སྐབས་གསུམ་པའི་སྙན་ངག་བགྲོ་གླེང་སྟེང་བསྒྲགས་པའི་སྡོམ་ཚིག

རགས་ཤུལ་བསམ་གཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-18

 ང་ཚོས་སྙན་ངག་གི་མཚན་ཉིད་དུ་མ་འཇོག་བཞིན་པ་དག་ལ་བརྟེན་ཏེ་སྙན་ངག་ཅེས་པའི་ཐ་སྙད་འདིའི་ཁྱབ་ཁོངས་ཡོད་ཚད་ལ་དབང་་བསྒྱུར་བྱེད་དགོས་པ་ལས་རྣམ་མཁྱེན་ཁོ་ནའི་སྤྱོད་ཡུལ་དུ་བཞག་ན་བདེ་བར་མིསྣང༌།  བདེ་བའི་དབང་དུ་སོང་ན་སོ་སྐྱེས་ཀྱིས་བྲིས་པའི་སྙན་ངག་སྙན་ངག་ཏུ་མི་འཆར་བས་ཧ་ཅང་ཐལ་ལོ། །  དེར་བློ་གཟུ་བོའི་སྒོ་ནས་ཞིབ་ཏུ་དཔྱད་ན་གོང་གི་སྙན་ངག་སྙན་ངག་ཏུ་འགྱུར་དགོས་པར་སུས་ཀྱང་བསྙོན་དུ་མེད།

དེ་ལྟར་ན་སོ་སོ་སྐྱེས་བུས་ཀྱང་སྙན་ངག་གི་མཚན་ཉིད་ལ་ངེས་བར་དུ་བསམ་བློས་ཡོངས་སུ་གཅུན་དགོས་སོ། །  གལ་ཏེ་མ་རྟོགས་པར་བྱས་ན་སོ་སྐྱེས་ཀྱིས་བྲིས་པའི་སྙན་ངག་མེད་པར་ཁས་ལེན་དགོས་ཏེ་ཆོས་དེ་གཉིས་ལ་རྟོགས་

དཀའ་སླ་ཡོད་པ་ཕར་ཕྱིན་མཐའ་དཔྱོད་སོགས་ལས་གསུངས་པ་ལྟར་རོ། །

   སོ་སྐྱེས་རང་ག་བ་དག་གི་བྱེད་རྩོལ་དྲག་ཞན་དུ་མ་ལས་ཐོན་པའི་དབྱངས་ཀྱི་འདེགས་འཇོག་གསལ་བའི་ལུས་ལ་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང༌།སྤྱི་ཚོགས་འཚོ་བ་ཉིང་བསྡུས་སུ་སྲོག་ཏུ་བྱས་པའི་ཚོར་འདུ་ཤུགས་དྲག་པའི་རྩོམ་རིག་གི་རྣམ་པ་ལྟ་བུ་སོགས་སྙན་ངག་གི་མཚན་ཉིད་དེ་དག་སྙན་ངག་ཅེས་པའི་ཤེས་བྱ་འདིར་ཡོད་ཚད་ཀྱིས་དབང་བསྒྱུར་བྱེད་ཐུབ་པའི་སྔོན་འགྲོའི་རོལ་་་དབྱངས་ལྟ་བུར་གྲུབ་ཡོད།དཔེར་ན།རྒྱལ་བོ་ཞིག་གི་ཕོ་བྲང་དེའི་མེ་ཏོག་སྐྱེད་ཚལ་དུ་མེ་ཏོག་སྔོ་ལྗང་ཁྲ་གསུམ།དཀར་དམར་སོགས་ཀྱི་ཞལ་རས་་མངོན་པར་འཛུམ་པའི་མོད་ལ་ད་གཟོད་ཆེས་མཛེས་སྡུག་ལྡན་པའི་མེ་ཏོག་རང་བློར་སྣང་བ་ལྟ་བུའོ། །

   དུས་རབས་ཀྱི་འཕོ་འགྱུར་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས།ཚོགས་ཀྱི་འཕྱ་སྨོད་ཅི་འདྲར་བརྒལ་བའི་སྙན་ངག་ཅིག་ཡིན་ཚེ།གྲུ་གཟིངས་ལྟ་བུར་དཔེར་མཚོན་བྱས་ན་མི་མཐུན་པ་མེད་དེ།སྙན་ངག་དེའི་དཏོས་་ཤུགས་གང་ལའང་རྩོམ་པ་བོའི་བསམ་བློ་གཏིང་ཟབ་ཏུ་ཉུལ་དགོས་པ་གྲུ་་གཟིངས་དེ་རྒྱ་མཚོ་ཆེན་པོའི་ཕར་ངོགས་སུ་སྐྱོད་པའི་ཚེ་གཡོར་གྲུའི་རམ་འདེགས་ཀྱི་ནུས་པ་ཐོན་དགོས་པ་བཞིན་ནོ། །དེའི་ཕྱིར།དོན་གྱིས་དབེན་པའི་སྙན་ངག་ལ་དགེ་མཚན་གྱི་ལྷ་དར་མི་འབྱུང་བ་ཤུགས་ཀྱིས་གྲུབ་འདུག

   མི་སུ་ཡིན་ཡང་སྙན་ངག་རེ་འབྲི་དུས་བསམ་བློའི་འགུལ་སྐྱོད་སྔོན་དུ་སོང་སྟེ་བརྗོད་བྱ་ཅི་ཡིན་པ་དེའི་སྤྱི་ཁོག་གསལ་བར་བཏང་རྗེས་ད་གཟོད་སྨྱུག་རྩེ་འགུལ་དགོས་པ་ནི།  ལྷ་བཟོ་མཁས་བས་རང་ཉིད་ཀྱིས་བཞེང་བྱར་གྱུར་བའི་ལྷ་སྐུ་དང་ཐང་ག་སོགས་ལ་ཐོག་མར་སྐྱ་ཐིག་ཕབ་པ་བཞིན་ནོ། །

   ཁོ་བོའི་བསམ་ཚུལ་ལ།  སྤྱིར་མི་ཡིན་པ་ཙམ་ཀྱིས་སྙན་ང་འབྲི་ཆོག་པའི་དབང་ཆ་མི་ལྡན་པ་ལྟ་བུའི་བསམ་ཚུལ་ཞིག་སྐྱེས་ཡོང༌།བློ་དང་ལྡན་པའི་མི་ཡིས་སྙན་ངག་འབྲི་བ་ལསལ་ཁའི་ལུག་རྫི་དང༌།ཆུ་ཁའི་ཆུ་ལེན།ད་ལྟའི་སློབ་ཆུང་སློབ་མ།དགོན་མཐར་བུད་པའི་གྲྭ་བཙུན་ཁ་ཤས་སོགས་སྙན་ངག་གི་གཞུང་ལུགས་ལ་བློ་སྦྱོང་ཙམ་སྔོན་དུ་མ་སོང་བ་དག་གིས་བྲིས་ན་སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་གྱི་རྣམ་པ་མཐོ་ཤོས་ཤིག་ཡིན་ཞེས་པའི་རིན་ཐང་རྩ་བ་ནས་ཉམས་འགྲོ་བ་ཡིན།

   ཡང་གཅིག་བཤད་ན།བློ་དམན་པའམ་གསར་སློབ་པ་དག་གིས་སྙན་ངག་གི་གཞུང་ལུགས་སྦྱོང་ཐབས་སུ་རྩོམ་ཡིག་ཐན་ཐུན་རེ་འབྲི་ཁུལ་བྱས་ན་ཤིན་ཏུ་ལེགས་མོད།  དེ་དག་ལ་སྙུ་གུ་དམར་བོས་ལམ་སྟོན་མཛད་ཀྱང་དུས་དེབ་དང་ཚགས་པར་ལས་བྱད་གཟུགས་མངོན་ན་མི་ལེགས་པའི་གནས་སུ་གྱུར་་་འདུགརྩོམ་ཡིག་དེ་རྩོམ་པ་བོ་དེ་ཉིད་ཀྱི་ཟུངས་ཁྲག་ལས་བཀར་བ་དང་ད་ལྟའི་གཞུང་དེབ་ཁ་ཤས་དང་སྒེར་དེབ་སོགས་ཀྱི་སྐུ་བརྙན་འདི་མངོན་པ་རེད།

   གངས་རིའི་ལྗོངས་ཀྱི་རྩོམ་པ་བོ་དང་རྩོམ་སྒྲིག་པ་དག་གིས་རྩོམ་རིག་གི་དུས་དེབ་དང་ཚགས་པར་སོགས་ཀྱི་རིན་ཐང་ལ་དོ་སྣང་བྱེད་དགོས་པ་མ་ཟད།ལག་ལེན་ཁྲོད་ངེས་པར་དུ་ཞུགས་དགོས་པ་ཡིན།

   དཔལ་འབྱོར་དང་སྟོབས་འབྱོར་ཆེ་མི་ཆེའི་མི་རིགས་གང་ཡིན་ཡང་དེའི་རིག་གནས་དར་རྒུད་ཀྱི་ཆ་གཙོ་བོ་དཔེ་དེབ་སོགས་ཀྱིས་མཚོན་ནུས་ཀྱང་མིག་སྔར་རང་མི་རིགས་ཀྱི་དཔེ་དེབ་(སྙན་དེབ་རྐྱང་རྐྱང་གི་ཕྱོགས་ནས་གླེང་བ་ཡིན)གྲངས་དང་བརྗོད་བྱ་གཉིས་ཆ་མ་ཡ་སྡེབ་ཏུ་སོང་བར་འདུག་པས་ཧ་ཅང་གཟབ།

   དེང་གི་ཆར་གྱི་སྙན་ངག་པ་ཚོས་སྙན་ངག་གི་བརྗོད་བྱར་་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་བསྐྲུན་པ་ལས་དུས་གསུམ་གྱི་སྤྱི་ཚོགས་སྲོག་ཏུ་བྱས་བའམ་མི་རིགས་ཤིག་གི་དགའ་སྐྱོ་ཆགས་སྡང་སོགས་ལ་རང་ཉིད་ཀྱི་སྨྱུག་རྩེ་བསྐོར་ན་ད་གཟོད་འཛམ་གླིང་རྩོམ་རིག་གི་ནོ་པེར་བྱ་དགར་ཡང་སྙན་ངག་མཁན་པོ་ཚོ་རྒྱང་ཐག་མི་རིང་བར་སེམས།

༡ ༠

   རང་རློམ་ཅན་གྱི་སྐྱེས་བུ་ཁ་ཤས་ཀྱིས་སྙན་ངག་རེ་བྲིས་ཏེ་འདིར་ད་ལྟ་དོན་འགྲེལ་ལེགས་པོ་ཞིག་འགྲོ་མི་ཐུབ་ལ་ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་ཀྱི་ཀློག་མཁན་ཚོའི་བགོ་སྐལ་དུ་སྙན་ངག་བྲིས་པ་ཡིན་ཟེར་བ་ནི་བྱིས་བའི་ལབ་བརྡོལ་ལྟ་བུར་སྣང་སྟེ།  མི་རང་ཉིད་ནམ་ཞིག་གི་ཚེ་འཆི་བའང་མ་ངེས་བར་ལོ་བརྒྱ་ཕྲག་དུ་མའི་རྗེས་ཀྱི་ཀློག་མཁན་ཚོར་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རོ་མཆོག་ཅིག་སྟེར་མི་ཐུབ་པས་སོ། །

༡༡

   ཚད་ལྡན་གྱི་སྙན་ངག་ཅིག་ཡིན་ན་དུས་རབས་དང་ལོ་རབས།  སྤྱི་ཚོགས་འཕོ་འགྱུར་སོགས་ཀྱི་ལམ་ཆེན་ཅི་འདྲར་བརྒྱུད་ཀྱང་དགོད་སར་དགོད་སླ་ལ། ངུ་སར་ངུ་སླ་བའི་སྒྱུ་རྩལ་གྱི་རོ་མཆོག་ལ་ཉམས་པ་མེད་ཅིང་ཀློག་པ་

བོའི་བསམ་བློ་ཡོངས་སུ་འགུག་ཐུབ་པའི་གསོན་ཉམས་ལྡན་པ་ཡིན་ཏེ། རྗེ་བླ་མ་བློ་བཟང་གྲགས་པའི་རྟེན་འབྲེལ་བསྟོད་པདང༌། བསྟོད་སྤྲིན་རྒྱ་མཚོསོགས་བསྟོད་ཆེན་བཞི་དང་དགེ་ཆོས་ཀྱིཆུང་གྲོགས་རྗེས་དྲནལྟ་་

བུའོ། །

༡༢

  དྭངས་གཙང་གི་བསམ་བློ་བསྡུ་ལེན་དང་དཔེ་ལྟོས་སམ་“ཚུར་ལེན་རིང་ལུགས”ཀྱིས་བཟོ་བཅོས་རྒྱགས་དགོས་པ་མ་གཏོགས། ཨུ་ཚུགས་དང་མཁྲེགས་འཛིན་གྱིས་ས་ཁང་མནན་པའི་གཏམ་རྒྱུད་ལས“ཡར་ཐོན”ཞེས་པའི་

ཐ་སྙད་ཙམ་ལའང་འགྲོག་འདྲེས་ཀྱང་ཆད་པར་ངེས།

༡༣

   ཕྱི་གླིང་བའི་ཚིག་ཉོག་དམ་དུམ་རེར་ཀུན་ནས་འཁྲེང་སྟེ་རང་མི་རིགས་ཀྱི་མཛེས་དཔྱོད་སེམས་ཁམས་དང་ཁ་བྲལ་ཏེ“ཚིག་ཤོམ་རང་ལུགས་”པའི་ཕྱག་སྲོལ་རྒྱུན་འཁྱོངས་བྱས་ན་སྙན་ངག་པ་ཚོས་མི་རིགས་གཞན་གྱི་སྐྱུག་བལྡད་ཟ་པའི་ལས་ཀྱང་འཛིན་པར་བསྙོན་དུ་མེད།

༡ ༤

   སྙན་ངག་པ་ཁ་ཤས་ཀྱིས་རང་ཉིད་ཀྱི་ཧམ་སེམས་དང་འདོད་ཆགས་ཀྱི་ཁ་ཤ་ཡོངས་སུ་གནར་ཏེ“དུང་ཟླ”ལྟ་བུའི་ལང་ཚོའི་གཟི་དཔལ་ལ་སྙན་ངག་གིས་ལྕེ་ལྡག་བྱེད་པ་ནི།  ཤེས་རབ་ཀྱི་ནོར་སྐལ་དུ་གྱུར་བའི་སྙན་ངག“ཆེས་བྲིན'་ལྟ་བུའི་ཚོང་རྫས་སུ་གྱུར་བས་ཧ་ཅང་མི་མཛེས།

༡ ༥

   སྙན་ངག་ཅེས་བ་འདི་འཚོ་བ་དང་དུངས་སེམས་གཉིས་ལྷན་ཅིག་བྱེད་རྐྱེན་དུ་གྱུར་བ་མ་ཟད།  སྙན་ངག་མཁན་པོའི་བསམ་བློའི་གཏིང་ཟབ་ལས་རྦ་རླབས་བཞིན་ནན་གྱིས་འཕྱོ་བའི་རོ་མཆོག་བརྒྱ་ལྡན་གྱི་ཉིང་བཅུད་ཡིན་པ་ལས།གང་དགར་གཡུག་ཆོག་པའི་དོན་བྱེད་ནུས་པ་ཙམ་མ་ཡིན།

༡༦

   བོད་བྱིངས་ཀྱི་རྩོམ་རིག༡༨༠ལོ་ནས་བརྩིས་ན་དུས་སྐབས་ཆེན་མོ་དྲུག་གི་བརྒྱུད་རིམ་ལས་འཚར་ལོངས་བྱུང་བའི་རྩྭ་ཐང་གི་ཤེའུ་ཞིག་དང་འདྲ་ལ།འོན་ཀྱང༌།  དེར་བློ་སྦྱོང་བྱེད་པའི་མི་རྣམས་ཆོག་ཤེས་ཀྱི་བཟི་ཁ་ལས་ཐར་མི་ཐུབ་པ་ནི་རྩོམ་པ་པོ་རང་ཉིད་ཀྱི་སྒྱིད་ལུག་དང་ཚུལ་འཆོས་ཀྱི་གདོང་འབག་

དེའི་དབང་གིས་རེད།

༡༧

   མཛེས་སྡུག་གི་རྒྱབ་རྟེན་ཞིག་དང་རང་ཉིད་ཀྱི་གཤིས་ལུགས་གཙོ་འཛིན་བྱེད་རྒྱུ་ནི་རིག་གནས་ཀྱི་དུས་རབས་འདིར་སྐྱོད་བྱེད་ཀྱི་འཛིན་བྱང་ལྟ་བུ་ཡིན།དེ་ལས་ལྡོག་སྟེ་ལུང་རིགས་ཀྱི་རྒྱབ་རྩ་དང་རང་གཤིས་མེད;པ་ནི་བྱེ་མའི་འཆིང་བུ་དང་མཚུངས་སོ། །ང་ཚོ་གངས་ཅན་པའི་རྩོམ་རིག་སྙན་སྟེགས་སྟེང་གི་སེམས་ཅན་ཚོར་ཡ་ང་བའི་རྒས་སྟངས་སྣ་ཚོགས་ཤིག་ཡོད་པ་ནི། གཙོ་བོ་རང་ཉིད་ཀྱིས་སྙན་ངག་ཅེས་པ་དེ་སྡེ་ཆེན་པོའི་སྲང་ལ་མ་འཇལ་བ་དང་ལྷད་མེད་དྭངས་གཙང་གི་མི་རིགས་རང་བཞིན། རང་བྱུང་ཁམས་ཀྱི་མཛེས་སྡུག་གི་ཉིང་ཁུར་གཏན་ནས་རྒྱུས་ལོན་མེད་པ་དེ་རེད།

༡༩

   ཉེ་སར་རང་རེའི་སྦྲང་ཆརསོགས་གཙོ་བྱས་སྙན་ངག་ཐད་ཀྱི་བགྲོ་གླེང་ཞིག་སྟེ།  རྩོམ་པ་བོ་རྒན་གྲས་དག་གིས་གོ་དཀའ་བ་སྙན་ངག་གི་ཡོན་ཏན་དང་ཡང་ལ་ལས་གོ་སླ་བ་སྙན་ངག་གི་ཡོན་ཏན་དུ་བཞག་སྟེ་རང་རང་སོ་སོ་ནས་སྒྲུབ་བྱེད་མང་དུ་བཏང་ཡོད་མོད་ཀྱང༌། བདག་གི་བསམ་པའི་ལངས་ཕྱོགས་ལྟར་ན།  དེ་གཉིས་ཀྱི་གང་རུང་སྙན་ངག་གི་ཡོན་ཏན་དུ་བཞག་ན་ཅུང་འཐུས་ཚང་མ་ཡིན་པའི་སྐྱོན་ཡོད་པར་སྣང༌།

༢ ༠

   སྙན་ངག་པ་དག་གིས་རང་ཉིད་ཀྱི་བསམ་བློས་ཡོངས་སུ་བཅིངས་པའི་ཐོན་རྫས་གསར་བ་དེ་གོ་དཀའ་བའི་ལམ་ནས་བརྒྱུད་ཀྱང་ཆོག་ལ། གོ་སླ་བའི་ཐད་ནས་བཤམས་ཆོག་ཆོག་ཏུ་འདུག མཐའ་གཅིག་ཏུ་འདི་ནི་སྙན་ངག་གི་

ཡོན་ཏན་ནོ་ཞེས་མི་བརྗོད་པར་བྱའོ། །

༢༡

   རྨ་ཁུགས་གཉིས་པའི་འོད་ཟེར་གྱི་གླིང་ག་ཞིག་ནས་འཁྲུངས་པའི“མར་མེ་གྲུབ་མཐའ“ཞེས་པའི་བསྒྲགས་གཏམ། ང་ཚོ་གངས་ཅན་པའི་རྩོམ་རིག་གི་དགའ་ཚལ་དུ་སྤེལ་ཐུབ་པར་བྱུང་བ་ནི། མི་རིགས་རང་བཞིན་གྱི་རྩོམ་རིག་གཞུང་ལུགས་འགྲུབ་པའི་ཐོག་མའི་ཆ་རྐྱེན་ནམ་གྲུབ་ཆ་ཉག་གཅིག་ཏུ་འཁུམས་སྙན་ངག་གི་རྒྱལ་སྲས་ཚོས་ཕྱོགས་རིས་ཀྱི་དྲ་བ་ཡང་དག་པའི་བསམ་བློརྣལ་མས་བཅད་དེ། མར་མེ་གྲུབ་མཐའི་ཕྱི་ནང་གི་རང་གཤིས་ལ་མཛེས་སྡུག་གི་འགུལ་སྐྱོད་ཐོག་མར་བྱས་ཏེ་ད་གཟོད་བླང་དོར་གྱི་ཆ་ལ་ཞུགས་པ་ལས།མཐོང་མ་ཐག་རྒྱུས་མེད་ཀྱི་འགྲོན་པོར་གཤེ་གཤེ་གཏོང་བ་དང༌།་ “འཇིགས།སྐུལ་རང་ལུགས”ཞེས་པའི་ཐ་སྙད་ཀྱི་བཙན་རྫོང་རེ་རེ་ལེགས་སྐྱེས་སུ་ཕུལ་བ་ནི་རང་ཉིད་ཤ་ཟ་ཁྲག་འཐུང་བའི་གཏུམ་སྤྱོད་ཅན་གྱི་མི་རིགས་ཤིག་གི་ཁོངས་གཏོགས་པ་ར་སྤྲོད་བྱས་པ་ལས་དྲི་མེད་ཀྱི་གཅེས་ནོར་ཞིག་མ་ཡིན་པ་མཁྱེན་ལྡན་དག་གིས་དཔྱད་ན་ཤེས་སླའོ། །

༢ ༣

   བོད་མི་རིགས་ཀྱི་རྩོམ་རིག་གཞུང་ལུགས་འཐུས་ཚང་མ་ཡིན་པའི་དུས་སྐབས།  རང་རེའི་མཛེས་དཔྱོད་སེམས་ཁམས་དང་ཕུན་སུམ་ཚོགས་པའི་སྐྱོན་སོགས་དང་ཁ་མ་བྲལ་བའི་ངང་སྙན་ངག་གི་གྲུབ་མཐའ་དང་ལྟ་བ།  མདོརྣོ་སྙན་གཞུང་གི་མ་ལག་ཏུ་གྱུར་བའི་བསམ་བློའི་ཐོན་རྫས་གྱ་ནོམ་པ་རེ་ཕུལ་ན་ང་ཚོས་ལྟད་མེད་དྭངས་གཙང་གི་སེམས་ཁམས་ལས་སྨོན་ལམ་དཀར་བོའི་མཛེས་སྡུག་གི་དབྱངས་རྟར་དྲང་དགོས་པར་སེམས་སོ། །

༢ ༤

   མི་སྒེར་གྱི་ཟུངས་ཁྲག་དམར་བོའི་སྙུག་རྩེ་རུ་ཤེས་རབ་ཀྱི་མེ་ཙང་འབར་སྲིད་ན།  སྙན་ངག་ནི་ཤེས་རབ་ཀྱི་བྲན་གཡོག་རེད།

༢ ༥

   དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་གི་གཟི་བརྗིད་དང་བཅས་རང་ཉིད་ཀྱི་མིང་བྱང་རྒོད་པོ་བཞིན་འཕུར་བའི་སྙན་ངག་པ་ཞིག་ཡིན་ཚེ།‘ཐོག་མའི་བསམ་བློའི་ཇུས་འགོད་ལྟར་སྙན་ངག་ཐད་ཀར་འབྲི་བ་ལས། རྗེས་

ཕྱོགས་ཞུ་དག་དང་སྣོན་འཕྲི་བྱེད་པ་ནི་ཧ་ཅང་ཐབས་སྡུགས་ཤིག་རེད། ད་དུང་དེའི་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་བསམ་བློ་བ་དག་གིས་སྙན་ངག་སྐྱེད་བསྲིང་ཐད་ལ་གཉིས་སུ་ལྷུང་བའི་སྐད་ཆ་བཤད་མེད།།

༣༥

   སྙན་ངག་ནི་མཁའ་དབྱིངས་ཀྱི་དུང་ཟླ་ཡིན་ཚེ།  རང་ལས་གཞན་པའི་འགྲོ་བ་སྤྱི་ལ་ཕོག་པའི་རེས་མེད་ཀྱི་འོད་ཟེར་དག་དེའི་གཟི་བརྗིད་དང་རིན་ཐང་ཡིན་ལ།  སྙན་ངག་པའང་ས་སྒང་རིལ་བོའི་གས་སྲུབས་ལས་བྱུང་བའི་མེ་ཕུང་ཞིག་ཡིན་ཚེ་དེའི་འབར་ཤུགས་དང་འོད་རླབས་ནི་ཕྱོགས་བཞིའི་རླུངོ་གི་རམ་འདེགས་ལ་མ་བརྟེན་པ་ཞིག་ཡིན་མི་སྲིད་མོད།  རང་སྐྱ་འཛིན་པའི་བྱད་གཟུགས་ལ་འགྱུར་ལྡོག་མེད་པ་ཞིག་ཡིན་དགོས།

༣༦

   ལོ་རོབས་བརྒྱད་ཅུ་བའི་ནང་མཁས་དབང་དོན་འགྲུབ་རྒྱལ་ལགས་ཀྱིས་༡ཁོ༨༣ལོའི་སྦྲང་ཆརདེབ་གསུམ་པའི་སྟེང་ལང་ཚོའི་རྦབ་ཆུསྤེལ་བ་ནས་བཟུང་ང་ཚོར་སྙན་ངག་གསར་བ་འདིའི་སྲོལ་བཏོད།  རང་རེའི་རྩོམ་པ་བོ་རྣམས་ཀྱིས་འདས་པའི་ལོ་ངོ་ཉི་ཤུའི་ཡར་སྔོན་ཙམ་ནས་བྲིས་པ་ཡིན་མོད།དེ་ནི་སྲོལ་རྒྱུན་གྱི་རྣམ་པའི་ཁྲོད་ནས་གསར་བའི་གྲས་སུ“ཐོལ་བརྒལ'་བྱུང་བ་ནི་ཧ་ལས་བའི་སྣང་བ་ཞིག་གོ།

༣༧

   བློ་སེམས་ནང་དུ་བཀུག་སྟེ་དཔྱད་ན་ང་ཚོའི་སྙན་ངག་གསར་བ་འདིས་ད་དུང་རང་ཉིད་འཚོལ་བཞིན་པའི་སྒང་ཡིན།  མི་རིགས་རང་གི་སྙན་ངག་རང་གཤིས་དང་རྣམ་པ།  མཛེས་དཔྱོད་སོགས་ལ་བྱང་ཆ་མེད་པ་མ་ཟད། མི་རིགས་གཞན་པའི་རྩོམ་པ་བོ་ཞིག་གིས་བྲིས་པ་ལྟ་བུའི་ཉམས་སྣང་སྟེར་བར་འདུག་ལ།  ད་དུང་ཐད་ཀར་རྒྱའི་རྩོམ་ཡིག་དང་ཕྱི་གླིང་པ“ཧོ་ཐི་མིན'་གྱི་སྙན་རྩོམ་ཚུར་བསྒྱུར་བ་ལྟ་བུའི་སྟངས་ཀ་ལྷུན་ཆགས་སུ་གྲུབ་ཡོད།

                        ༣༨

   དོན་དངོས་སུ་རང་ཉིད་འཚོལ་བཞིན་པའི་སྙ་ངག་གི་ཁྱེའུ་དེ།  ལྷད་མེད་རང་ཆས་སུ་བསྒྱུར་རྒྱུ་ནི་མི་རིགས་འདིའི་སྨྱུག་འཛིན་པ་ཚོར་རག་ལས་པ་ཡིན་ཕྱིར།  བཞུད་ཟིན་པའི་མེས་པོ་རྣམས་དང་ཕ་ཡུལ་གྱི་ཡབ་ཡུམ་ཚོར་ཁག་ངན་མི་དཀྲི་པ་དེའོ། །

༣༩

   སྲོལ་རྒྱུན་སྙན་ངག་དང་སྙན་ངག་གསར་བ(རང་མོས་སྙན་ངག)འི་ཁྱད་པར་རྐང་བའི་རིང་ཐུང་ཙམ་གྱིས་འཇོག་པ་ནི་ཧ་ཅང་བློ་མིག་ལྡོངས་བའི་རྟགས་རེད།  དེ་གཉིས་ཀྱི་ཁྱད་པར་ནི་ལུས་སྲོག་རྒྱན་གསུམ་གཙོ་བྱས་ཏེ་བརྗོད་བྱ་མཚོན་ཀྱི་རྗོད་བྱེད་བཀོལ་སྤྱོད་བྱེད་སྟངས་སྣ་ཚོགས་ཀྱི་སྒོ་ནས་འབྱེད་པ་ཡིན་ནོ། །

༤༠

   ང་ཚོའི་སྙན་ངག་གསར་བ་དེ་ལྷད་མེད་རང་ཆས་སུ་བསྒྱུར་དགོས་ན་མི་རིགས་རང་བཞིན་དང༌།  མཛེས་དཔྱོད་སེམས་ཁམས།  རིག་གནས་སེམས་ཁམས།  ཡུལ་ལྗོངས་མཉམ་བསྲེས་སོགས་འབུར་དུ་ཐོན་པའི་ཁྱད་ཆོས་དེ་དག་དང་ངོ་བོ་དབྱེར་མེད་དུ་ལོངས་སུ་སྤྱད་ན་ད་གཟོད་རང་མི་རིགས་ཀྱི་ལྷུན་ཆགས་སུ་གྲུབ་པའི་སྙན་ངག་གི་རྣམ་པ་ཞིག་ཐོན་འོང་བར་སྙམ་མོ། །

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་གསུམ་པའི་སྙན་ངག་བགྲོ་གླེང་སྟེང་བསྒྲགས་པའི་སྡོམ་ཚིག

2010-04-18 རགས་ཤུལ་བསམ་གཏན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།