ཐལ་ལྕག

བདེ་སྐྱིད་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-04

བུ་ཆུང་སེམས་ཀྱིས་གཅེས་ན།  ཐལ་ལྕག་གི་རྒྱུན་མི་ཆད།
                 བོད་ཀྱི་གཏམ་དཔེ།
ཨ་མའི་བུ་ལོ།  ད་ནི་ཡུན་རིང་འགོར་བའི་ངུ་སྐད་དེ་ངའི་རྣ་ལ་ཧ་ཅང་གཟན་པས།  མྱུར་དུ་མཚམས་འོག་པར་གྱིས་ཤིག   སུ་ཞིག་གིས་ཁྱོད་ལ་ཆུ་མིག་ལྟར་བརྡོལ་བའི་མིག་ཆུ་དྲངས་འོངས་ལ།  སུ་ཞིག་གིས་ཁྱོད་ལ་རླུང་སྒྲ་ལྟར་རྩུབ་པའི་ཨག་སྐད་བསྩལ་མྱོང༌།  ངས་ཁྱོད་ལ་ཐེངས་དང་པོར་ཐལ་ལྕག་ཅིག་གཞུས་པ་ནི་ཁྱོད་ཀྱི་བློ་ཡུལ་ལས་འདས་པས་ཡིན་ནམ།  ཁྱོད་ཀྱིས་རང་སེམས་ཆུང་ཆུང་དེ་ང་ལ་ཡོངས་སུ་བརྙེས་ནས་གཉིད་ཡོད་པས་ཡིན་ནམ།  
འོན་ཀྱང༌། གཅེས་ཕྲུག་ལགས།  ང་ཚོས་ཕ་མེས་ཡང་མེས་ནས་བརྒྱུད་པའི་མཛེས་སྡུག་གི་རིག་གནས་དང་ཡ་རབས་ཀྱི་སྤྱོད་བཟང་མང་པོ་ཞིག་རྒྱུད་འཛིན་བྱེད་དགོས་པས།   ཨ་མས་ཁྱོད་ལ་གྲབས་པའི་ཐལ་ལྕག་དེའི་གོ་དོན་ཁྱོད་ཀྱིས་ངེས་པར་རྟོགས་དགོས།  ངས་རྒྱུད་དུ་ཁྱོད་ལ་དེ་ལྟར་བཤད་མྱོང་ལ་ཁྱོད་ཀྱིས་ཀྱང་ཐེངས་གང་མང་ཉན་མྱོང་ཡོད་པ་རེད།   རྒན་ལ་བརྩི་བཀུར་བྱེད་ཤེས་ན་ཡ་རབས་ཀྱི་བྱ་སྤྱོད་ཅིག་ཡིན་པ་མ་ཟད་རང་རེའི་སྲོལ་བཟང་ཞིག་ཀྱང་ཡིན་ཏེ།  ད་ལྟའི་ངེད་གཉིས་ཀྱི་གྱོད་གཞིའི་རྩ་བའང་དེ་ལ་ཐུག་ཡོད།   ཡིན་ཡང་ཁྱོད་ཀྱི་གདོང་ནས་ཐད་ཀར་ངའི་སེམས་ལ་མྱོང་ཚོར་ཞིག་སྦྱིན་འོངས་པ་ནི་འདི་ལྟ་སྟེ།  “ཁྱོད་ཚོ་མི་རྒན་ཚོའི་ལུགས་སྲོལ་གོམས་གཤིས་མང་པོ་དེ་དག་ངས་སྔར་གོ་མ་མྱོང།  དེ་ང་དང་ཐག་ཤིན་ཏུ་རིང༌། ངས་དེ་ཤེས་མི་འདོད།  ང་ལ་དེ་འདྲའི་གཟུགས་མེད་ཀྱི་འཆིང་རྒྱ་ཞིག་གཏན་ནས་མི་དགོས། ང་རང་རང་མོས་ཀྱི་རྩེད་མཚར་ལ་རོལ་དུ་ཆུགས།  ངའི་ཡན་ལག་གི་འགུལ་སྐྱོད་ལ་རྒྱུན་དུ་ཚད་བཀག་ཐེབས་ནས་རང་དབང་མེད་པའི་རྒྱུ་མཚན་ཅི།  རྒན་ལ་བརྩི་བཀུར་བྱེད་དགོས་པ་བདེན་ན།  ཆུང་ལ་བྱམས་སྐྱོང་བྱེད་དགོས་པའང་ཁྱོད་ཚོ་མི་རྒན་ཚོས་ལབ་པ་མིན་ནམ།  བདག་གི་ཨ་མ།   ”

རྩོམ་ཁུངས། ཆར་ཟམ་ཟིམ། སྨུག་ལང་ལོང༌།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐལ་ལྕག

2010-04-04 བདེ་སྐྱིད་སྒྲོལ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།