སློབ་ཆེན་པ། ཁྱེད་ཀྱི་ཆེད་ལས་གང་ཡིན་ནམ།

མི་ཁོམ་པའི་རྒྱལ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-16

སློབ་ཆེན་པ་ཞིག་གི་ཚབ་ཏུ།

        ང་ཚོ་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་རིག་གནས་སློབ་གསོ་དང་བསམ་བློའི་སློབ་གསོ་གཉིས་ལ་བར་ཁྱད་ཧ་ཅང་ཆེན་པོ་ཞིག་ཡོད་པ་འདྲ།     སྤྱིར་ང་ཚོ་མི་སུ་ཡིན་ཡང་སྤྱི་ཚོགས་སྟེང་དུ་ཞུགས་འདོད་པའི་མི་ཞིག་ཡིན་ན་རིག་གནས་སློབ་གསོ་དང་བསམ་བློའི་སློབ་གསོ་འདི་གཉིས་ལ་ངེས་པར་དུ་སྦྱོང་བརྡར་ལེགས་པོ་ཞིག་བྱེད་དགོས་པ་བསྙོན་མེད་རེད།   བསམ་བློ་དང་འདུ་ཤེས་ལ་བཅོས་བསྒྱུར་ལེགས་པོ་མ་བྱས་ཚེ་སྤྱི་ཚོགས་སྟེང་དུ་ནུས་པ་འདོན་པའི་སྙིང་སྟོབས་ཡོད་ཐུབ་པ་མ་རེད།       ང་ཚོ་ཆུང་དུས་སློབ་ཆུང་འགྲིམས་སྐབས་གཙོ་བོ་རིག་གནས་སློབ་གསོ་རེད། དེ་ཡང་སློབ་གྲྭ་ནས་ཉིན་རེར་སློབ་ཁྲིད་སྐབས་དགེ་རྒན་རྣམས་ཀྱིས་སློབ་ཚན་གནའ་གཏམ་དང་སྦྲགས་ཏེ་ངོ་སྤྲོད་རགས་ཙམ་བྱས་ཏེ་ལོ་རིམ་འཕར་ཐབས་ཙམ་རེད།  སྐབས་ཐོག་དེར་དགེ་རྒན་ཚོས་བྱིས་པ་དེ་དག་ལ་བསམ་བློ་སློབ་གསོ་ཟེར་བ་ཞིག་བཏང་ཡོང་གི་མ་རེད།  དེ་འདྲའི་སློབ་གསོ་བཏང་ཡང་ཧ་མི་གོ་ནའང་ཐང༌།   སློབ་གྲྭ་གྲོལ་རྗེས་ཕྱིར་བྱིས་པ་དག་རང་རང་གི་ཁྱིམ་དུ་ཐོན་པ་ན་ཞིང་གྲོང་གི་ཕ་མ་ཕལ་ཆེར་ཡིག་རྨོངས་ཡིན་པས་རིག་གནས་སློབ་སྦྱོང་གི་ཐད་དུ་བསླབ་བྱ་རྒྱག་མྱོང་མེད་ལ་རྒྱག་ཡང་ཤེས་ཀི་མེད་ཚོད་འདུག    དེ་ནས་རིམ་བཞིན་སློབ་འབྲིང་དུ་བསྐྱོད་དུས་སློབ་གྲྭའི་ཁོར་ཡུག་དང་ཆ་རྐྱེན་དགེ་རྒན་དག་གིས་སློབ་གསོ་བྱེད་སྟངས་སོགས་ཧ་ཅང་འགྲིག་པོ་བྱུང༌། དེར་བསྟེན་རིམ་བཞིན་རིམ་བཞིན་རང་རང་གི་སེམས་སུ་སློབ་གསོ་ཟེར་ནའང་འདྲ།  རིག་གནས་ཀྱི་ཆུ་ཚད་དང་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་དེ་སློབ་སྦྱོང་གི་ཕྱོགས་ལ་འབད་པ་དང་སྡུག་རུས་   གང་མང་རྒྱབ་པ་ཡིན།ལོ་རེར་རྒྱུགས་འབྲས་ཀྱང་བཟང་པོའི་གྲས་སུ་བསྡད་འདུག རྒྱུན་པར་སེམས་སུ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ན།     སློབ་གྲྭ་ཆེན་མོ་བ་ཞིག་ཏུ་གྱུར་སོང་ན་རང་ཉིད་ཀྱང་ད་ལྟའི་རང་གི་དགེ་རྒན་འདི་དག་དང་འདྲ་བར་སློབ་མཐར་ཕྱིན་རྗེས་དགེ་རྒན་དཔེ་ལེགས་ཅན་ཞིག་ཏུ་གྱུར་ཏེ་ཕྱིར་ཡོང་ནས་བོད་ཀྱི་བྱིས་པ་འདི་   དག་ལ་སློབ་ཁྲིད་བྱས་ཏེ་རང་དང་འདྲ་བའི་བྱིས་པ་མང་པོ་ཤེས་རིག་གི་ལམ་དུ་འཇུག་ཐུབ་པ་བྱ་དགོས་ཡང་ཡང་ བསམ་བྱུང༌།  དེ་ལྟར་སློབ་འབྲིང་གི་འཚོ་བ་དཀའ་སྡུག་དང་འབད་བརྩོན་གྱིས་བསྐྱལ་སོང་ཟེར་ན་མི་ཆོག་པ་མེད་ཉིན་རྒྱུན་སློབ་སྦྱོང་བཟང་པོ་བྱས་པའི་འབྲས་རྟགས་སུ་སློབ་ཆེན་གྱི་སྒོ་ཐེམ་སྟེང་དུ་གོམ་པ་འཇོག་ཐུབ་པའི་སྐལ་བ་བྱུང་སོང༌།    དེ་ནི་ང་རང་ལ་མཚོན་ན་སེམས་ཁོང་གི་རེ་བ་མངོན་འགྱུར་བྱུང་སོང་བ་ཡིན་ལ་མི་ཚེའི་བགྲོད་ལམ་དང་མ་འོངས་པའི་དམིགས་ཡུལ་དང་བསམ་དོན་ཡོངས་འགྲུབ་བྱུང་བ་མ་ཡིན་ནམ་ཞེས་ཡིད་ཀྱི་དགའ་བ་ལུས་ཀྱིས་མནོན་མི་ཐུབ་པ་ལྟ་བུ་བྱུང༌། གྲོང་ཁྱེར་དུ་ཐོན་པ་ན་ཕ་ཡུལ་ཞིང་གྲོང་དང་རྫོང་མཁར་གྱི་འཚོ་བ་དང་གཏན་ནས་མི་འདྲ་བར་ཡོད་ཚད་གྲ་སྒྲིག་དང་བསམ་བློ་གསར་བ་ཞིག་གིས་ཡང་བསྐྱར་ལམ་བུ་དང་དམིགས་ཡུལ་གཞན་ཞིག་ནས་འགོ་རྩོམ་དགོས་བྱུང༌།  དེ་ནི་དེང་སྐབས་ཀྱི་ང་ཚོ་ན་གཞོན་ཤེས་ཡོན་པ་ཚོས་ནམ་རྒྱུན་སྒྲོག་བཞིན་པའི་བསམ་བློ་གསར་བ་དང་ལྟ་བ་གསར་བ།  ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མེད་པར་གཏོང་རྒྱུ།   སྲོལ་རྒྱུན་རྙིང་བ་དང་ཆོས་ལུགས་རིག་གནས་ཀྱིས་བསླུ་བྲིད་འོག་ཏུ་མི་ཚུད་པ།       མི་གཞིའི་སྙིང་སྟོབས་དང་མི་བུ་སྒེར་ཚུགས་ཅན་དུ་བརྩོན་ལེན་བྱ་རྒྱུ་དག་རེད། ངོ་མ་ལོ་ངོ་འདི་དག་གི་རིང་ལ་མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་པའི་དཔེ་ལྟར་ང་ཚོས་གང་དྲན་དྲན་ཞིག་བཤད་ཀྱང་བཤད་ལ་བྲིས་ཀྱང་བྲིས་སོང༌།       ཡང་གཅིག་བཤད་ན་དགའ་འོས་པ་ཞིག་ཀྱང་རེད་རྒྱུ་མཚན་ནི་སློབ་ཆེན་པའི་མིང་བྱང་ཁུར་མཁན་ཞིག་ལ་མཚོན་ན་བཤད་ཕོད་པ་དང་སྒྲུབ་ཕོད་པ་ཟེར་བ་ནང་བཞིན་རིག་གནས་དང་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་བ་དང་བསྟུན་རང་གི་སེམས་སུ་དྲན་པ་དེ་མི་གཞན་ལ་བརྗོད་ནུས་པ་དང་འབྲི་ཐུབ་པ་ཕན་ཚུན་བར་ལ་སྤྱི་ཚོགས་དང་མ་འོངས་པའི་ཁ་  ཕྱོགས་ཐད་དུ་བསམ་བློ་བརྗེ་རེས་བྱེད་ཐུབ་པ་ཞིག་ཅིས་ཀྱང་ཡིན་དགོས།   སྤྱིར་ན་དེ་ཙམ་གྱིས་ད་རུང་ཡིད་ཚིམ་ཆོག་པ་ཞིག་མིན་མོད་དོན་དུ་གོང་གི་ཆ་རྐྱེན་འདི་དག་དང་རིང་དུ་བྲལ་བའི་སློབ་མ་དཔེར་ན་རྒྱུན་དུ་གྲོང་ཁྱེར་གྱི་སྲང་ལམ་དུ་དྲ་ཁང་དང་ཆང་ཁང༌།     རང་དང་མཐུན་པའི་དགའ་རོགས་རེ་འཁྲིད་དེ་ནང་མ་དང་སྤྲོ་སྐྱིད་ཁང་སོགས་ཉུལ་བ།  སློབ་གྲྭའི་ཕྱི་རོལ་དུ་ཁང་བ་ཆུང་ཆུང་རེ་གླས་ཏེ་བཟའ་ཚང་གི་རྣམ་པ་ལྟ་བུའི་འཚོ་བ་རོལ་སྟངས་འདི་དག་ལ་ལྟོས་ཡོང་ན་དངོས་ནས་ཐབས་སྡུག་པོ་རེད།   ནམ་ཡང་ང་ཚོས་ཁ་ནས་བཤད་ཀྱིན་པའི་ལ་རྒྱ་དང་མ་འོངས་བོད་ཀྱི་ལས་དོན་དེ་ཅི་ལྟར་སྒྲུབ་པ་དང་དེ་སྒྲུབ་མཁན་སུ་ཞིག་ཡིན་པ་ཁོར་ཡུག་གཞན་ཞིག་ལ་ཉན་ནས་སྡོད་པ་ལས་ཐབས་གཞན་ཡོད་ས་མ་རེད།  ད་བར་ལོ་རེར་སློབ་མཐར་ཕྱིན་ནས་སྤྱི་ཚོགས་སྟེང་དུ་ཞུགས་པའི་ང་ཚོ་སློབ་ཆེན་པ་དུ་ཡོད་པར་ཚང་རྩིས་ཞིག་རྒྱབ་ཏེ་བཤད་ན་འདི་དག་གིས་བོད་སྤྱི་ཚོགས་ནང་དུ་གསར་གཏོད་དང་ཕན་ ཐོགས་མངོན་གསལ་དོད་པོའི་ངང་ནས་ཡར་རྒྱས་ཀྱི་ལམ་དུ་བསྐྱོད་ཆོག་ཆོག་ཡིན་སྙམ།  ད་དུང་བོད་སྤྱི་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་བསམ་བློ་སྔོན་ཐོན་་གྱི་ལམ་དུ་གོམ་པ་སྤོ་ཐུབ་ཀི་མེད་པ་འདི་ང་ཚོ་སློབ་གྲྭ་ཆེ་འབྲིང་ཆུང་    གསུམ་ཀུན་ལ་བསམ་བློའི་སློབ་གསོ་བཟང་བོ་ཞིག་ཐོབ་མེད་པ་འདིས་ལན་འདུག་སྙམ།    ཁོ་ཚོར་རིག་གནས་ཀྱི་ཆུ་ཚད་མེད་པ་མ་རེད།  ཅི་རེད་ཟེར་ན་ཁོ་ཚོའི་འདུ་ཤེས་བསྒྱུར་མེད་པ་རེད།  ང་ཚོས་ལོ་འདི་དག་གི་རིང་སྐད་ཆེན་པོས་བསམ་བློ་གསར་བ་དང་ལྟ་བ་གསར་བ།  རང་དབང་དང་འདྲ་མཉམ།   མི་གཞིའི་སྙིང་སྟོབས་དང་མི་བུ་སྒེར་ཚུགས་ཅན་དུ་བརྩོན་ལེན་བུ་རྒྱུ་ཟེར་བའི་ཁ་བཤད་དོན་དུ་གནས་མཁན་མི་བུ་འཇོན་ཐང་ཅན་བརྒྱ་ཆའི་བཅུ་ལས་མེད་པས་གཞན་དག་ཡོད་ཚད་སྤྱི་ཚོགས་སྟེང་དུ་རུལ་སུངས་སུ་གྱུར་བ་མ་རེད་དམ།    མདོར་དེད་ན་སློབ་མཐར་ཕྱིན་ཁར་ལོ་རེར་ལས་ཁུངས་སྣ་ཚོགས་ཡོང་དེ་སློབ་མ་ཚོའི་གྲས་སུ་མི་བསྡུ་ལེན་བྱེད་ཚུལ་ཞིག་ཡོད་པས་དེ་དང་    མཉམ་དུ་སློབ་མ་གང་མང་ཞིག་གིས་རང་ཉིད་ཀྱི་ལོ་འདི་དག་གི་རིང་ལ་འབད་འབད་དུང་དུང་གིས་ཧུར་བརྩོན་  བྱས་པའི་ཆེད་ལས་ཀྱི་གྲ་སྒྲིག་དང་གོ་རིམ དམིགས་ཡུལ་སོགས་ཡོད་ཚད་ཀྱི་རིན་ཐང་ལ་གཅེས་སྤྲས་མི་བྱེད་པ་   མ་ཟད།  སློབ་ཆེན་པ་ཞེས་པའི་མིང་བྱང་འདི་ལ་མཐོང་ཆེན་དང་བདག་འཛིན།  དགེ་རྒན་རྒན་རབས་གོང་མ་  རྣམས་ཀྱིས་ངལ་བརྒྱས་བོད་རང་གི་རིག་གནས་དང་གོམས་གཤིས་བཟང་བོ་ན་གཞོན་ཚོར་རྩིས་སྤྲོད་བྱས་པར་བརྩི་མཐོང་དང་ལག་ལེན་གྱི་སྙིང་སྟོབས་མེད་པར་རང་གི་ཆེད་ལས་མིན་པའི་ལས་ཁུངས་དགྱ་ནག་གི་བདེ་འཇགས་ཁང་སོགས་ཀྱི་ནང་ཞབས་ཞུ་སྒྲུབ་པར་ཞུགས་མཁན་མི་ཉུང་བ་ཞིག་ཡོད་པ་འདིས་མཚོན།       ད་ལྟ་ང་རང་ཉིད་ཀྱང་འགྱིག་རྡེའུ་ལྟ་བུར་སྤྱི་ཚོགས་ཀྱི་སྣེ་དང་ཁུགས་སོ་གང་ཞིག་ཏུ་འཇོག་དགོས་པའང་གདེང་ཚོད་མི་རྙེད་ཀི     གང་ལྟར་ལོ་ཆུང་བྱིས་པ་ནས་སློབ་ཆེན་པའི་སློབ་མའི་བསམ་བློའི་འདུ་ཤེས་བོད་མི་དམངས་ཀྱི་ད་ལྟའི་སྐྱ་ཆད་སྔོ་སྡུག་གི་འཚོ་བ་དང་ཐག་ཉེ་སར་གཏོང་མཁན་ཞིག་ཏུ་བསྒྱུར་ཐུབ་པ་བྱ་རྒྱུ་ཧ་ཅང་ནས་གལ་ཆེན་པོ་རེད།

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཆེན་པ། ཁྱེད་ཀྱི་ཆེད་ལས་གང་ཡིན་ནམ།

2010-04-16 མི་ཁོམ་པའི་རྒྱལ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།