བསླད་མེད་པའི་དྭངས་གཙང་གི་གྲོགས་པོ།

    འཇིག་རྟེན་ལ་རྫོགས་མཐའ་ཡོད་ཀྱང་རྣམ་ཤེས་ལ་ཉམས་པ་མེད། རང་བྱུང་ཁམས་ཀྱི་རི་ར་བ་ཁང་ཁྱིམ་དང་རྩྭ་རྩི་ཤིང་མེ་ཏོག་ལ་སོགས་དུས་ཚོད་ཀྱི་གཞན་དབང་གིས་འཁྱེར་སྲིད་མོད། རྦ་རླབས་བཞིན་འཕྱོ་ཞིང་གཙང་བོ་བཞིན་རྒྱུག་པའི་དྭངས་གཙང་གི་སེམས་པ་དེ་ཉིད་སུས་ཀྱང་གཞོམ་གཞིགས་བྲལ་བར། རྟག་ཏུ་ནམ་མཁའ་ན་འོད་དུ་འཚེར་ཅིང་ས་གཞི་ན་སྙིང་དུ་སྡུག་བཞིན་ཡོད།
      སྤུན་ཟླ་ལགས། ཁྱེད་ཡིད་བསླད་མེད་པའི་དྭངས་གཙང་གི་གྲོགས་པོ་ཞིག་དང་མཇལ་མྱོང་ངམ། ཁྱོད་ལ་གྲོགས་པོ་ཅི་ཙམ་ཡོད་དམ། གྲོགས་པོ་ཟེར་བ་དེའི་བརྩེ་བ་ངོ་མ་ཞིག་གང་ནས་མཐོང་བྱུང་། དྲང་མོར་ཤོད་དང་། གྲོས་པོ་ཟེར་བ་ནི་གངས་ཁྲོད་ན་མེད་ཅིང་།   རྫ་རི་དང་བྲག་རི་མཐོན་པོ་སོགས་ནའང་མེད། ནགས་ཚལ་སྟུག་པོ་དང་སྤང་ལྗོངས་སྔོན་མོ་སོགས་སུ་དེ་བས་ཀྱང་མེད་པར། གྲོགས་པོ་ཟེར་བ་ནི་ནམ་རྒྱུན་རང་ཉིད་དང་ཐག་མི་རིང་
བའི་འཚོ་བའི་ཁོར་ཡུག་དེ་ན་ཡོད་པར། དགའ་ན་དགའ་བའི་སྙིང་གཏམ་བཤད་ས་ཞིག་དང་སྡུག་ན་སྡུག་གི་མཆི་མ་འབྱིད་མཁན་ཞིག་ཡིན་པ་རེད། འབྱོར་ཚེ་ཉེ་བའི་ས་ནས་ཞུད་ཞུད་དུ་འགྲོ་ཞིང་རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ་གྲོགས་པོའི་གཤིས་ལུགས་མིན་པར་གསུངས་ལ། གལ་ལ་ཐུག་དུས་མིག་ནས་མཆི་མ་འདོན་པར་ཡང་ཡང་ཞུ་བ་བྱེད་པར་མ་ཟད། དགོན་པ་དང་ལྷ་ཁང་གི་རྟེན་དང་རྟེན་པ་དཔང་བོར་འཇོག    ཡང་
སྐྱིད་ཀྱི་ཉི་མ་ཤར་དུས་རང་ཉིད་གང་དུ་ཡོད་པ་མ་ངེས་ཤིང་རྒྱང་ནས་གཞོལ་ཏེ་འགྲོ་བ་གྲོགས་པོའི་མཛད་སྤྱོད་མིན་ངེས་པས།དེ་འདྲའི་རིགས་ལ་བློས་ཐུབ་ཀྱི་གྲོགས་པོ་མི་ཟེར་ཞིང་དྭངས་གཙང་གི་གྲོགས་མཆོག་ཞིག་ནི་དེ་བས་ཀྱང་ཡིན་མི་སྲིད། རྒན་པ་མཐོང་ཚེ་ཁ་ནས་གར་འགྲོ་འདྲི་བ་དང་། གཞོན་པ་མཐོང་ཚེ་ངག་ནས་སྙིང་གཏམ་ལབ་མཁན་དེ་གྲོགས་པོ་ཡིན། ནམ་རྒྱུན་སྡེ་བ་དང་སྡེ་བའི་བར། ཚོ་བ་དང་ཚོ་བའི་བར། དབུལ་ཕྱུག་གི་ཁྱད་པར་མེད་ཅིང་། ཡོན་ཏན་གྱི་མཐོ་དམའ་མེད་པར། ཕན་ཚུན་བར་འགྲིག་ཅིང་མཐུན་ལ་བྱམས་ཤིང་བརྩེ་བ་མ་ཟད། ཕྱི་ནང་གཉིས་མེད་དུ་ལྟ་བའི་གང་ཟག་དེའི་རིགས་ནི་ཁྱད་དུ་འཕགས་པའི་གྲོགས་པོ་ཞིག་ཡིན་པ་ནི་བཤད་ཅི་ལ་འཚལ། མི་གཤིས་སྨྱུག་མའི་མདའ་ལྟར་དྲང་ཞིང་སྙིང་གཏམ་དྲང་མོ་མཚོ་ལྟར་ཟབ་པ་ནི་གྲོགས་པོ་ངོ་མ་ཡིན་ལ།    ལྷན་སྐྱེས་འཛུམ་པའི་མདངས་ཀྱིས་བསུ་ཞིང་དགའ་བ་དགོད་པའི་རྩེད་དགའ་འཛིན་པ་ཡང་གྲོགས་པོ་ཤ་སྟག་
ཡིན། འོན་ཏེ། ཁ་སང་དམ་བཅའ་རྡོ་ལྟར་བརྟན་ཅིང་གནམ་ས་གཉིས་ཀ་དཔང་བོར་བཞག་ཏེ་མནའ་བཅད་བསྒྲིགས་པ་དང་། དེ་རིང་སྡུག་གི་མུན་པ་འཐིབས་ཏེ་ཁེ་ཕན་ཕྱིར་དུ་རྡུང་རེས་བྱེད་པ་ནི་ཡང་དག་པའི་གྲོགས་པོ་ཞིག་ག་ལ་ཡིན། དོན་དམ་པས། གྲོགས་པོ་ཟེར་བ་ནི་ཕྱི་ཐག་རིང་ཞིང་དགའ་སྡུག་དང་སྐྱོ་ངལ་བྲལ་བའི་མི་ཡ་རབས་ཅིག་ལ་ཟེར་བ་ཡིན། ཁ་ནས་ངག་ཀྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་བསྲེགས་ལ་བརྣོན་པ་དང་། བློ་ལ་ཅི་དྲན་གར་ཡང་སྒྲོག་པར་ངང་རྒྱུད་རྩུབ་མོའི་འདུ་བྱེད་སོགས་ཀྱང་གྲོགས་པོ་དམ་པ་ཞིག་གི་མཛད་སྤྱོད་མ་ལགས་པས། དྭངས་གཙང་གི་གྲོགས་པོ་ཟེར་བ་ནི། མདོར་ན། ངང་རྒྱུད་རིང་ཞིང་གཞུང་རྒྱུད་དྲང་བ། དགེ་སེམས་སྐུལ་ཅིང་བཀུར་བསྟི་ཆེ་བ། བཟོད་བསྲན་ཆེ་ལ་བརྩོན་་་འགྲུས་བརྟན་པ་སོགས་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་གཏན་དུ་འཁྱིལ་བ་ཞིག་ཡིན་ནོ། །
                                                           ༢༠༡༠ལོའི་ཟླ་༣པའི་ཚེས་༩སྔ་དྲོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསླད་མེད་པའི་དྭངས་གཙང་གི་གྲོགས་པོ།

2011-04-30 སྙན་བཟང་བྱམས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།