རི་བོང་ལྔ་དང་རྔོན་པ་དྲུག
རྣ་གཤོག་རིང་མོ ལྡེམ་ལྡེམ ལྡེམ་ལྡེམ
མིག་ཟུང་སྒོར་མོ ཅེ་རེར ཅེ་རེར
ཚེ་སྲོག་ཆུང་ཆུང་ལྔ རེས་སྐུང་རེས་མངོན གཅིག་ལྡིང་གཉིས་ལྡིང་མགོ་བོ་ཀྲོག་ཀྲོག་གིས་སྡོད་ཅིང་ལག་སུག་འདར་འདར་གྱིས་འབྲོ དགོ་ཁྱུ གནའ་ཁྱུ རྐྱང་ཁྱུ འབྲོང་ཁྱུ་་་ ་་་ རེ་རེ་བཞིན་གཤར་ཤུལ་ཏུ སྐྱ་སོག་སོག་གི་རྩི་གསེབ་དང་སྟོང་སིང་སིང་གི་རི་ཐང་ལ ཆེས་མཐའ་མཇུག་གི་སུག་རྗེས་རེ་རེ་ཕབ
སྐག-སྐག་སྐག -སྐག-
སྐྱ་ལོག་ལོག་གི་བེམ་པོ་ཆུང་ཆུང་ལྔ རྣ་གཤོག་རིང་མོ ལྡེམ་མེར ལྡེམ་མེར
མིག་ཟུང་སྒོར་མོ་ཅེ་རེར ཅེ་རེར
ས་སྲོས མཚམས་སྤྲིན་ཁྲག་ལྟར་དམར་བའི་ས་སྲོས་སུ རྩྭ་ཐང་གི་ལྷིང་འཇགས་སྙིང་ལ་གཟན
རྩོམ་ཁུངས། ༢༠༠༤ལོའི་དུས་རབས་ཀྱི་ང་།