ངས་འདི་ལྟར་བསམ་བྱུང༌།

 མུན་པ་འདི་མཁའ་དབུགས་ཁྲོད་ཉུལ་ནས་ཡུན་རིང་འགོརརྡུལ་ཞེས་པའི་མཚན་ཉིད་ལ་བསམ་གཞིགས་མི་བྱེད་ཐབས་མེད་བྱུང༌།འཇིག་རྟེན་དང་འཚོ་བ།བསམ་བློ་དང་ཀུན་སྤྱོད།དད་ཞེན་སོགས་མཐའ་ཡས་པའི་ཆོས་ཉིད་དམ་གོམས་གཤིས་ཤིག་རྡུལ་ཞེས་པའི་ངོ་བོར་གྲུབ་རྐྱེན།ཚད་ཤིང་འདིས་ཚེ་སྲོག་ལ་བཟོད་དཀའ་བའི་གཏུབས་གཅོད་བརྡར་གསུམ་བྱས།  མནར་གཅོད་ལས་གསེར་བཟང་འབྱུང་སྲིད་ན། ང་ཚོ་ལས་ཕྱུག་པོ་ཞིག་གང་ན་ཡོད།

དགོད་སླ་ཞིང་ངུ་སྐྱེན་པའི་ཟློས་གར་མཁན་ཚོ་རང་ཉིད་ཀྱི་ཁ་གཏད་དུ་ལངས་ཏེ་དམོད་ཚིག་ཡ་ང་བ་རེ་བདུད་རྩི་དང་དར་ཚོན་གྱིས་དཀྲིས་ཤིང༌། སྐྱུག་བྲོ་བའི་མཆིལ་ཞགས་མེ་ལོང་དབུས་ཀྱི་ངོ་གདོང་དེ་ཁོ་ནའི་ཕྱོགས་སུ་གཏོར།

ནམ་རྒྱུན་སྙན་པའི་རོ་བཅུད་ཀྱིས་བརྟས་པའི་གླུ་ངག་ཅིག་འཁྲབ་ཡོལ་ཕྱི་རོལ་ནས་གྲག་བྱུང་དུས། མེ་ཏོག་དང་ཁ་བཏགས།ཐལ་སྒྲ་དང་འབོད་སྐད་བཅས་དངུལ་ལོར་ལ་བརྗེས་པའི་རིན་ཐང་དང་རང་དབང་ཤོར་བའི་བྲག་ཅ་དེ་དག་ལྐུགས་པར་གྱུརམོད། གངས་ཆེན་པོའི་མིག་ཆུ་འགའ་ཞོགས་པ་ཞིག་གི་མྱོས་བུམ་རྩར་ལྷུང་བས། ཆོ་ལོ་ཡོད་ཚད་གར་སྟེགས་མདུན་ནས་ཚིག་རོར་གྱུར་ཀྱང་རིན་ཐང་ཡང་བར་སྣང་ནས་ཟེགས་པའི་རྡུལ་ཕྲན་ལ་འཐིམ།

འདྲེན་བྱེད་ནི་དུས་ཚོད་དང་འདྲ་བར་ཡ་ཐོད་ཀྱི་དེ་ཁོ་ནས་མ་ཁྱབ་ཏེ།མིག་ཟུང་བཙུམས་ཚེ་ཡང་བསྐྱར་མང་པོ་མང་པོ་ཞིག་མཐོང་ཡོང་དུས། མི་སེམས་ཀྱང་དྭངས་གསལ་ཤེལ་གོང་ལས་རུལ་བའི་རོ་མྱག་ཅིག་དང་ཅི་ཁྱད།

ཟ་འོག་གིས་བཀླུབས་ཤིང་འཆོར་རྒྱན་གྱིས་སྤྲས་པའི་སྲས་མོ་ཚོ། མེ་ལོང་ལས་ བཞད་པའི་འཛུམ་མདངས་རེ་རེ། གློ་བུར་དུ་ཐང་བའི་གནམ་ངོ་དང་འདྲ་བས།  ཡུན་རིང་བར་གནས་པའི་མེ་ཏོག་ཅིག་གང་ན་ཡོད།

རང་ཁ་གསོ་ཆེད་རང་ཉིད་བོར་བའི་ངལ་རྩོལ་བའི་དམ་བཅའ། བཀུག་ན་གཞུ་དང་འཕངས་ན་མདའ་ཡིན་རུང༌། བརྔོན་འདོད་པ་མཐའ་དག་ལ་ཁ་ཐག་ཇེ་རིང་ཡིན་པས།ཁ་ཕོར་གྱི་གཡོ་སྒྱུ་དེ་ཁྱོད་ཉིད་ཀྱི་ཧམ་སེམས་སྐུལ་བའི་སྟོབས་ཤུགས་ཉིད།བུ་སྲིན་གྱི་འཇིགས་སྐྲག་དང་སྡུག་བསྔལ་དེ་མཁས་དབང་སུ་ཞིག་གིས་རྟོག་བཞེངས་བྱས་པའི་མཁར་རྫོང་གི་ཉམ་ང་ཡིན་ནམ། ཡང་ན་ཁྱོད་ཚོས་གོམས་སྲོལ་ལྟར་འཁྲབ་པའི་སྐྱོ་གར་ཡིན།

སྤྱི་ཚོགས་སམ་འདུས་སྡོད་ཅིག་དང་ཁ་གྱེས་ཏེ་རང་ཉིད་གཅིག་པུ་ཁེར་རྐྱང་དུ་འགྲོ་དུས།ཕྱི་ལྟ་ཐེངས་རེ་བྱེད་རྒྱུ་མ་བརྗེད་དང༌།དེ་དུས་རྒྱུད་རིམ་གསོན་པོ་དག་སྒྲེན་བུར་རྒྱུ་བཞིན་ཡོད་པས།ཁྱོད་རང་འཇིག་རྟེན་སྟེང་རོལ་རྩེད་གཅིག་པུའི་སྙིང་བོ་ལོངས་སུ་སྤྱོད་མཁན་དུ་འགྱུར་སྲིད།དུས་ཚོད།ཚེ་སྲོགནམ་མཁའ།གནས་ཚད་རྐྱ་འཐབ་ཅིང་ཁ་ཕྱོགས་གཅིག་ཏུ་བཞུར་གྱིན་གཏན་འཇགས་ལ་འཚེར་སྣང་སློང་སྐབས།རོལ་རྩེད་ནི་གཏིང་ཟབ་པའི་རྒྱན་ཁོར་དམར་ནག་ཅིག་སྟེ། ཡོད་ཚད་རྨེག་མེད་དུ་རྔུབ་པའི་ཁ་ཆེན་པོ་ཞིག

གོར་མ་རླུང་གིས་ཁུར་ཡང་མི་གཏོང་བའི་འཐམ་འཁྱུད་དམ་པོ།གཤིས་བཞིན་འདི།ངའི་ཀླད་ཆེན་སྐྱི་རིམ་ལ་ཟུག་པའི་དུག་གཟེར་ཞིག་དང་འདྲ་བས།ངས་འདི་ལྟར་བསམ་བྱུང༌།མིག་གཉིས་ཆེས་ཆེར་བགྲད་ཚེ་ཅི་ཡང་མི་མཐོང་བར་ཚང་མ་དང་མཉམ་དུ་རང་གི་མཇུག་མ་འཚོལ་བཞིན་ཕ་རོལ་ལ་འཕྱ་སྨོད་བྱེད་ཆོགབརྙན་ལེན་གྱིས་མ་ཟིན་པའི་མི་ལུས་ཀྱི་སྒྱུ་རྩལ་ཞིག་རྣམ་པར་བཀྲ་བའང་མཐོང་བྱེད་ཀྱི་ཕྱི་རོལ་ཏུ་ཡིབ་པའི་གཟུགས་རིས་དེ་ཁོ་ན་ཡིན། དེའི་ཕྱིར། ངས་འཁྲབ་གཞུང་གི་གར་ཆགས་ཁྲོད་ཉེས་དམིགས་ཀྱི་ལེའུ་རྫོགས་མཐའ་མེད་པ་ཞིག་བསུབས་ཚར།

                         ༢༠༠༣ལོའི་ཟླ་༤པའི་ཚེས་༦ཉིན།

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་འདི་ལྟར་བསམ་བྱུང༌།

2010-04-18 མ་སངས་མཁའ་འགྲོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།