དྲང་བདེན་གྱི་རྣམ་ཤེས་སྦྲུམ་པའི༼བུ་ཆུང་༽ཞིག་ལ།

  ཁ་སང་།    བྱང་སྐར་གཅིག་གི་འབྱུང་གཞི་ལ་གནོད་འཚེ་ཕོག་སྟེ་འོད་སྣང་རབ་རིབ་ཏུ་གྱུར།
  དེ་རིང་།    ངས་ཁྱེད་ཤིན་ཏུ་དྲན་གི།
  སང་ཉིན།   དམིགས་ཡུལ་གྱིས་དབེན་པའི་བུ་ཆུང་ང་གང་དུ་འགྲོ། གང་ནས་འཚོ།
  རླུང་བུ་ནི་སྔར་བཞིན་ལྡིང་ཡོང་ལ།
  འཇག་མ་ཡང་སྔར་བཞིན་གཡས་ཉལ་གཡོན་ཉལ་བྱེད་བཞིན་འདུག
  ངའི་སེམས་ཁོངས་གི་དྲང་བདེན་གྱི་རྣམ་ཤེས་སྦྲུམ་པའི་༼བུ་ཆུང་༽།
  ཁྱེད་ཀྱི་བཅོས་མ་མིན་པའི་ཀི་སྒྲ་དེས་རྩྭ་ཐང་གི་ལྷིང་འཇགས་བཀྲོགས་ལ་རི་བོའི་རྒྱབ་ཕྱོགས་ཀྱི་ཉི་ཁུག་ཏུ་སྨྱོ་ཆང་ལ་རོལ་བའི་རྐྱལ་སྟོང་དེ་ཚོར་འཇིགས་སྣང་གི་ཙག་ཤེར་ཞིག་རྐང་མཐིལ་ནས་མགོ་བར་ཁྱབ་ཏུ་བཅུག
  ཁྱེད་ཀྱི་དྲང་བདེན་གྱིས་སྐུལ་བའི་ཅོང་སྒྲ་དེས་ལག་པས་ལག་པ་འཐམས་ལ་བོད་རྒྱ་འདྲེས་མའི་སྦྲགས་སྐད་ཁྲོད་ནས་ལང་ཚོ་ཕུང་བའི་སློབ་གྲྭ་བ་དེ་ཚོའི་སྙིང་ཆུང་དམར་པོ་ཡང་བྲང་ཁ་ནས་ཕྱིར་ཐོན་ལ་ཁད་དུ་བཏང་།
  ཁྱེད་ཀྱི་བདེན་ལུགས་ཀྱིས་བལྟམས་པའི་རལ་གྲི་དེས་ཨ་གསར་ཁྲོད་ཧོལ་རྒྱུགས་བྱེད་བཞིན་པའི་མི་བུ་དེ་ཚོའི་ང་རྒྱལ་གྱི་ཕྲག་དོག་དུམ་བར་གཏོར་ལ་འཆལ་གཏམ་གྱི་མདའ་མོ་འཕྲེད་ཀྱིས་བཅད།
  ཡིན་ནཡང་།སྒལ་ཚིགས་ཡོད་ཟེར་མཁན་དང་།སྙིང་སྟོབས་ཡོད་ཟེར་མཁན།དཔྱོད་ཤེས་ཡིན་ཟེར་བའི་མི་བུ་གང་མང་མང་ཞིག་གིས་ཁྱེད་རང་བརྗེད་འདུག།ངོ་མ་དོན་གྱིས་བརྗེད་འདུག།སྐད་ཅིག་ཙམ་གྱི་དུས་ཚོད་ནང་དུ་ཁྱེད་རང་བརྗེད་འདུག།ཅིའི་ཕྱིར་ཅེས་བའི་དྲི་བ་མང་པོ་མང་པོ་ཞིག་རང་གིས་རང་ལ་འཕངས་རུང་།སེམས་ངོས་སུ་ན་ཟུག་དྲག་པོ་རེ་སྐྱེས་པ་ལས་དྲིས་ལན་ཡང་དག་ཅིག་མི་རྙེད་གི།རྒྱུ་མཚན་ཅི།
  ད་ལྟ་ངས་ཁྱེད་རང་ལྷག་པར་དྲན་གི།
  ཁྱེད་ཀྱི་སྐྲ་ལོ།     ཁྱེད་ཀྱི་སྨྱུག་རྩལ་བཞིན་རང་དབང་གིས་འགུལ་བཞིན་འདུག་པ་དྲན་གི
  ཁྱེད་ཀྱི་དགོད་སྒྲ།   ཁྱེད་ཀྱི་སྙན་ངག་བཞིན་དྲང་བདེན་གྱིས་གྱེར་བཞིན་ཡོང་བ་དྲན་གི
  ཁྱེད་ཀྱི་རྣམ་ཤེས།   ཁྱེད་ཀྱི་འཇོན་ཐང་དང་འགྲོགས་ནས་ས་ཆེན་འདིའི་སྒལ་ཚིགས་ན་བཞུར་གྱིན་འདུག་པ་དྲན་གི
  ངའི་སེམས་ཁོངས་གི་དྲང་བདེན་གྱི་རྣམ་ཤེས་སྦྲུམ་པའི་༼བུ་ཆུང་༽
  ད་ལྟ་ངས་ཁྱེད་ལྷག་ཏུ་དྲན་གི།
  དོན་ངོ་མ་ཁྱེད་གང་ན་ཡོད།  གང་ན་ཡོད།  གང་ན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲང་བདེན་གྱི་རྣམ་ཤེས་སྦྲུམ་པའི༼བུ་ཆུང་༽ཞིག་ལ།

2011-05-15 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།