སེམས་ནས་བསྒྲོན་པའི་མར་མེ་རྐང་གཅིག།

གྲོགས་འབའ་སེང་སྨྱོན་འདས་ནས་ལོ་འཁོར་གསུམ་ལོན་པའི་རྗེས་དྲན་དུ།

       ཉེ་ལམ་བདག་གིས་གཡེར་ཆུང་གི་སྙན་རྩོམ་མཚན་མོ་རིང་སོང༌། རྨི་ལམ་ཐུང་སོང༌། ཞེས་པ་བཀླགས་རྗེས་ང་ལ་མིག་ཆུ་མང་པོ་འཁོར་བ་ཞིག་སྦྱིན་བྱུང༌།དེ་བཞིན་དུ་གངས་རིའི་ལྗོངས་ཀྱི་ལྷག་བསམ་ཅན་གྱི་གྲོགས་པོ་མང་་དག་ཅིག་གིས་ཀྱང་ཁོང་གི་རྗེས་ལ་རྗེས་དྲན་གྱི་སྙན་ཚིག་མང་པོ་གཏོར་བྱུང་བས་ངའི་ལག་པ་སྙིང་ཁར་སྦྱར་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།ཏག་ཏག་ཉི་མ་འདི་ཚོར་ངའི་སློབ་གྲོགས་འབའ་སེང་སྨྱོན་དྲན་བྱུང༌།ལས་དབང་གི་འཛོམས་ཆད་ཞིག་ལས་ང་ཚོ་ཕ་ཡུལ་འབའ་རྫོང་ནས་ལམ་ལ་ཆས་ཏེ་སློབ་ཆེན་གྱི་གྲུ་ཁ་ཞིག་ཏུ་འཛོམས་ནས་རིག་པའི་གནས་ལ་ཧུབ་ཀྱིས་བཏུངས་མྱོང་ལ།  ཀུ་རེ་རྩེད་མཚར་གྱི་དགོད་གཏམ་ཀློང་ནས་ནར་སོན་པ་ཏག་ཏག་ཁྱེད་དང་ང་ཚོ་མ་ཡིན་ནམ། དེ་དུས་ཀྱི་ཁྱེད་ནི་དུས་ནམ་ཡང་རྩེད་མཚར་ལ་གཞོལ་དྲགས་པས།ཀུ་རེ་ཚུལ་གྱིས་ང་ལ་འབྲོག་མོ་ཞེས་འབོད་ཐེངས་རེ་རེར་ངས་ཀྱང་འབྲོག་སྐད་དྭངས་མོ་ཞིག་གི་ལམ་ནས་ཨ་ལན་བསྐྱོན་པ་ཡིན་ལ།དུས་དེ་ནས་བཟུང་ང་ལ་འབྲོག་མོ་ཞེས་པའི་མིང་བཏགས་གསར་པ་ཞིག་སློབ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་པའང་ཁྱེད་ཀྱི་ཀུ་རེ་ལས་ལན་པ་མ་ཡིན་ནམ།ངའི་རྩེད་གྲོགས་དགོད་གྲོགས།དུས་ད་ལྟ་འཇིག་རྟེན་མི་ཡུལ་ན་ང་ལ་ཁྱེད་ལྟ་བུའི་གྲོགས་པོ་རྣལ་མ་ཞིག་མི་འདུག།  ཁྱེད་ལྟར་འབྲོག་མོ་ཟེར་མཁན་ཡང་མི་འདུག།  ཨ་ཤི་རེ་ཁོ།ངའི་གྲོགས་པོ་བཟང་པོ།དུས་ད་ལྟ་ཁྱེད་རང་འདི་ལྟར་མཐོང་རྒྱུ་མེད་པའི་ཐག་རིང་ཐག་རིང་གི་གནས་གང་ཞིག་ལ་ཕྱིན་སོང་བ་ཡིན།ཁྱེད་ཀྱིས་ང་ཚོའི་ཁ་ཆད་གཡུགས་ནས་ཕྱིར་ལོག་མེད་པའི་གནས་གང་ཞིག་ལ་བཞུད་ཚར་བ་ཡིན།སློབ་གླིང་ནས་ཁྱེད་ཀྱིས་ང་ལ་ལྗང་མདོག་གི་ཕ་སའི་ལོ་རྒྱུས་བརྗོད་མྱོང་ལ་ཁྱེད་ཀྱིས་ང་ལ་མི་ཚེ་ཡི་ལམ་ཆས་གྱ་ནོམ་པ་ཞིག་རྒྱགས་ཕྱེ་རུ་སྤྲད་མྱོང་ཨང༌།

དུས་ད་ལྟ་ཐར་ཐོར་གྱི་ཚིག་འབྲུ་ཁ་ཤས་འབྲི་ཐུབ་པའང་ཁྱེད་ཀྱི་ལྷག་བསམ་གྱི་སྐུལ་མ་ལས་བྱུང་བ་མ་ཡིན་ནམ།ང་ཡི་རྩོམ་གྲོགས་བཟང་པོ།ང་སྡུག་དུས་སྡུག་གཏམ་བཤད་ས༌།ང་སྤྲོ་དུས་རྩེད་གྲོགས་བྱེད་པའི་ང་ཡི་གྲོགས་པོ་བཟང་པོ།ཁྱེད་ཀྱིས་འདི་ལྟར་རྩེད་ཡ་དགོད་གྲོགས་མ་ང་བསྐྱུར་ནས་གནས་གང་ཞིག་གི་སྤྲོ་གླིང་ལ་ཕྱིན་སོང་ངམ།

       བགྲང་བྱ་ལྔ་ཡི་སློབ་ཆེན་འཚོ་བར་རྫོགས་ཚིག་བཀོད་ནས་ང་ཚོའི་མ་ཡུམ་སློབ་ཆེན་རྒྱབ་ཏུ་བསྐྱུར་ནས་རང་རང་གི་ལས་སྣེ་འཇུས།སྐབས་དེ་ནས་བཟུང་ང་ཚོ་བྲལ་སོང༌།ཙོང་ལ་རིང་མོའི་བཞུར་རྒྱུན་དང་འགྲོགས་ནས་གཏན་དུ་གྱེས་སོང༌།དེ་ལྟ་ན་ཡང་ང་ཚོའི་ཁ་པར་དང་ཀློག་ཀླད་ཀྱི་དྲ་ལམ་ངོས་ནས་དུས་ནམ་ཡང་རི་ཆུ་ཕར་ཚུར་གྱི་འཚོ་བའི་གླེང་གཞི་རྒྱུན་ཆད་མྱོང་མེད་ལ་དགའ་ཁ་འཁྱེར་སོའི་ཕྱོགས་པའི་འཚོ་བའི་ཀློང་རྡོལ་ཁ་ཤས་ལས་གྲུབ་པའི་སྙན་ཚིག་གསར་པ་རེ་ཡོད་ན་ཕན་ཚུན་ལ་གྱེར་འདོན་གྱི་ཚུལ་དུ་ཕུལ་བ་མ་ཡིན་ནམ།ཏག་ཏག་སྐབས་དེ་དུས་ཉིད་ཀྱི་རྩོམ་དེབ་ཞིག་དཔར་བསྐྲུན་བྱེད་རྒྱུ་ཡིན་པའི་སྐོར་གྱི་འཆར་གཞི་འཐེན་གྱིན་འདུག་ལ།ངས་ཀྱང་དེ་དང་བསྟུན་ནས་ཁྱེད་ལ་རྒྱབ་བསྐྱོར་དང་དཔལ་འབྱོར་ཐད་ནས་རོགས་རམ་བྱེད་རྒྱུའི་སྐོར་གྱི་སྐད་ཆ་ཁ་ཤས་བཤད་པ་ཡིན།དེ་ནི་ཁྱེད་རང་མ་བཞུད་ཀྱི་ཟླ་བ་ཁ་ཤས་ཀྱི་ཡར་སྔོན་ལ་འེད་གཉིས་ཀྱིས་གཏམ་གླེང་བྱས་པའི་བརྗོད་གཞི་ཏག་ཏག་རེད།    ལོ་དེའི་དབྱར་ཁར་ང་རང་འཇིག་རྟེན་ཨ་མ་ཞིག་ཏུ་གྱུར་ནས་ཕ་ཡུལ་ན་ཡོད་དུས།རྒྱང་རིང་རྒྱང་རིང་གི་ཁྱེད་ཀྱིས་ང་ལ་ཁ་པར་ཞིག་བཏང་བྱུང༌། ཁྱེད་རང་ཕ་ཡུལ་ལ་ལོག་ཐུབ་མ་བྱུང༌། ཆབ་མདོ་ན་ཡོད་ཟེར།   སྐབས་དེར་ངས་ཀྱང་བུ་ཆུང་སངས་རྒྱས་པང་ལ་བཟུང་ནས་སྐུ་འབུམ་བྱམས་པ་གླིང་དུ་མཇལ་སྐོར་ལ་འགྲོ་བའི་སྒང་ཡིན།གྲོགས་པོ་ཁྱོད་ཀྱིས་ཡང་བསྐྱར་ང་ལ་ཨ་མ་འབྲོག་མོ་ཞེས་ཀུ་རེ་ཚུལ་གྱིས་བོས་བྱུང་ལ་ངས་ཀྱང་གྲོགས་ཁྱོད་ཀྱི་སྙན་དེབ་ལ་བར་ཆད་མེད་པའི་སྐྱབས་འཇུག་ཙོང་ཁའི་སྐུ་འབུམ་ན་ཞུ་བཞིན་ཡོད་ཅེས་ཀུ་རེའི་ཚུལ་གྱིས་གཏམ་གླེང་རེ་བྱོས།ཏག་ཏག་དེ་ནི་ཆེས་མཐའ་མཇུག་གི་ཁྱེད་ཀྱི་སྐད་ངག་ཐོས་པའི་ཉི་མ་དེ་ཡིན།ཉིན་དེ་ནས་བཟུང་ང་ཚོ་གཏན་དུ་གྱེས་སོང༌།ཁྱེད་རང་ང་ཚོའི་འཚོ་བ་དང་གཏན་དུ་གྱེས་སོང༌།ཕྱིར་ལོག་མེད་པའི་ལམ་བུ་ཞིག་བསྙེགས་ནས་ཕྱིན་སོང༌།བདེན་སྣང་སྣང་གི་ཡུལ་གྲུ་ཞིག་བསྒོམ་ནས་ཕྱིན་སོང༌།ང་ཡི་རྩོམ་གྲོགས་བཟང་པོ།དུས་ད་ལྟ་མི་ཡུལ་གྱི་འབྲོག་མོ་ངས་མི་ཎི་ཡིག་དྲུག་གི་གཟུངས་མཆོག་གིས་ཁྱེད་ལ་སྐྱབས་འཇུག་ཞུ་བཞིན་ཡོད་ལ༌།སྐྱབས་བསླུ་མེད་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་ཀྱིན་ཡོད།སྐྱེ་འཆི་ནི་ངེས་མེད་ཡིན་པས་འཆི་བདག་གི་ལམ་སྣེ་ནས་ཁྲིད་དུས་ངའི་གྲོགས་པོར་མཆོད་མེའི་ཚོགས་ཀྱི་འོད་མདངས་ལས་ལམ་སྣེ་ཞིག་སྟོན་རོགས།འཇིག་རྟེན་མི་ཡུལ་ན་ཡལ་བ་མེད་པའི་ཁྱེད་ཀྱི་རང་མདངས་དང་ལྷག་བསམ་དཀར་པོ་དུས་ནམ་ཡང་ང་ཚོའི་སེམས་ཁོང་ན།  གྲོགས་པོ་ལགས།  བདེ་བར་བཞུད་ཅིག།ང་ཚོའི་ཁྱེད་ལ་མཆོག་གསུམ་གྱི་སྐྱབས་འཇུག་དང་ཡིག་དྲུག་གི་དབྱངས་རྟའི་ཁྲོད་ནས་སླར་ཡང་མི་ཡུལ་ནས་འཛོམས་རྒྱུར་བསྒུགས་ནས་བསྡད་ཡོད།  ངང་གིས་བསྒུགས་ནས་ཡོད།།   གྲོགས་པོ་ལགས།།

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ནས་བསྒྲོན་པའི་མར་མེ་རྐང་གཅིག།

2010-04-16 རིན་ཆེན་འཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།