མི་ཕམ་ལྷ་མོ།

འབྲོང་ཕྲུག་ལྷ་ཆེན་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-21

--WLཕུལ་བ།

རྒྱང་བཞུད་ཁར།   གཙང་བོར་མིག་ཆུ་བྲུག

གཡོར་གྲུ་དེ།  ཡོམ་ཡོམ་འདར་བྱུང༌།   ཡོམ་ཡོམ་འདར་བའི་ངའི་བྲང་གཞུང་དུའང༌།  ན་ཟུག་གི་རྨ་ཁ་གས་འོང༌།

མི་ཕམ་ལྷ་མོ།  སྐབས་དེ་དག་ནི་ཁྱེད་རང་དྲན་པའི་བདག་གི་ས་སྲོད་ཡིན།

རྒྱུས་ཡོད་རྒྱུས་མེད་པྱི་སྐར་ཆེན་མང་པོ།  ངའི་མཚན་ངོགས་སུ་ལམ་ལམ་འཕུར་ཞིང༌། ཟུར་མིག་གི་འོད་གཤོག་རྣོན་པོས། ངའི་སྙིང་ཁ་འབེན་དུ་བཙུགས།

ངས་ཁྱེད་ཀྱི་སྐར་ཆེན་ཡ་ནས་མི་རྙེད།   ལག་སྙོམ་དུ་མའི་རྗེས་སུ།    འཁྱག་སོབ་སོབ་ཀྱི་མལ་གཞི་ན་འཁྱག་སོབ་སོབ་ཀྱི་དྲན་པ་འདི་ལས།   དྲོད་ལམ་ལམ་གྱི་གཏམ་རྒྱུད་ཅི་ཞིག་འདུག

ཕྱི་མིག    ནམ་ཡང་རང་ཉིད་ལ་བཏང་བའི་མནར་གཅོད་ཅིག

གཙང་པོ་རྒྱང་ལ་བཞུར་རྗེས།   དྲན་གདུང་གི་ཀོ་གྲུ་ཁེར་རྐྱང་གིས་རྒས་ཤིང༌།  བརྩེ་དུངས་དང་ཚེ་སྲོག་གི་མར་མེ་རླུང་ཁར་འཕྱོ།

ངས་ནམ་ཡང༌།   ས་སྲོད་ཀྱི་རྐྱང་ཟླ་སེམས་གསོར་རུམ་ནས།  ཁྱེད་ལ་སྐར་ཚོགས་ཀྱི་མགུལ་རྒྱན་བསླེས་མྱོང༌།  མི་ཕམ་ལྷ་མོ་ལགས།

༢༠༠༠༡༡༣༠

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག༣

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཕམ་ལྷ་མོ།

2010-04-21 འབྲོང་ཕྲུག་ལྷ་ཆེན་རྒྱལ། ཀློག་གྲངས། མཆན ཡོད།

--WLཕུལ་བ།

རྒྱང་བཞུད་ཁར།   གཙང་བོར་མིག་ཆུ་བྲུག

གཡོར་གྲུ་དེ།  ཡོམ་ཡོམ་འདར་བྱུང༌།   ཡོམ་ཡོམ་འདར་བའི་ངའི་བྲང་གཞུང་དུའང༌།  ན་ཟུག་གི་རྨ་ཁ་གས་འོང༌།

མི་ཕམ་ལྷ་མོ།  སྐབས་དེ་དག་ནི་ཁྱེད་རང་དྲན་པའི་བདག་གི་ས་སྲོད་ཡིན།

རྒྱུས་ཡོད་རྒྱུས་མེད་པྱི་སྐར་ཆེན་མང་པོ།  ངའི་མཚན་ངོགས་སུ་ལམ་ལམ་འཕུར་ཞིང༌། ཟུར་མིག་གི་འོད་གཤོག་རྣོན་པོས། ངའི་སྙིང་ཁ་འབེན་དུ་བཙུགས།

ངས་ཁྱེད་ཀྱི་སྐར་ཆེན་ཡ་ནས་མི་རྙེད།   ལག་སྙོམ་དུ་མའི་རྗེས་སུ།    འཁྱག་སོབ་སོབ་ཀྱི་མལ་གཞི་ན་འཁྱག་སོབ་སོབ་ཀྱི་དྲན་པ་འདི་ལས།   དྲོད་ལམ་ལམ་གྱི་གཏམ་རྒྱུད་ཅི་ཞིག་འདུག

ཕྱི་མིག    ནམ་ཡང་རང་ཉིད་ལ་བཏང་བའི་མནར་གཅོད་ཅིག

གཙང་པོ་རྒྱང་ལ་བཞུར་རྗེས།   དྲན་གདུང་གི་ཀོ་གྲུ་ཁེར་རྐྱང་གིས་རྒས་ཤིང༌།  བརྩེ་དུངས་དང་ཚེ་སྲོག་གི་མར་མེ་རླུང་ཁར་འཕྱོ།

ངས་ནམ་ཡང༌།   ས་སྲོད་ཀྱི་རྐྱང་ཟླ་སེམས་གསོར་རུམ་ནས།  ཁྱེད་ལ་སྐར་ཚོགས་ཀྱི་མགུལ་རྒྱན་བསླེས་མྱོང༌།  མི་ཕམ་ལྷ་མོ་ལགས།

༢༠༠༠༡༡༣༠

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག༣

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།