རོལ་དབྱངས་དང་ལོ་མ།

སྦྲ་ནག•བློ་བཟང༌། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-16

ཆུ་ཡི་རྒྱུན་གྱི་ཆིལ་ཆིལ་སྒྲ། །

དགོང་དྲོའི་མཁའ་དབྱིངས་སྐྱོ་བར་བྱེད། །

ཀྱེ་མ་ཁོ་བོར་ལམ་བཟུར་ནས། །

སྒྲ་དེ་ཉིད་དུ་འབོད་པར་བྱེད།

                      རྒྱ་གར་གྱི་སྙན་ངག་མཁན་ཐེ་ཀོར་གྱི་ཚིག་གཡར།

                  ཁག་གསུམ་པ།

 སྙིང་ཉེ་བའི་མི་ལགས།སྙིང་ཉེ་ཞེས་པའི་ཚིག་འདི་བཀོལ་བར་དགོངས་འགལ་མེད་པར་ཞུཐེངས་འདིར་ང་རང་ལས་གནས་དང་གྱེས་པ་ནི་ཅི་འདྲའི་དགའ་བ་ལའང་སྙམ་གྱི་འདུག ་ང་རང་གྲོགས་མེད་ཁེར་རྐྱང་དུ་རང་གི་སྡོད་ཁང་ནང་ལ་སྡོད་ཀྱི་ཡོད། ད་ལྟའི་དུས་ཚོད་དང་ཁེ་དབང་ཡོད་ཚད་ང་རང་ཉིད་ཀྱིས་བདག་བཟུང་བརྒྱབས་ཆོག་ཆོག་རེད། བདག་གིས་ང་ལ་བྱ་བཞག་གཞན་ཞིག་བཀོད་སྒྲིག་བྱས་པ་དང་ཁྱོད་ལའང་དེ་འདྲ་བྱས་པ་ནི་ལས་སྐལ་གྱིས་བཟོས་པ་རེད་སྙམ་གྱི་ཡོད།གཞན་ཡང་ང་རང་གནས་འདི་གར་བློ་བདེ་ཡིད་འཇགས་ངང་སློབ་སྦྱོང་ལ་འབད་པ་བྱ་ཐུབ་པས་སེམས་ཞེ་དྲག་དགའ་བོ་བྱུང་ཡོད།མཛེས་སྡུག་གི་ཞིང་ཁམས་ཆེན་པོ་ཞིག་མིན་ཡང་ཁུ་སིམ་མེར་གནས་པ་ནི་བདག་གི་སེམས་སུ་ཕན་པའི་སྨན་མཆོག་ཅིག་རེད་ལ།སྔོ་ལྗང་གི་རྩྭ་ལོ་དང་སྡོང་ལོ།མེ་ཏོག་གི་འདབ་མ་རྣམས་བདག་གི་ཁོར་ཡུག་ཏུ་མགོ་ལྕོག་ལྡེམ་ལྡེམ་བྱེད་ཀྱིན་མཛེས་སྡུག་གི་དྭངས་མ་ཞིག་འཚོལ་བ་དང་འདྲ། ངས་ཀྱང་དེ་ནང་བཞིན་བྱེད་པར་བསམ་བློ་འཁོར་གི་ཡོད།ལང་ཚོ་དར་བའི་དུས་ཚིགས་འདི་ཡིས་བདག་གི་སེམས་ཁོང་དུ་སྤྲོ་སྐྱིད་ཀྱི་བྲོ་བ་གསར་བ་ཞིག་ལྡུད་པར་བྱེད་ཅིང༌།ཡུལ་ལྗོངས་ཉམས་མཚར་བ་ཞིག་ཏུ་རྟག་པར་བདག་འཁྲིད་འགྲོ་ཡི་ཡོད།་རིང་ང་རང་གཅིག་པུས་ཁེར་རྐྱང་གི་ངང་ནས་ཐ་མག་རྔུབས་ཀྱིན་སྡོད་སྐབས་རང་གི་འདས་ཟིན་པའི་ཀྱག་ཀྱོག་དང་གྲལ་དགདྭངས་གཙང་གི་འཚོ་བར་ཕྱིར་དྲན་གྱི་འདུ་ཤེས་དག་གོ་རིམ་དང་གཏན་ཚིགས་ཅི་ཡང་མེད་པར་སྐྱེ་ཡི་ཡོད། བདག་གིས་རྒྱང་རིང་གི་གནམ་སའི་མཚམས་སུ་ན་བུན་ལྟར་གཡོ་ཞིང་འཁྲིགས་པའི་སྨུག་པ་སྲབ་མོ་ཞིག་གིས་གཡོག་གྱིན་པའི་རི་བོ་ཆེན་པོའི་ཤོལ་དུ་ཅེར་དུས། ཁ་དོག་དམར་སེར་གྱིས་སྤྲས་བར་བྱས་པའི་མཚམས་སྤྲིན་དང་ཤག་ཤག་ཏུ་བཞུར་ཡོང་བའི་རྒྱུག་ཆུའི་སྒྲ་དབྱངས།  གྲིབ་སོའི་གཟེབ་དུ་ཤོར་ལ་ཉེ་བའི་ཁྲི་གདུགས་ཉི་མ་ནི་གཡུལ་འཐབ་དྲག་པོའི་ར་བ་ལས་རྨས་སྐྱོན་ཐེབས་ཏེ་ཁྲག་གིས་བརྫིས་པའི་རྨས་མ་ནང་བཞིན་ཉམ་ཆུང་དང་སྐྱོ་ངལ།  ཕམ་ཁ་བཅས་ཀྱི་ངང་དལ་གྱིས་བཞུད་པར་བྱེད། དུས་སྐབས་འདི་ཉིད་ཁོ་ན་ནི་བདག་གི་སེམས་ཁམས་དང་ཤིན་ཏུ་འཚམས། ཉེ་འགྲམ་ན་ཤུར་ཤུར་དུ་རྒྱུ་བའི་རླུང་བུ་ཁོ་ནས་བདག་གི་གསོན་ཤུགས་ཚོར་དུ་འཇུག་སྲིད། ང་རང་གསོན་ཡོད་པ་ངས་ཐོག་མར་ཤེས་རྟོགས་བྱུང་བ་ནང་བཞིན་རླུང་བུ་འདི་ཉིད་ཀྱིས་ང་ལ་ངེས་ཤེས་ཟབ་མོ་ཞིག་སྐྱེ་རུ་བཅུག ཚོར་བ་འདི་ཁོ་ནས་ད་གཟོད་བདག་ཕྱིར་དྲན་གྱི་ཀློང་དུ་ཟབ་ཞུགས་བྱ་ནུས་ཤིང༌། རང་ཉིད་ཁམས་འདི་ཉིད་དུ་སྐྱེས་པའི་དགོས་མཁོ་སྐོང་ཐུབ་ཀི་འདུག ང་ནི་ཐོག་མར་ང་ཡིན་ཞིང་དེ་ལས་ཀྱང་མྱི་ཞིག་ཏུ་གྲུབ་པ་འདི་ཁྱད་དུ་འཚར་བའི་ཚོར་བ་ཉག་གཅིག་པོས་རྙེད་ཡོང་བ་ཡིན། ཐོག་མར་ང་རང་བྱིས་པ་ཡིན་དུས་ནས་ང་རང་མི་སུ་དང་ཡང་འདྲ་བོ་མ་རེད་སྙམ་པའི་སྐྱོ་ངལ་ཅིག་རྒྱུན་པར་སྐྱེ་ཡི་ཡོད། ད་ཆ་ཕྱིར་འདང་གིས་ཞིབ་ཏུ་བསམས་ན་དེ་ནི་ང་རང་མི་གྲལ་གྱི་ལོགས་སུ་ཀར་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད་ལ། རང་ཉིད་ཀྱི་ཕུགས་བསམ་ལ་ཕྱོགས་པར་བར་གཅོད་ཅི་ཡང་མེ ད་པའི་སྔོན་འགྲོའི་མཐུན་གྲོགས་ཀྱང་ཡིན། ལྷིང་འཇགས་ཀྱི་དུས་དང་གནས་བཟང་བོ་འདི་ཡིས་ང་ལ་སད་རྟོགས་ཀྱི་བསམ་བློ་འདི་ཁོ་ནས་མི་ཚད། བསམ་བློ་མང་བོ་ཞིག་གི་སྒོ་མོ་ཕྱེས། གྲོག་ཚང་གི་ཁ་ཕྱེས་པ་ནང་བཞིན། གྲོང་བརྡལ་འདི་ཉིད་ཡིད་དུ་འོང་བར་མི་སྣང་མོད་མཐའ་འཁོར་དུ་སྨྲ་བསམ་བརྗོད་འདས་ཀྱི་རང་བྱུང་མཛེས་ལྗོངས་འདི་འདྲ་ཡོད་པས། གནའ་མིའི་གླུ་གཞས་ལ།  སྨྲ་རོལ་མ་ལག་དྲུག་གི་ཆེ་བ་ནི།  རྔ་ཁོག་བ་གླང་སྐྱ་མོ་སྨྲ་གྱི་ལག  རྡོ་ཁོག་རི་ཐང་ཕྱུག་མོ་སྨྲ་གྱི་ལག  འཛི་སྐ་ལྷ་མོ་དར་ཐང་སྨྲ་གྱི་ལག  གཡུ་ཁོག་སྟག་མོ་འཕྲེད་ཉལ་སྨྲ་གྱི་ལག  རྩང་ཁོག་འདོ་བ་ཁལ་བཀལ་སྨྲ་གྱི་ལག  སྒེག་ཁོག་བྷན་དྷ་གྲུ་བཞི་སྨྲ་གྱི་ལག་ཅེས་བསྟད་མྱོང་བར་ཁག་མི་འདུག བདག་གིས་བློ་སེམས་གཅིག་སྒྲིལ་ངང་ད་ལོའི་དཔྱིད་ཁ་ལྟ་བུའི་དབྱར་ཀྱི་དུས་ཚིགས་ཀྱི་བསུང་ངད་འཐུལ་བའི་དགོང་དྲོ་རེ་རེར་མྱོང་རོལ་བྱེད་ཀྱིན་ཡོད། དེ་ལྟར་བྱས་ན་བདག་ལ་ཁེ་ཕན་ཆེན་པོ་ཞིག་ཐོབ་ཡོང་སྙམ་པ་ཡིན་ཏེ། བདག་གི་རྣམ་ཤེས་ཧྲིལ་བོ་དྭངས་ཤིང་གསལ་བར་བྱེད་སྲིད་ཀི འདི་གར་བདག་གཅིག་པུས་ཚེ་སྲོག་གི་སྤྲོ་བ་རོལ་བཞིན་ཡོད་ལ། གནས་འདི་ནི་བདག་དང་འདྲ་བའི་རྣམ་ཤེས་དག་ལ་ཆེད་དུ་བསྐྲུན་པ་ཞིག་ཀྱང་མིན་ནམ་སྙམ་པའི་འཁྲུལ་སྣང་སྐྱེ་སྲིད། སྙིང་ཉེ་བའི་མི་ལགས། ང་རང་དངོས་གནས་བདེ་སྐྱིད་དང་ལྡན་པ་ཞིག་སྟེ། དབེན་འཇམ་སྤྲོ་སྣང་གི་ཀློང་དུ་ཞུགས་ནས་སེམས་ཀྱི་ཕྱི་ནང་ཡོད་ཚད་བཀྲམས་སྟོན་བྱ་བར་དཀའ་ཁག་ཅི་ཡང་མེད། དུས་ད་ལྟ་ལས་རླབས་ཆེ་བའི་དཔྱིད་ཀ་ཞིག་ནམ་ཡང་ཐོན་མི་སྲིད། མཛེས་སྡུག་ཡིད་འཕྲོག་གི་ལུང་བ་དང་རི་ངོགས་ཐམས་ཅད་ན་སྨུག་རླངས་ཐུལ་ཐུལ་དུ་གཡོ་ཞིང༌། མཁའ་རུ་དཔྱངས་པའི་ཉི་མའི་འོད་ཀྱི་ཐིགས་པ་དག་ཡལ་འདབ་སྟུག་པོས་གབ་པའི་ནགས་གསེབ་དུ་འཕྲོས་ཤིང༌། ཐར་ཐོར་དུ་གཡོགས་པའི་ལོ་མའི་ཁྲོད་ནས་ཉི་ཟེར་ཕྲན་བུ་ལྗོན་པའི་འཇིངས་སུ་འཛུལ་འདུག ནུབ་ཁའི་ཉི་མ་འདི་ཁོ་ནར་དྲོད་འཇམ་ལྡན་པར་མ་ཟད་ཚ་ཟེར་གྱི་གདུག་རྩུབ་གཏན་ནས་བྲལ། ནུབ་ཁ་འདི་ཡིས་ད་དུང་བདག་ཁྱོད་ལ་དགའ་བའི་ངང་ཚུལ་དེའང་མཚོན་ཐུབ་ཀི ཏག་ཏག་ནུབ་ཁ་ལྟ་བུའི་བརྩེ་དུངས་དེ་ཉམས་རྒུད་དུ་འགྲོ་ཡི་ཡོད། ལན་ཁག་ཡོད་ཚད་ང་ལ་བཀལ་ཆོག དུས་ཚོད་ནི་ཕྱོགས་རིས་མེད་པའི་དྲང་བདེན་པ་ཞིག་རེད། དུས་ཚོད་ཀྱིས་རེ་སྒུག་མཁན་ལ་མནར་གཅོད་གཏོང་གི་རེད། ཀྱེ་མ་བདག་གི་རྣམ་ཤེས་ཀྱི་ཟེར་མ་ཉག་གཅིག་ས་གཞི་ཆེན་པོའི་མཛེས་ལྗོངས་སུ་ཐིམ་དུས། ང་རང་རྟག་པར་རེ་བས་ཁེངས་ཤིང་བློ་རྩེ་བསྒྲིམས་ཏེ་བསམ་གཞིག་བྱེད་ཀྱི་ཡོད། ང་ཡིས་ཁྱོད་ལ་ཐོག་མའི་སྐད་ཆ་“ང་ཁྱོད་ལ་དགའ་”ཞེས་ལབ་པ་ནས་རྒྱུན་པར་བདག་གི་ཧམ་སེམས་ལ་ཚོད་འཛིན་བྱེད་མ་མྱོང་ལ། དྲན་པའི་མིག་ཆུ་ལའང་སེར་སྣ་ཁྱོན་ནས་མ་བྱས། འོན་ཀྱང་ཁྱོད་ཀྱི་རི་རབ་ལས་ལྕི་བའི་བརྩེ་བ་དེ་འཚོལ་བར་བདག་གི་ཤེད་ཀྱིས་མི་ཐེག་སྟེ། ང་ཡིས་བརྗིད་ཆགས་རབ་མཛེས་ཀྱི་བླ་མེད་ཟིལ་ཤུགས་འོག་ཏུ་སྤོབས་པ་ཞུམ་ནས་ཚོད་འཛིན་དང་ངག་བཅད་བྱེད་དགོས་སོང༌། དགོངས་འགལ་མེད་པར་ཞུ། དཀོན་མཆོག་གི་ཞལ་ལ་གཟིགས་ནས་རང་སྟེང་དུ་བསམ་གཞིག་རེ་བྱེད་པར་འཚལ། བདག་གིས་ཧུར་བརྩོན་གྱིས་བཙལ་ནས་ཐོབ་པ་དེ་ཙམ་རེད་ལ། ཁྱོད་ཀྱིས་ངོ་ཤེས་བྱུང་བའི་སྙན་ངག་འབྲི་མཁན་དེས་བཞགས་པའི་བག་ཆགས་ཀྱང་དེ་ཙམ་རེད། བདག་གིས་འདི་ལྟར་གཏིང་ཟབ་པའི་བརྩེ་དུངས་ཉིད་དྲན་གསོ་བྱས་ཏེ་ཡང་བསྐྱར་ཤོག་ངོས་སུ་འབྲི་བསམས་ཚེ། ང་ཡི་སྙིང་སྟོབས་འཕེལ་བར་གྱུར་མོད་མིག་མདུན་དུ་གནས་བབ་ཇི་ལྟར་ཡི་མུག་པར་ཆགས་པ་ཚོར་དུ་འཇུག འུ་གཉིས་ཀྱི་རྣམ་ཤེས་བར་དུ་མི་གཙང་བའི་ཡོལ་རས་ཆེན་པོ་ཞིག་འཐེན་པ་དང་འདྲ་བར་མིག་ཆེན་པོ་ཇི་ལྟར་དགྲད་ཀྱང་མཛེས་སྡུག་གི་དར་གོས་དེ་མཐོང་ཐབས་དབེན། ཡོལ་ངོས་སུ་འབྱར་བའི་འཇའ་རིས་དག་ཀྱང་སྐད་ཅིག་ཉིད་ལ་གློག་འཁྱུག་པ་ནང་བཞིན་ཡལ་ནས་འགྲོ་བས། ནུས་ཤུགས་ཡོད་ཚད་རྒྱུན་རིང་གནས་ཐུབ་པའི་བྱ་དངོས་ཧ་ཅང་དཀོན་པ་མ་ཟད། མཐའ་མར་བསེར་བུའི་ནང་ཚུད་དེ་རླུང་ཆེན་པའི་ཁྲོད་དུ་ནུབ་པ་དང༌། ཡང་ན་གངས་རིར་བརྡབས་ཏེ་ཕྱེ་མར་གྱུར་ནས་འཐོར་འགྲོ། ང་ཡི་སེམས་པ་འདི་མནར་དྲག་པས་ང་ལ་གཉིད་འགུག་གླུ་གཞས་ཤིག་དགོས་ཀྱི་འདུག སཱ་ཁི་སིའི་རོལ་དབྱངས་ལས་རང་ཡུལ་དུ་ལོག་པ་ཞེས་པ་དེ་ཐེངས་གཅིག་གཏོང་རོགས་གནོང༌། བདག་གི་བརྩེ་བའི་དཀོན་མཆོག་ལགས།

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོལ་དབྱངས་དང་ལོ་མ།

2010-04-16 སྦྲ་ནག•བློ་བཟང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།