མེ་འཁོར་འབབ་ཚིགས་ཀྱི་སྣང་ཚུལ་སྐྱུག་བྲོ་བོ།

རྣམ་གླིང་རིན་ཆེན།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-01

  དེ་ཡང་ཁ་ཉིན་ཕྱི་དྲོ་བདག་གི་ཕ་ཡུལ་གཅིག་པའི་ཀན་ལྷོའི་བོད་ལྗོངས་སློབ་མ་ཁ་ཤས་ཀྱིས་ཁོ་བོར་ཁ་པར་བཏང་ནས་ལན་གྲུ་མེ་འཁོར་འབབ་ཚུགས་སུ་སྤ་སེ་ཉོ་བར་མངགས།
  ཁོ་ཚོ་ནི་སློབ་ཆེན་ལོ་རིམ་བཞི་པའི་སློབ་ཐོན་སློབ་མ་ཤ་སྟག་ཡིན་པས།བོད་ལྗོངས་སུ་གཞུང་ཞབས་པའི་ཡིག་རྒྱུགས་གཏོང་བར་འགྲོ་མཁན་ཤ་སྟག་ཡིན། དེས་རྐྱེན་པས།ངས་ཁོ་ཚོའི་རེ་བ་སྙིང་ཁོངས་སུ་བཅངས་བཞིན་ཞོགས་པ་སྔ་པོ་ནས་མལ་ལས་ལངས་ཏེ་མེ་འཁོར་འབབ་ཚུགས་ཕྱོགས་སུ་ཁ་ལོ་བསྒྱུར་བ་ཡིན། མེ་འཁོར་འབབ་ཚུགས་ནི་འདི་འདྲའི་འདུ་འཛི་ཆེ་བ་ཞིག་རེད།མི་ཚོགས་རྒྱ་མཚོ་འཁྱོམས་པ་ལྟར་འཁྲུག་ཅིང་།གྲོག་ཚང་བརྡོལ་བ་ལྟར་མང་། ངས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་གྲལ་བསྒྲིགས་པ་ཡིན།ཆུ་ཚོད་གཉིས་ཙམ་སོང་རྗེས་ད་གཟོད་མེ་འཁོར་སྤ་སེ་ཉོ་སའི་སྟེགས་བུའི་གམ་དུ་སླེབས།ངས་དངུལ་སྒོར་བཏོན་ནས་རྒྱ་སྐད་ཀྱི་རྣམ་པའི་ཐོག་ནས། ལྷ་སའི་འབབ་ཚུགས་སུ་འགྲོ་མཁན་ཡིན་པས་སྤ་སེ་ལྔ་འཚོང་རྒྱུ་ཡོད་མེད་འདྲི་དུས།བསམ་ཡུལ་ལས་འདས་པ་ཞིག་ལ་སྤ་སེ་འཚོང་རྒྱུ་མིན་ འདུགསྐབས་དེ་དུས་ངས་བྲེལ་འཚུབ་དང་དངངས་སྐྲག་ཆེན་པོའི་སྒོ་ནས་ཁོ་ཚོར་ཁ་པར་བཏང་ནས།སྤ་སེ་མེད་ཚུལ་བརྗོད་པས།ཁོ་ཚོ་ནི་ཡུད་ཙམ་ཞིག་རིང་ལས་དབང་གི་མདའ་མོ་ཕོགས་པའི་བྱིའུ་རྨས་མ་ཞིག་དང་འདྲ་ལ། བླ་ཁྱེར་བ་ཇི་བཞིན་ཅི་བྱ་གཏོལ་མེད་དུ་གྱུར།དུས་ཡུན་ཅུང་འགོར་རྗེས།ཁོ་ཚོས་ང་ལ་ཡང་བསྐྱར་ཁ་པར་བཏང་ནས་སྐྱབས་ཞུ་དང་རེ་བ་ནན་པོས། ཁྱེད་ཀྱིས་ཐབས་ཤེས་གང་ཡོད་བཏང་ནས་སྤ་སེ་ལྔ་ཉོ་ཐུབ་པ་གྱིས་དང་ཟེར།ངས་ག་ས་གང་དུ་སྐད་ཆ་དྲིས་ཀྱང་།ང་ལ་མེ་འཁོར་སྤ་སེ་ལག་ཏུ་འབྱོར་བའི་བསྐལ་བ་ནི་ ནམ་མཁའི་འཇའ་ཚོན་གོས་སུ་རེ་བ་དང་།གནམ་ལ་སྐས་འཛེགས་འཛུགས་པ་དང་ཨ་ན་མ་ན་རེད། འོན་ཀྱང་གློ་བུར་དུ་ངའི་རྒྱབ་ཕྱོགས་ནས་རྒྱ་རིགས་བློ་མཐུན་ཞིག་གིས་ང་ལ་གང་དུ་འགྲོ་མཁན་ཡིན་ཚུལ་དྲིས། ངས་ཀྱང་ཁ་ཁོག་པས་མ་གསང་ལ་བློ་སྒྱུ་མས་མ་བསྐུམ་པར་ཁོ་ལ་ལྷ་སར་འགྲོ་མཁན་ཡིན་ཚུལ་དང་མེ་འཁོར་སྤ་སེ་མེད་ཚུལ་བརྗོད་པས། ཁོས་ང་ལ་སྤ་སེ་ཡོད་པས་ཁྱེད་ལ་སྤ་སེ་དུ་དགོས་ཟེར།ངས་སྤ་སེ་ལྔ་དགོས་ཚུལ་བཤད་པས།ཁོས་སྤ་སེ་རེ་རེར་སྒོར་བརྒྱ་སྣོན་ཁ་དགོས་ཚུལ་བཤད། ངས་ང་ཚོ་ཚང་མ་གྲོང་གསེབ་ཁུལ་ ནས་ཡིན་པ་དང་དངུལ་སྒོར་ཡོད་དོ་ཅོག་ཕ་མའི་རྔུལ་ཁྲག་ནས་བྱུང་ཚུལ། སྤ་སེ་དེའི་རིན་ གོང་མཐོ་ཚུལ་སོགས་གནས་ལུགས་རྒྱུ་མཚན་མང་པོ་བརྗོད་པས།ཁོས་རིན་གོང་དེ་ལས་དམའ་བ་བྱས་ན་ཁོ་ལ་ཁེ་སྤོགས་ཅི་ཡང་མེད་ཚུལ་བཤད།ངས་ཁོ་ལ་མེ་འཁོར་སྤ་སེ་མང་པོ་དེ་འདྲ་གང་ནས་བྱུང་ཚུལ་དང་།སྤ་སེ་དེ་ངོ་མ་ཡིན་མིན་སོགས་དྲིས། ཡུད་ཙམ་ཞིག་རིང་ང་ལ་མངའ་བ་འཇིགས་སྣང་དང་།ཐེ་ཚོམ་འབའ་ཞིག་ཡིན།ངས་སོམ་ཉི་དེ་རྟོགས་བྱེད།མདུན་གྱི་བློ་མཐུན་འགའ་ལ་བཀའ་འདྲི་མཛད་པས། ད་གཟོད་ངས་རང་གི་སོམ་ཉིའི་དྲ་བ་དེ་གཅོད་ཐུབ་པ་བྱུང་།ཁོང་གི་གསུངས་རྒྱུར།ཁོ་ཚོའི་སྤ་སེ་དེ་ངོ་མ་ཁོ་ཐག་ཡིན།ཁོ་ཚོས་ཚོགས་པ་ཞིག་བཙུགས་ཤིང་། ཚོགས་པ་དེར་མི་བཅུ་གཉིས་ཡོད་པ་དང་།དུས་ལྟར་ཁོ་ཚོས་དངུལ་འབོར་ཆེན་ཞིག་བཏང་ནས་མེ་འཁོར་སྤ་སེ་སྟོང་ཕྲག་ཁ་ཤས་སྔོན་ནས་ཉོ་ཚུལ་དང་།དེ་རྗེས་གོང་མཐོ་པོའི་སྒོ་ནས་གཞན་ལ་ལྐོག་ཏུ་བཙོངས་ཀྱི་ཡོད་ཚུལ་བཤད། གནད་དོན་སྐྱུག་བྲོ་མོ་དེ་ངའི་ཐོས་འཛིན་དབང་པོའི་བུ་ག་རུ་ཐོས་མ་ཐག་ངས་སེམས་ཁོངས་རུས་པའི་གཏིང་ནས་ཁོ་ཚོར་ཁོང་ཁྲོ་ཡི་མེ་ལྕེ་འབར་ལ། ལས་རྒྱུ་འབྲས་ཀྱིས་དབུལ་ཅིང་།མི་གཤིས་དང་མི་ཆོས་རིང་ལུགས་ཏིལ་འབྲུ་ཙམ་ཡང་མེད་པའི་སྨྲ་ཤེས་ཤིང་དོན་གོ་བའི་རྐང་གཉིས་སེམས་ཅན་དེའི་བྱ་སྤྱོད་ལ་སྡིག་དམོད་དང་ལེ་འདའ་མི་བྱེད་ཀ་ མེད་བྱུང་།
  འོན་ཀྱང་བདག་ལྟ་བུའི་ཉམ་ཆུང་སྐྱེས་བུ་ཞིག་གིས་ཁོ་ཚོར་རྫིག་ཉམས་འདོན་པ་ནི་ཁྱི་རྒྱགས་སྐར་མར་ཟུག་པ་དང་གཉིས་སུ་མ་མཆིས། ཁོ་ཚོས་བདག་དང་འདྲ་བའི་འགྲུལ་པ་མང་པོའི་དངུལ་སྒོར་ལ་ཁ་ལས་མིག་ཆེ་ཞིང་འདོད་རྔམས་ཆེ་བའི་མཆེ་བ་བགྲད་པ་མཐོང་དུས།ངས་ཁོ་ཚོའི་མི་རིགས་ཤིག་གི་གཟུགས་བརྙན་ལ་ཡང་བསྐྱར་བསམས་གཞིགས་ཤིག་མི་བྱེད་ཀ་མེད་བྱུང་སོང་ལ། ལས་རྒྱུ་འབྲས་ལ་གོམ་ཁ་ཕྱོགས་ཤིང་།འགྲོ་དྲུག་སེམས་ཅན་མ་རུ་བསྒོམ་པའི་གངས་དཀར་གྱི་འདབས་སུ་འཚོ་བའི་ཁ་བ་རི་པའི་བུ་རྒྱུད་ཀྱི་གཞུང་དྲང་སྙིང་རྗེ་ཡི་ངང་ཚུལ་དེ་ཡིད་ལ་དབང་མེད་དུ་དྲན་གསོ་ཞིག་བྱེད་པར་ཡང་ཐལ་སོང་།།།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་འཁོར་འབབ་ཚིགས་ཀྱི་སྣང་ཚུལ་སྐྱུག་བྲོ་བོ།

2011-05-01 རྣམ་གླིང་རིན་ཆེན།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།