ཚེ་ཕྱི་མར།

                                                     ------ཁྱེད་ལ་གཏན་ནས་མི་འགྲོགས།
                                ༼༡༽
    ཚེ་རིང་ནི་ཁྱིམ་འབྱོར་བ་དམན་ལ་རི་གྲོང་ན་གནས་པའི་ཁྱིམ་ཚང་ཧ་ཅང་དབུལ་བོ་ཞིག་གི་བྱིས་པ་རེད།ཆུང་དུས་ནས་བཟུང་རང་ཉིད་ཀྱི་ཁྲག་བཙོང་བ་དང་གཞན་གྱི་གླ་བ་བྱས་ནས་སློབ་གྲྭ་འགྲིམས་ལ།དགའ་འོས་པ་ཞིག་ལ་ད་ལོ་སློབ་ཆེན་དུ་རྒྱུགས་འཕྲོད་དེ་ད་ལྟ་སློབ་ཆེན་དེའི་ལོ་རིམ་དང་པོའི་སློབ་མ་རེད།
                               ༼༢༽
    བདེ་སྐྱིད་ཀྱི་ཕ་མ་གཉིས་ནི་གྲོང་ཁྱེར་གྱི་ལས་བྱེད་པ་ཡིན་ལ།ཁྱིམ་ན་བྱིས་པ་གཉོར་བའི་གླ་བ་ཡང་ཡོད།གྲོང་ཁྱེར་གྱི་བུ་མོ་འདི་ཐེངས་དང་པོར་གྲོང་གསེབ་དུ་འགྲོ་དུས་གྲོ་དང་ནས་གཉིས་ཀྱང་ནོར་མཛོལ་བྱུང་།ཁོ་མོ་ཡང་ད་ལོ་སློབ་ཆེན་དེའི་ལོ་རིམ་དང་པོའི་སློབ་མ་རེད།
                                ༼༣༽
    ཚེ་རིང་དང་བདེ་སྐྱིད་གཉིས་ཀྱིས་སློབ་གྲྭ་འདིའི་རྩལ་སྦྱངས་ར་བ་ནས་ངུ་ངག་གི་དབྱངས་རྟ་ཐོག་མར་འཐེན་ལ་འབར་ཞུན་གྱིས་མེ་ཁ་དང་པོར་གསོས།
                                ༼༤༽
     ཐེངས་ཤིག་ལ་ཁོ་མོ་སློབ་ཁང་དུ་ཐོན་དུས།རྣམ་གཡེང་ངམ་རྗེས་ལུས་གང་གི་དབང་དུ་སོང་བ་མི་ཤེས་མོད།དུས་རྒྱུན་ནག་ནོག་གི་དྲི་མས་མ་གོས་བའི་ལྭ་བ་དཀར་པོ་དེའི་སྟེང་དུ་ཚོན་མདོག་དམར་པོ་འགོས་ནས་བལྟས་ཚོད་ཀྱིས་བསྐྱུགས་བྲོ་བ་ཞིག་ཏུ་གྱུར་འདུག་ལ།སློབ་གྲོགས་ཚོ་མཐའ་རུ་འདུས་ནས་འཕྱ་དགོད་བྱེད་པའི་དུས་དེར།ཚེ་རིང་གིས་རང་ཉིད་ཀྱི་ལྭ་རིང་བདེ་སྐྱིད་ཀྱི་རྒྱབ་ཏུ་བཀབ།དོན་དག་དེ་ཁོ་མོས་ཚེ་གང་བོར་བརྗེད་མི་སྲིད།
                                 ༼༥༽
      ལོ་བཞིའི་དུས་ཚོད་རིང་མོ་བརྩེ་དུང་གི་མངར་ཁའི་ཁྲོད་ནས་ཁྱོད་ངའི་ཡ་ཆུང་སེམས་ཁོངས་དང་ང་ཁྱེད་ཀྱི་ཁྲ་ཆུང་མིག་ལམ་གྱི་རང་བཞིན་ངང་སྐད་ཅིག་ཙམ་གྱིས་འདས་སོང་།ལོ་བཞིའི་དུས་ཚོད་ལ་བདེ་སྐྱིད་ཀྱིས་ཚེ་རིང་ལ་རྒྱུ་འབྱོར་བའི་ཕྱོགས་ནས་རོགས་རམ་བྱེད་པའི་འདུ་ཤེས་མེ་ལྕེ་བཞིན་འབར་མོད།ཚེ་རིང་གིས་གཏན་ནས་ཁ་ལེན་མ་བྱས།
                                 ༼༦༽
     བརྩེ་དུང་གི་དབང་དུ་སོང་བའི་ན་གཞོན་ཕོ་མོ་འདི་གཉིས།ལོ་གཞིའི་རྗེས་སུ་རང་རང་ཕྱོགས་སུ་འགྲོ་དགོས་པ་སུས་ཀྱང་གསལ་མོད།ཡིན་ནའང་བདེ་སྐྱིད་ཚེ་རིང་གི་རྗེས་སུ་འགྲོ་འདོད་པའི་སེམས་སྟོབས་སུས་ཀྱང་འགོག་ཐབས་མི་འདུག།ཅུང་ཙམ་མིན་ན་བདེ་སྐྱིད་ཀྱིས་རང་གི་ཕ་མ་གཉིས་དང་འབྲེལ་ཐག་བཅད།
                                ༼༧༽
     བདེ་སྐྱིད་རང་ཉིད་ལ་དྲིན་ཆེན་གྱི་ཨ་མས་གནང་བའི་དངུལ་གྱི་སོར་གདུབ་ཞིག་ཡོད།ཞིང་གྲོང་དུ་ཐེངས་དང་པོར་ཐོན་དུས་ཕྱོགས་བཞི་མཚམས་བརྒྱད་གྱང་མཁར་དང་རླུང་སེར་བུ་ཡང་ལྡིང་ལ་གྲོང་ཁྱེར་ལྟ་བུ་མིན་པར་ཕྱོགས་ཕྱོགས་སུ་ར་མ་ལུག་སོགས་ཤིན་ཏུ་མང་།རེད་ཡ།གནས་འདི་ལྟ་བུ་ཞིག་ནས་བདེ་སྐྱིད་ཀྱིས་དངུལ་གྱི་སོར་གདུབ་བླངས་ལ་ཚེ་རིང་དང་མཉམ་དུ་འཚོ་བ་ཞིག་གི་འགོ་རྩོམ་པར་སེམས་བའི་སྟེང་ནས་དམ་བཅའ་རང་གིས་རང་ལ་བཞག། 
                                ༼༨༽
    ཡུན་རིང་མ་འགོར་བར་བདེ་སྐྱིད་ལ་མངལ་ཆགས།བལྟས་བལྟས་རིག་རིག་ལ་བདེ་སྐྱིད་ལ་ན་ཟུག་དྲག་པོ་དེ་འདྲ་བྱུང་བས།ཚེ་རིང་རི་མགོར་རྩ་སྨན་འཐུ་རུ་སོང་།རི་མགོ་ནས་བསམ་ཡིད་ལ་འདས་བའི་དོན་དག་བྱུང་སོང་།སེམས་ཆུང་མ་བྱས་པ་དང་བྲེལ་འཚུབ་མཉམ་གནས་ཀྱིས་ཤུད་ཐེངས་གཅིག་གིས་ཚེ་རིང་གི་མ་འོངས་བ་དང་བདེ་སྐྱིད་ཀྱི་མ་འོངས་བ་རི་མགོ་དེ་ནས་བརླགས་སོང་།ཚེ་རིང་གིས་དུས་རྒྱུན་འདི་ལྟར་བསམས་གཞིགས་བྱས།གལ་ཏེ་ཁོ་རི་འགོ་ལ་རྩ་སྨན་འཐུ་རུ་མ་སོང་ན།འོན་ཀྱང་མི་ཚེ་རླུང་ཁའི་མར་མེ་འདྲ་བོའི་ཁྲོད་དུ་གལ་ཏེ་ཞེས་པ་ཞིག་གང་ན་ཡོད།ཚེ་རིང་ནད་པར་གྱུར་སོང་།ཁྱིམ་གྱི་ཡོད་ཚད་ཁོ་མོ་ཏེ་བདེ་སྐྱིད་ཀྱི་ཕྲག་ལ་བབས་བྱུང་།
                                ༼༩༽
     བདེ་སྐྱིད་ཀྱི་ཕ་མ་ཁོ་མོ་ལེན་དུ་འོང་།ཞིང་གྲོང་གི་འཚོ་བ་སུས་ཀྱང་ཤེས་གསལ་རེད།ཡིན་ནའང་ཆེས་མཐའ་མཇུག་གི་རེ་བ་ཉག་གཅིག་པོ་དེ་ཡང་བདེ་སྐྱིད་ཀྱིས་སྔར་བཞིན་དང་ལེན་མ་བྱས།ཚེ་རིང་ལ་ནད་བཅོས་བྱེད་པའི་ཆེད་དུ་ཁོ་མོའི་ཨ་མས་གནང་བའི་དངུལ་གྱི་སོར་གདུབ་དེ་བཙོང་ལ་ཕ་མས་བྱིན་པའི་སྒོར་མོ་དང་ལེན་བྱས།དྲིན་ཆེན་ཕ་མ་ནི་དྲིན་ཆེན་ཕ་མ་ཏེ།རང་ཉིད་ཀྱི་ཤ་ལས་མཆེད་པའི་བྱིས་པས་ལྟོ་བ་སྔོན་དུ་བསྲིངས་ནས་ལྡུམ་རྭ་ནས་སྔོ་ཚལ་འདེབས་སྐབས་སུ་སྟབས་མ་ལེགས་པར་འཇིག་རྟེན་དུ་ཐོན་ལ་ཉེ་བའི་བྱིས་པ་མི་ཡུལ་དུ་མ་ཐོན་པ་དང་འཁྱགས་སིབ་སིབ་ཀྱི་སྨན་ཁང་གི་མལ་ཁྲིའི་སྟེང་ནས་མིག་ཆུ་བཞུར་བ་སོགས་ལས་སྔོན་ཆད་ཁ་མི་ལེན་པའི་རང་ཉིད་ཀྱི་བུ་ཕྲུག་ལ་རོགས་རམ་ལྷད་མེད་བྱས།
                               ༼ ༡༠༽
      ཁོ་བཟའ་ཟླ་གཉིས་ཀྱིས་སྔར་བཞིན་ཞིང་གྲོང་ནས་འཚོ་བ་རོལ།བདེ་སྐྱིད་ཀྱིས་སློབ་འབྲིང་ཞིག་ནས་དགེ་རྒན་གྱི་བྱ་བ་གཉེར་ལ་ཚེ་རིང་གི་ནད་གཞི་ཅུང་དྲག་ནས་ཁྱིམ་ནས་ཡིག་བསྒྱུར་གྱི་བྱ་བ་ཙག་ཙིག་བསྒྲུབས།བདེ་སྐྱིད་ལས་སྔོན་གྱི་གྲོང་ཁྱེར་བུ་མོའི་རང་སྣང་གི་གཤིས་ཀ་དེ་རྩ་བ་ནས་ཡལ་འདུག་ལ་མགོ་བོ་སྨད་ནས་སྔོ་ཚལ་ཚོང་ར་དང་གོན་རྒྱུ་ཚོང་ས་སོགས་ནས་རིན་གོང་བཤད་བཞིན་འདུག་པ།ས་ཆ་དེའི་ཞིང་གྲོང་བུ་མོ་རྣམས་དང་ཨ་ན་མ་ན་རེད།
                                ༼༡༡༽
     སྨན་པས་ཁོ་མོའི་ཁྱོ་ག་ཚེ་འདི་ནས་ཡར་ལངས་ཐུབ་པའི་དཔེ་མི་འདུག་ཅེས་བཤད།ཡིན་ནཡང་ཁོ་མོས་རང་ཉིད་ཀྱི་ཁྱོ་ག་ལ་ཉིན་ནས་ཉིན།ཟླ་ནས་ཟླ།ལོ་ནས་ལོ་ལྟར་ལུས་ཕུང་བཀྲུ་བ་དང་ཕུར་ཕུར་བྱེད་པ་ཉིན་གཅིག་ལ་ལའང་མཚམས་བཞག་མ་མྱོང་།ཁོ་མོས་བཟང་ལ་བཟང་དང་ངན་ལ་ངན་གྱི་རྒྱུ་འབྲས་ཕྱོགས་དང་ཁྱད་མཚར་གྱི་བྱ་བ་འབྱུང་རྒྱུ་ཡིན་པའི་ཕྱོགས་ལ་བསམ་བློ་གཏན་ནས་མ་བཏང་བར་རང་ཉིད་ཀྱི་ཁྱོ་གའི་རྐང་བ་ཇེ་ངན་དུ་མ་སོང་ན་ཆོག་པའི་ཀུན་སློང་རྣམ་དག་ཅིག་བཟུང་ནས་རྒྱུན་འཁྱོངས་བྱས་པ་རེད།
                                 ༼༡༢༽
    ད་ལོ་བདེ་སྐྱིད་མོ་ལོ་༣༥རེད།ཁོ་མོས་རྩ་རྒྱུས་ལ་ཤིན་ཏུ་མཁས་པའི་ལྷ་རྗེ་གྲགས་ཅན་ཞིག་ཡོད་པ་ཤེས་གསལ་བྱུང་།ཡིན་ནའང་རི་བོ་ཞིག་བརྒལ་ན་ད་བཟོད་ལྷ་རྗེ་དེའི་གམ་དུ་འབྱོར་ཐུབ།རྐང་ལག་སྟབས་མི་བདེ་བ་ཞིག་རི་བོ་ཞིག་བརྒལ་རྒྱུ་ནི་ངོ་མ་ཁ་དཔེ་ལ་ཕར་ཕྱོགས་ཀྱི་ལ་ཞེས་བ་ལྟ་བུའོ།
                                ༼༡༣༽
    ཁོ་མོས་ཉིན་ཞག་འགའི་རིང་ལ་ཁྱོ་ག་རང་གི་བརྒྱབ་ཏུ་འཁུར་ནས་ཁ་ཆར་འདྲེས་མའི་ཁྲོད་མདུན་དུ་བསྐྱོད་ལ་ལུས་ཕུང་སྒུར་བ་གཞུ་ཡི་གཟུགས་སུ་མངོན་མོད།ཨམ་གཙིགས་བསྡམས་ནས་མདུན་དུ་བསྐྱོད།སྐབས་དེར།ཁོས་ཁོ་མོའི་རྒྱབ་གཟུགས་སུ་བལྟས་ནས་མི་ཆུ་ཤོར་ལ་(ཚེ་ཕྱི་མར་ཁྱེད་ལ་གཏན་ནས་མི་འགྲོགས།ཁྱེད་ལ་གཏན་ནས་མི་དུངས་ཅེས་རང་གིས་རང་ལ་སྨྲས།)།མི་སུ་ཡིན་རུང་ཚེ་ཕྱི་མར་ད་དུང་འགྲོགས་པའི་སྐལ་བ་ལྡན་ན་སྐོམ་པ་ཆུ་ཡི་འདོད་བཞིན་ཡིན་མོད།ཁོས(ཚེ་ཕྱི་མར་ཁྱེད་ལ་གཏན་ནས་མི་འགྲོགས་མི་དུངས)ཞེས་བཤད།
                                ༼༡༤༽
    ལོ་གཅིག་གི་རྗེས་སུ་ཡ་མཚར་གྱི་དོན་དག་གཅིག་བྱུང་།ཁྱོ་གའི་རྐང་བ་ལ་ཚོར་བ་བྱུང་བ་དང་ཅུང་མ་འགོར་བར་ཡར་ལངས་ནས་འགྲོ་ཐུབ་པ་བྱུང་།ལས་དྲང་ན་བླ་མ་དཔོན་པོ་འཁྲུངས་ཞེས་བ་ལྟར།རྐང་བ་སངས་དྲག་ཏུ་སོང་བ་དང་ཁོ་བོས་བྲིས་པའི་དཔྱད་རྩོམ་ལ་རྒྱལ་སྤྱིའི་སྟེང་ནས་བྱ་དགའ་ཐོབ།མི་མང་པོ་ཁོའི་གམ་དུ་ཡོང་ནས་དོན་དག་ཆེ་ཆུང་མང་པོར་མཛུབ་སྟོན་གྱི་རེ་བ་ཡང་ཡང་ཞུས་ལ་ས་ཆ་གང་མང་འགྲིམས་ནས་འཆད་ཁྲིད་ལྷད་མེད་མཛད།ལོ་བཅུ་ལྷག་ལ་མལ་ཁྲི་ནས་ཡར་ལངས་མ་ཐུབ་པའི་རང་ཉིད་ཀྱི་ལོ་རྒྱུས་དང་རང་ཉིད་ཀྱི་རྒྱབ་ཕྱོགས་ན་བརྗིད་ཆགས་ངང་འགྲེངས་ཡོད་པའི་བུད་མེད་འདིའི་སྙིང་སྟོབས་སོགས་གང་མང་དངོས་ཐོག་བདེན་འཚོལ་གྱིས་འཆད་ཁྲིད་མཛད།
                                   ༼༡༥༽
     སུས་ཀྱང་དཔོག་དཀའ་བའི་དོན་དག་ཚེ་རིང་གི་འཚོ་བ་དངོས་ཀྱི་ཁྲོད་ནས་བྱུང་ལ།སུས་ཀྱང་མ་རིག་མ་འཐོང་ན།ཐོས་པ་ཙམ་གྱིས་ཁས་མི་ལེན་པའི་དོན་དག་བདེ་སྐྱིད་ཀྱི་མོ་ལོ་སུམ་ཅུའི་འཚོ་བའི་ཁྲོད་ནས་བྱུང་།
                                  ༼༡༦༽                                                                                  
      ཉིན་ཞིག་གི་ལོ་གསར་ལ་རོལ་བའི་སྐབསས་སུ།ཚེ་རིང་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་སྟེར་བའི་བརྡ་ཐོ་ཞིག་འབྱོར་བྱུང་།ཧྥ་རན་སིས་ཁོ་བོ་ལོ་གསུམ་ལ་འཆད་ཁྲིད་དགེ་རྒན་དུ་གདན་འདྲེན་བྱེད་པའི་བརྡ་ཐོ་རེད།སོང་ན་ལོ་འདི་དག་ལ་སུན་མེད་ངང་བདག་སྐྱོང་བྱས་ནས་ཚེ་སྲོག་གི་དབང་བོ་གསར་བ་བསྟེར་བའི་རང་གི་ཆུང་མ་ལ་འོས་མེད་བྱས་པ་རེད།མ་སོང་ན་འདི་ནི་གོ་སྐབས་རེད།ཚེ་རིང་རང་ཐེ་ཚོམ་གྱི་ངང་ལུས།
                                   ༼༡༧༽
     བདེ་སྐྱིད་ནི་གཤིས་རྒྱུད་འཇམ་ལ་ཁོག་རྒྱ་ཆེ་བ།མཛངས་མའི་ཡོན་ཏན་གྱི་ཁོ་ལག་རྫོགས་པའི་ཆུང་མ་ཡ་རབས་ཤིག་ཏུ་འགྱུར་འདུག།རང་གི་ཁྱོ་ག་ཐེ་ཚོམ་གྱི་ངང་ན་ལུས་ཡོད་པ་ཤེས་ནས་ཁྱེད་ངེས་པར་དུ་འགྲོ་དགོས།འདི་ནི་གོ་སྐབས་ཆེས་མཆོག་ཏུ་གྱུར་བ་ཞིག་རེད།སྐབས་དེར།ཁོ་མོ་ནི་མོ་ལོ་སུམ་ཅུ་ཡིན་མོད།དགུང་ལོ་བགྲེས་པའི་ཨ་ནེ་ཞིག་དང་འདྲ་བར་སྐྲ་ལོའི་ཕྱེད་ཀ་དཀར་པོར་གྱུར་འདུག་ལ།ངོ་གདོང་ན་མོ་ལོ་སུམ་ཅུའི་ལང་ཚོ་མེད་པར་རྒས་བའི་གཉེར་མས་ཕྱེད་ཀ་ཟིན་འདུག།ཡིན་ཡང་ཚེ་རིང་ནི་ལང་ཚོ་དར་ལ་བབ་པའི་དུས་སྐབས་རེད།
                                    ༼༡༨༽
      ཧྥ་རན་སི།ཇི་འདྲ་འདྲའི་ཡིད་སེམས་འགུགས་པའི་གནས་མཆོག་ཅིག།མི་ལ་ལས་བདེ་སྐྱིད་ལ་ཚེ་རིང་སོང་ནས་ཕྱིར་ཡོང་མེད་པར་སྐྲག་གནང་མི་སྐྱེའམ་དྲི་བ་གཏོན་དུས།བདེ་སྐྱིད་ཀྱིས་འདང་རྒྱག་མེད་པར།མི་སྐྲག།ངེད་གཉིས་ཀྱིས་འདི་འདྲ་བའི་ཀྱག་ཀྱོག་གི་ལམ་བུ་མང་བོ་བརྒྱུད་མྱོང་།ཡིན་ཡང་འདི་འདི་འདྲའི་ཉག་ཕྲ་བའི་བརྩེ་བ་ལས་ལྷག་མེད་ཚེ་དེ་ལ་བརྩེ་དུང་མི་ཟེར་ཅེས་ལན་བཏབ།
                                     ༼༡༩༽
    ལོ་གསུམ་གྱི་རྗེས་སུ།ཁོ་ཕྱིར་ཡོང་ལ་པེ་ཅིན་ནས་ཞག་སྡོད་བྱས།ཁོས་མི་ཞིག་ལ་སྐད་བསྐུར་ནས་ཁོའི་ཐེངས་དང་པོའི་ལས་ཀ་ནི་ཞིང་གྲོང་དུ་ཁོ་མོ་སྟེ་བདེ་སྐྱིད་ལེན་དུ་ཡོང་རྒྱུ་ཡིན།ཚེ་རིང་གིས་བདེ་སྐྱིད་ལ་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་ཞིག་སྦྱིན་པར་འདོད་ནས་ནམ་ཡོང་དུས་ཚོད་ཁ་གསལ་བོར་མ་བཤད་པར་ཉིན་འགའ་ལ་ཐོན་ཅེས་བཤད།
                                   ༼༢༠༽
    དུས་དེ་ནས་བཟུང་ཁོ་མོའི་སེམས་ན་ཁོ་བོར་སྒུག་རྒྱུ་ལས་གལ་ཆེ་བའི་དོན་དག་གཅིག་ཀྱང་མེད།བདེ་སྐྱིད་ཀྱིས་པེ་ཅིན་ནས་ཡོང་བའི་རླངས་འཁོར་གཅིག་ཅིང་མ་བསྐྱུར་བར་ནངས་སྔ་ལངས་དང་དགུང་ཕྱི་ཉལ་གྱིས་ཉིན་ནས་ཉིན་ལ་སྒུག།
                                   ༼༢༡༽
     སྒུག་ཐེངས་གཅིག་གིས་ལོ་བཅུ་ལྷག་འདས་སོང་།ཚེ་རིང་ནི་འཇིག་བརྟེན་འདི་དང་ཁ་བྲལ་བ་བཞིན་གྲགས་རྒྱུ་གོ་རྒྱུའི་གནས་ཚུལ་གང་ཡང་མི་འདུག།ཡིན་ནའང་བདེ་སྐྱིད་ནི་སྔར་བཞིན་ཁ་བ་དང་ཆར་བ།ཙག་སེར་བུ་གཡུགས་པའི་ནམ་ཟླ་གང་ཡིན་རུང་ཉིན་ནས་ཉིན་དུ་རླངས་འཁོར་འབབ་ཚུགས་དུ་འགྲོ་བར་རྒྱུན་མ་ཆད།
                                  ༼༢༢༽
    བདེ་སྐྱིད་ཁོ་མོ་མོ་ལོ་དྲུག་ཅུ་རེ་གཉིས་ལོན་པའི་ལོ་དེར་ཁོ་མོའི་མར་མེའི་སྣུམ་ཡང་ཟད་ལ་ཉེ།ཁོ་མོས་སྔོན་གྱི་ལྭ་བ་སྔོ་སྐྱ་དེ་གོན་ནས་ཚེ་ཕྱི་མར་ཁྱེད་ལ་གཏན་ནས་དགའ་མི་སྲིད།ཁྱེད་ཀྱི་བརྩེ་དུང་གི་བྲོ་བ་ཧ་ཅང་ཁ་བོ་འདུག་ཅེས་བཤད།
                                 ༼༢༣༽
   ཁོ་མོ་ཡིད་སྐྱོ་བའི་ངང་འཇིག་རྟེན་འདི་དང་ཁ་བྲལ་སོང་།ཞིང་གྲོང་གི་ལུགས་སྲོལ་ལྟར་དུར་འཇུག་བྱེད་པའི་ཉིན་མོ་དེ་ལ་ནམ་མཁའ་ཡིས་ཡང་སྐྱོ་སྣང་གི་གསང་བ་མང་བོ་མི་ཡུལ་དུ་བརྗོད་པ་དང་འདྲ།
                                ༼༢༤༽
     གནམ་ནས་ཚགས་པར་རྙིང་བ་འགའ་རླུང་བུ་ཡིས་འཁྱེར་ནས་བདེ་སྐྱིད་ཀྱི་རོ་སྒམ་སྟེང་དུ་ལྷུང།སྟེང་དུ་གསལ་འགྱུར་ཐུང་ཐུང་ཞིག་བཀོད་ཡོད་དེ་ལོ་ག་གེ་མོའི་ཟླ་ག་གེ་མོའི་ཉིན་ག་ག་གེ་མོའི་ལ་པེ་ཅིན་ནས་ཡོང་བའི་རླངས་འཁོར་གཅིག་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་གཡང་གཟར་དུ་ལྷུང་ལ་མི་གཅིག་གི་ཚེ་སྲོག་ལ་ཐར་བ་མ་བྱུང་།འགྲམ་དུ་ཚེ་རིང་གིས་ཧྥ་རན་སི་ནས་བྲིས་པའི་དཔྱད་རྩོམ་ཚེ་ཕྱི་མར།ཁྱེད་ལ་གཏན་ནས་མི་འགྲོགས།ཁྱེད་ཀྱི་བརྩེ་བ་ཡིས་ང་ཡིས་སེམས་ལ་བཟོད་བསྲན་མི་ཐུབ་པའི་ན་ཟུག་སྦྱིན་ལ་ཁྱེད་ཀྱི་བརྩེ་བའི་བྲོ་བ་ངོ་མ་ཁ་བོ་འདུག།ཚགས་པར་རླུང་བའི་རམ་འདེགས་འོག་དལ་གྱིས་མཁའ་དབྱིངས་སུ་འཁྱེར་ནས་མི་མངོན་པར་གྱུར་སོང་།
                                                                         ༢༠༡༡ལོའི་ཟླ་༤པའི་ཚེས་༡༥ཉིན་ལ།དུད་སྤྲིན་གྲོང་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་ཕྱི་མར།

2011-04-21 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།