ཕ་གཞིས་དྲོན་མོ།

རྣམ་གླིང་རིན་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-27

    དྲི་མེད་དཀར་གཙང་ཀེ་ལ་ཤའི་ས་འཛིན་གྱི་ར་བས་ཡོངས་སུ་བསྐོར་བའི་ཁ་བ་རི་བའི་བུ་རྒྱུད་ཀྱི་ལྟེ་ཁྲག་འཕོ་སའི་གནས་མཆོག་སྟེ།  ལྷ་ལྡན་གྱི་ཞིང་ཁམས་སུ་དབྱར་སྐྱེས་རྔ་སྒྲ་བཞིན་གྲགས་ཤིང་དྲི་བཞོན་བཞིན་རི་ཀླུང་ཀུན་ལ་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་འཕྲོ་བའི་བོད་པ་ཚང་འདི་ནི།    ཕྱི་སྣོད་ཀྱི་འཇིག་རྟེན་ལྟ་ན་སྡུག་ཅིང་ནང་བཅུད་ཀྱི་སེམས་ཅན་བདེ་བས་མྱོས་པ། ས་ཡི་དགེ་བཅུ་ཡོངས་སུ་རྫོགས་ཤིང་དེར་འཚོ་བའི་ཕ་སྤྲེལ་མ་སྲིན་གྱི་གདོང་དམར་བོད་པ་རྣམས་ནི་ལས་ལ་བརྩོན་ཞིང་ཡ་རབས་གུས་ཞབས་ཆེ་བ།  དཀར་ཕྱོགས་ཆོས་ལ་དད་ཅིང་བྱམས་སྙིང་རྗེ་ཆེ་བ།འགྲོ་དྲུག་སེམས་ཅན་མ་རུ་བསྒོམ་ཞིང་ལས་རྒྱུ་འབྲས་ལ་བརྩི་མཁན་འབའ་ཞིག་ཡིན།
   ས་འདིར་གནས་བཅའ་བའི་གངས་ཕྲུག་སུ་འདྲ་ཞིག་ཡིན་རུང་རང་ཉིད་ལ་བརྗེད་དཀའ་ཞིང་དྲན་སླ་བའི་སེམས་དབུས་ཀྱི་ཕ་གཞིས་དྲོན་མོ་རེ་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད།དེ་རིང་ཕྲན་གྱི་ཕ་གཞིས་དྲོན་མོ་ཞེས་པའི་རྩོམ་འདི་ཤ་ཞེན་གྱི་ལྷག་བསམ་གངས་དཀར་གྱི་མདངས་སུ་འཁུ་བའི་བརྩེ་ལྡན་གྱི་ཀློག་པ་པོ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་གཟིགས་མོར་འདྲེན་རྒྱུ་ཡིན།
   དེ་ཡང་ཉམ་ཆུང་ནུས་མེད་ཀྱི་ང་རང་ཁྲ་ཆིལ་ཆིལ་གྱི་འཇིག་རྟེན་འདིར་མི་ཚེ་ཡི་གོམ་པ་དང་པོ་སྤོ་འགོ་ཚུགས་པ་ནས་བཟུང་།  བདག་ཁོ་ན་དྲིན་ཆེན་ཡབ་ཡུམ་ཟུང་གི་ཕྱི་ཡི་ལྕགས་རི་དང་ནང་གི་ནོར་བུ་ལྟ་བུར་གྱུར་ནས།   ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་བྱམས་བརྩེས་སྐྱོང་གནང་མཛད་ལ། བདག་ལ་འཇིག་རྟེན་འདིའི་བཟའ་ལུགས་འགྲོ་ལུགས་སྡོད་ལུགས་ཀྱང་བསླབས་གནང་ཞིང་ང་རང་འོད་ཟེར་སྟོང་ལྡན་འཕྲོ་བའི་བགྲོད་ལམ་འདིའི་ཐོག་སློབ་གསོ་མྱོང་བར་གཏོང་གནང་མཛད། དུས་དེ་ནས་བཟུང་།  ང་ནི་རྩྭ་ཐང་སྟེང་གི་རྫི་གླུ་ལེན་མཁན་ཞིག་ཏུ་མ་གྱུར་བར་ཀ་མད་སུམ་ཅུའི་དབྱངས་རྟ་ཡི་འགྱུར་ཁུག་གླུར་ལེན་མཁན་ཞིག་ཏུ་གྱུར། སྟབས་མི་ལེགས་པ་ཞིག་ལ།ང་རང་མི་ལོ་བཅུ་གཉིས་ཀྱི་གོམ་ཁ་ཐོག་མ་དེ་བསྒྱུར་བ་ནས་བཟུང་ངའི་སྙིང་གི་ནོར་བུ་སྟེ་དྲིན་ཆེན་མ་ཡུམ་ཁོང་འཇིག་རྟེན་འདི་ནས་ཞལ་གྱེས་ནས་ལྔ་པའི་ལམ་གྱི་བགྲོད་ལམ་གཞན་ཞིག་ཏུ་ཕེབས་སོང་། དུས་དེ་ ནས་བཟུང་།  ངའི་བཞིན་རས་ལ་འཛུམ་མདངས་མེ་ཏོག་གིས་དབུལ་ཅིང་སེམས་ དབུས་ཀྱི་མཁའ་དབྱིངས་སྐྱ་བོར་གྱུར་ལ།   རྐང་འོག་གི་ནོར་འཛིན་ཐལ་རྡུལ་གྱིས་ཁེངས།    ངའི་གོམས་བགྲོད་ཀྱི་ཉམས་འགྱུར་ཤོར་ལ།    ངའི་ཡིད་ཀྱི་མཁའ་ལ་སྡུག་བསྔལ་གྱི་སྤྲིན་ནག་ལང་ལོང་དུ་འཁྲིགས་ཤིང་།འདྲེན་བྱེད་ཟུང་གི་མཐའ་ནས་མཆི་་མའི་དོ་ཤལ་གྱི་ཕྲེང་བ་བར་མེད་བབས། ངའི་བྲང་ཁོག་འདར་ཞིང་གློ་མཆིན་འཁྲུག ངའི་ལུས་སེམས་ཀྱི་ཞིང་ས་གཤིན་པོར་ཆུ་ལུད་ཀྱི་དབེན་ཡང་གདུང་བའི་མེ་ཏོག་རྣམ་པར་རྒྱས།སྐབས་དེ་དུས། ང་རང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས་ཤིང་སྐྱོ་གདུང་གི་འདམ་རྫབ་ཀྱི་སྨག་རུམ་ནང་བརྫངས།ཐ་ན། ངས་ཁོང་ཁྲོའི་མེ་ལྕེའི་ནང་རང་སྲོག་ལྕེབས་འདོད་ཀྱང་བར་མེད་སྐྱེས།  འོན་ཀྱང་།  ཉི་མ་སྤྲིན་པས་བསྒྲིབས་ཀྱང་།།དྭངས་བའི་དུས་ཤིག་ཤར་ཡོང་།།  ཞེས་པའི་དཔེ་ལྟར།  ཕ་བཟང་པོའི་བྱམས་བརྩེའི་གསོ་སྐྱོང་དང་ཡང་དག་ཉི་འོད་ལྟ་བུའི་སློབ་གསོས་ང་རང་སྔར་བཞིན་བདེ་སྐྱིད་ཀྱི་འཚོ་བར་རོལ་འགོ་ཚུགས་ལ་དྲོ་སོབ་སོབ་ཀྱི་ཕ་གཞིས་དྲོན་མོ་དེའི་ནང་འཇིག་རྟེན་གྱི་ལམ་བུར་འགྲིམ་འགོ་ཚུགས། ངའི་ད་ལྟའི་ཕ་གཞིས་དྲོན་མོ་དེར་རྒྱུ་ཡིས་དབུལ་ཡང་བརྩེ་དུང་གིས་ཕྱུག་ཡོད། ཁྱིམ་གཞིས་དྲོན་མོ་དེར་ངས་འཁང་ར་དང་སྡུག་ཡུས་བཤད་ཆོག་ལ།ནང་སེམས་འཇིག་རྟེན་གྱི་དགའ་སྐྱོ་ཆགས་སྡང་གི་སྙིང་གཏམ་ཡོད་དོ་ཅོག་ཁ་ཁོག་པས་མ་གསང་བློ་སྒྱུ་མས་མ་བསྐུམ་པར་དྲང་མོར་གླེང་ཆོག
     ཁྱིམ་གཞིས་དེར་ངས་སྡིག་དམོད་བྱས་ཆོག་ལ་ལེ་འདའང་བྱས་ཆོག  དགའ་སྤྲོ་ཡི་འཛུམ་མདངས་བསྟན་ཆོག་ལ་སྐྱོ་གདུང་གི་སྡུག་བསྔལ་ཡང་གླེང་ཆོག  ཕ་ཁྱིམ་ དེར་ཡོད་པ་བརྩེ་དུང་དང་རང་དབང་བྱམས་སྐྱོང་འབའ་ཞིག་ཡིན།    རྒྱུ་ནོར་གྱིས་དབུལ་ཡང་ང་ཚོ་ཕན་ཚུན་བར་ཡིད་ཆེས་དང་བརྩེ་དུང་གི་མེ་ལྩེ་ལྷབ་ལྷུབ་སྦར་བས་ཁྱིམ་གཞིས་དེ་ནམ་ཡང་ཕྱུག་པོ་ཡིན།   ཁྱིམ་གཞིས་དེར་ཐོབ་གོ་ས། མཚན་སྙན་གྲགས་རྩོད་དགོས་མེད།    ཁྱིམ་གཞིས་འདིར་རྒྱུ་དང་ནོམ་པ་མེད་ཀྱང་དེའི་ཚབ་ཏུ་ང་ལ་བརྩེ་བ་དང་དུང་བ་སྟེར།  ཁྱིམ་གཞིས་དེར་དབང་དང་གོ་ས་མེད་ཀྱང་དེའི་དོད་དུ་ང་ལ་ཡིད་ཆེས་དང་བྱམས་པ་གནང།  ངའི་བདེ་སྐྱིད་ཀྱི་གཞི་མ་ཁྱིམ་གཞིས་འདི་ཡིན་པས། ཁྱིམ་གཞིས་འདི་ནི་ངའི་ཞེན་ཆགས་དང་འཁྲེང་སེམས་ཀྱི་ཕྱི་མིག་འཁོར་སའི་བདེ་སྐྱིད་ཀྱི་ཤམ་བྷ་ལ་ཉག་ཅིག་ཡིན།
   བདག་གི་ཕ་ལོ་དགུང་ལོ་མཐོ་ཡང་ཐོ་རེངས་བྱ་ཕོས་ནམ་བརྡ་བཏང་མ་ཐག་མལ་ལས་བཞེངས་སྟེ་བུ་ཕྲུག་གི་ཆེད་དུ་སོ་ནམ་གྱི་ལས་ལ་འབད་ཀྱིན་ཡོད།དྲག་ཆར་རླུང་དམར་ཇི་ལྟར་འཚུབ་ཀྱང་།ཁ་བ་བུ་ཡུག་ཇི་ལྟར་ལྡང་ཡང་ཁོང་གི་བུ་ཕྲུག་སྐྱོང་བའི་བླ་ན་མེད་པའི་གཤིས་བཟང་ལ་འགྱུར་བ་མེད་ལ།  ལོ་དང་ཟླ་བ་ཟས་སུ་བཟའ་བཞིན། གྲང་ངར་ཚ་གདུག་གོས་སུ་གྱོན་བཞིན། ནམ་མཁས་བྱེའུ་ལ་གཏད་པའི་བརྩེ་སེམས་ལ་འགྱུར་བ་མེད། འོན་ཀྱང་།  ནུས་མེད་ལན་ཆགས་བུ་རུལ་ངས།  ཕ་བཟང་པོའི་དྲིན་ལན་མཇལ་རྒྱུ་ལྟ་ཅི། ལག་གཉིས་ཀྱི་གསོལ་ཇ་ཚ་མོ་གང་ཡང་འདྲེན་མ་མྱོང་ལ།གོས་བཟང་བ་སྣ་གཅིག་ཉོས་ནས་གཅེན་མོར་བཀའ་དྲིན་གྱི་ཚུལ་་དུ་སྤྲད་མ་མྱོང་།    དེ་བས་བྱམས་བརྩེ་ཡི་རྣམ་འགྱུར་བཟུང་ནས་གཅུང་པོར་དགའ་འོས་པའི་གཏམ་ཞིག་ཀྱང་གླེང་མྱོང་མེད། དུས་ད་ཆ། གནས་ཚུལ་དེ་དག་ལ་ཕྱིར་དྲན་རེ་བྱེད་དུས། ངའི་གདོང་ནི་ངོ་ཚའི་མེ་ལྕེས་བསྲོས་ཏེ་ཚ་ཧུར་ཧུར་དུ་གྱུར་ཅིང་།ངག་གི་སྨྲ་སྒོ་ངོ་ཚའི་སྒྲོག་གིས་བཅིངས།ཁོང་ཚོའི་འཁྲེང་སེམས་ཀྱི་མིག་ཆུའི་མཚོ་མོ་ངའི་ཆེད་དུ་བཞུར་ལ་ཁོ་ཚོའི་རྔུལ་ཁྲག་གིས་ངའི་བདེ་སྐྱིད་ཀྱི་ལམ་བུ་སྐྲུན།  བདག་སེམས་དཀྱིལ་གྱི་མིག་ཆུ་ནི་ཁོ་ཚོའི་སྙིང་གི་ཁྲག་ཐིགས་ཡིན།
   ཨེ་མ།    ཕ་གཞིས་དྲོན་མོ་དེར་དབང་བ་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་དང་་ཤ་ཚས་བཅིངས་བའི་བརྩེ་སེམས་ཤིག   བདེ་སྐྱིད་ཀྱི་དགོད་སྒྲས་ཕྱུག་པའི་ངའི་ལྗང་མདོག་གི་རྨི་ལམ་འཁྲུངས་ཡུལ་ཡིན།  ད་ཆ་ང་རང་རྒྱང་རིང་གི་ཡུལ་གྲུ་འདིར་གནས་ཀྱང་། སྔར་བཞིན་ཕ་ཡུལ་ཡིད་ལ་དྲན་ཞིང་གླེང་མྱོང་ལ། གླེང་བཞིན་གླེང་ བཞིན་དྲན་པའང་ཐེངས་མང་ཡིན།  ངང་པ་རྒྱང་རིང་ལ་འཕུར་ཡང་ཞེན་ཆགས་བྱེད་ཡུལ་མཚོ་མོ་ལས་མེད་ལ།  བུང་བ་ནམ་མཁར་འཕུར་ཡང་འཁྲེང་སེམས་བྱེད་ཡུལ་པདྨའི་སྦྲང་རྩི་ལས་མ་འདས་པ་བཞིན་ནོ།།།།
                                                                                                                                             ༢༠༡༡ལོའི་ཟླ་༣པའི་ཚེས་༡༠ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་གཞིས་དྲོན་མོ།

2011-04-27 རྣམ་གླིང་རིན་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།