སེམས་ཀྱི་ལེའུ།

                                              གཅིག
       དུས་སྐབས་དེར་ཁྱོད་ལ་བརྗོད་འདོད་པའི་སྙིང་གཏམ་དེ་རླུང་ཁ་ན་ལྷེབ་ལྷེབ་ཏུ་ལྡེབ་པའི་དར་ལྕོག་བཞིན་ཐེ་ཚོམ་གྱིས་གྱ་གྱུར་འཐེན།ཟླ་བའི་འོད་ཟེར་ལ་ལུང་དུ་འཕྲོས་ཏེ་ཕ་རོལ་གྱི་རི་བོའི་གྲིབ་གཟུགས་ཀྱང་ཉིན་མཚན་མཚམས་ཐིག་གི་རི་མོ་ལྟར་གསལ་བོར་མཐོང་ཐུབ།                                                                                                              
                                               གཉིས།
ཕྱི་རོལ་ནས་ཐོན་པའི་གནའ་རྫས་རྟག་དཔྱོད་པ་ཚོས་འཇིག་རྟེན་གྱི་སྒལ་ཚིགས་སུ་བསྔགས་པའི་མཐོ་སྒང་གི་གངས་རིའི་ངོས་སུ།གནའ་སྔ་མོའི་བྱི་དམག་དང་འདྲ་བར་ཕ་ཡུལ་གྱི་མཛེས་ལྗོངས་ལ་རྨ་ཁ་བརྐོ་བ་དེ་ཡང་སྤྲིན་པ་ནག་པོས་དོ་ནུབ་ཀྱི་ཟླ་འོད་བཀླུབས་པ་དང་གཉིས་སུ་མ་མཆིས།
                                             གསུམ།
     ཁྱོད་ལ་ལྐོག་ཉན་བྱས་ནས་རྒས་པའི་ཨ་མའི་སྐྲ་ལོ་ཁ་བ་དང་མཉམ་དུ་སྒོ་ཐེམ་དུ་བསགས་ནས།གདོང་གི་གཉེར་མའི་རྐོང་དུ་ཁྱེད་ཀྱི་རུས་མིང་རི་མོར་ཕབ་ནས་ཁྱེད་ཉིད་མིག་གིས་འཚོས་ཡོད།ཨ་མར་གནས་སའི་ཁང་ཁྱིམ་འདི་དུས་བཞིའི་འཕག་འཚག་དང་ལྷན་དུ་རྙིང་གྱིན་འདུག 
                                              བཞི།
   དབུལ་ཕོངས་སྦས་པའི་སྒོ་ཆེན་འདིའི་ནང་རོལ་ན་རྡེའུ་འབུམ་དང་རླུང་གིས་ཟད་པའི་མ་ཎིའི་དར་ལྕོག་ཡོད།བརྗེད་དུ་ཕངས་པའི་འདི་དག་ནི།ངའི་བྲང་གཞུང་ན་བཞད་པའི་ཆུ་སྟོད་ཟླ་བའི་མེ་ཏོག་གི་ཚོམ་བུ་དེ་ཡིན།
                                               ལྔ།
    ཉི་མའི་འོད་ཟེར་ཞེན་ཆགས་ཤིག་སྒེའུ་ཁུང་དུ་འཛུལ་བྱུང་།དོ་ནུབ་གྱི་རྨི་ལམ་དེ་ཡང་ལོ་ཆུང་བྱིས་པ་ཞིག་གི་ཉིན་ཐོ་དང་ཀུན་ནས་མཚུངས།
                                              དྲུག
   རྩྭ་ཕྲན་སྨྱུག་མའི་གསེབ་ཏུ་འཁྱིལ་བའི་དྭངས་གཙང་གི་ཆུ་ཕྲན་དེ།གདུང་བའི་མཆི་མའི་གྲོགས་སུ་བསྡེབས་ནས་རྒྱང་རིང་དུ་བཞུར།ནམ་མཁའ་འདི་ཇི་འདྲའི་ཁོད་སྙོམས་པར་དཔག་ན།ཁ་སང་གི་དྲག་ཆར་དེ་ཡང་ངེད་ཚང་གི་གནོད་འཚེ་གཅིག་པུ་མིན་པ་འདྲ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ལེའུ།

2011-04-29 འབྲུག་ཐར་བྱམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།