེ་རྒན་གྱི་འཆད་སྟེགས་སུ་བུད་པ་དང་།ང་རང་ཟས་རང་འབབ་དང་གོས་རང་གྲུབ་ཅན་གྱི་མི་ཞིག་ཏུ་གྱུར་རྗེས།ཕྱི་ཡི་སྐྱོ་བ་དང་གདུང་བ་ཅུང་ཉུང་དུ་ཕྱིན་ཡོད་ན་ཡང་།ནང་གི་སྡུག་བསྔལ་དང་ཧམ་སེམས་སྔར་དང་གཅིག་མཚུངས་སུ་འདུག དེ་བས།ཡང་དག་ཡིན་མིན་དང་གང་དང་འགལ་མིན་སོགས་ལ་མ་བལྟོས་པར་རང་གི་སེམས་ལ་གང་དྲན་ཐམས་ཅད་ཤོག་ངོས་སུ་ཕབས་པས།ཨ་མས་ཀྱང་དུས་རྒྱུན་ང་ལ་རང་ལ་བྱ་བ་ཡོད།ཟླ་ཕོགས་ཡོད།ད་ཁ་རོག་སྡོད་དང་བཟང་ཞེས་ཡང་དང་བསྐྱར་དུ་སློབ་གསོ་གང་མང་བཏང་མྱོང་།

འོན་ཀྱང་།བདག་གིས་བལྟས་ན།བོད་ཀྱི་ཡོན་ཏན་པ་ཞིག་དང་ཤེས་ལྡན་པ་ཞིག་ཡིན་ན།བྱ་བ་དང་ཟླ་ཕོགས་ཙམ་གྱིས་ཡིད་ཚིམས་ཏེ་ཁ་རོག་གེར་ཁུ་སུམ་མེར་འདུག་རྒྱུ་ནི་ཅུང་ཁག་པོ་ཡིན་པར་སེམས།ང་ནི་སློབ་ཆེན་གྱི་སྒོ་ཐེམ་ནས་ཡར་ལ་འཛུལ་མ་མྱོང་ན་ཡང་།སློབ་ཆེན་ནང་གི་རྩོམ་གྲོགས་མང་པོ་ཞིག་ལ་གྲོགས་པོ་སྒྲིག་མྱོང་།ཁོ་ཚོ་ལ་མཚོན་ན་སློབ་མའི་དུས་སུ་མི་རིགས་ཀྱི་སྐད་ཡིག་ལ་དུངས་བ་དང་མི་རིགས་ཀྱི་ལ་རྒྱའི་ཁ་ཕོ་མཐོན་པོ་རེ་འདུགཀྱང་།སྤྱི་ཚོགས་འཚོ་བའི་ནང་ལ་ཞུགས་རྗེས་ཆུ་ནང་གི་ལྦུ་བ་བཞིན་སྔར་གྱི་རིགས་ཞེན་གྱི་སྙིང་སྟོབས་དེ་ཡུན་དང་ཡུན་གྱིས་མེད་འགྲོ་བ་རེད།དེ་ལ་ངས་ཁོ་ཚོ་ལ་འཆི་རྐྱེན་གསུམ་བརྩིས་ཡོད་དེ།རྩོམ་གྲོགས་དེ་ཚོའི་འཆི་རྐྱེན་གཅིག་ནི་བྱ་བ་ཡིན་ལ།དེས་ཀྱང་ཡིད་མ་ཚིམས་པར་ད་དུང་རྩོམ་རིག་ལ་འཐམ་ཁུལ་བྱེད་མཁན་དག་ནི་འཆི་རྐྱེན་གཉིས་པའི་འགག་སྒོ་ནས་ཐར་དཀའ་ལ།དེ་ནི་ཆུང་མ་རེད།དེས་ཀྱང་ཡིད་མ་ཚིམས་པར་ད་དུང་རྩོམ་རིག་ལ་འཐམ་ཁུལ་བྱེད་མཁན་ཚོ་ནི་འཆི་རྐྱེན་གསུམ་པ་སྟེ།དབང་སེན་མོ་ཙམ་ཞིག་ཐོབ་ན་ད་གཟོད་རིགས་ཞེན་གྱི་རང་སྲོག་ཕྲ་མོ་དེ་རྦད་དེ་ཆད་འགྲོ་བ་དེ་ཡིན་ལ།རིགས་ཞེན་གྱི་གདུང་བ་མེད་ས་ནས་ད་གཟོད་སྙན་ངག་ཅེས་ཚིག་དུམ་འགའ་བྲིས་ཡང་དེ་ནི་རྣམ་ཤེས་མེད་པའི་བེམ་པོ་ལྟ་བུ་རེད།དེ་བས།ཕྲན་ལ་མཚོན་ན།ད་དུང་ག་ནས་ཡོང་བ་མི་ཤེས་ལ་སུས་ཀྱང་བསླབ་པ་མི་ཤེས་བའི་རིགས་ཞེན་གྱི་མེ་ལྕེ་ཕྲ་མོ་ཞིག་སེམས་ཁོང་ན་ལམ་ལམ་འབར་གྱིན་པས་ན་བདག་གིས་རྩོམ་རིག་ཅེས་བ་སྔ་མོ་ནས་བཏང་མ་མྱོང་།ད་དུང་ཡང་གཏོང་མི་སྲིད་དོ།

ད་དུང་བཀའ་དྲིན་ཞུ་དགོས་བ་ཞིག་ལ་གོང་གི་ཁམས་མེ་རི་ཟེར་བའི་གྲོགས་པོ་དེས་བདག་ལ་རྩོམ་རིག་དང་ཁ་འབྲལ་བའི་ཐ་ཚིག་བསྒྲགས་པ་དེས་ང་རང་ལ་རྩོམ་རིག་ལ་སྔར་ལས་དུངས་སུ་བཅུག་པ་དང་།ངའི་རྩོམ་རིག་གི་མེ་རོའི་སྟེང་ལ་རླངས་སྣུམ་སྤར་གང་བླུགས་པ་དང་ཨ་ན་མ་ན་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ལ་སྙིང་ནད་་ཡོད་ན་འདི་ལྟར་སྡིགས་རོགས།

2010-04-29 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།