དེ་རིང་གི་ཚོར་བ།


   ཆར་བ་སམ་སིམ་ཞིག་བབས་ཤིང་འབྲུག་སྐད་ཀྱང་ཐེངས་འགར་གྲག་ལ་ལུང་གཞུང་ན་ཆུའི་ཤག་སྒྲ་ཧ་ཅང་གསལ་ལ་སྡོང་མགོ་ལ་ལར་ད་དུང་མེ་ཏོག་ཀྱང་བཞད་འདུག་མོད།
   འདིའི་ཡུལ་མི་རྣམས་ཀྱིས་འབྲུག་གྲགས་ནའང་ཆར་བ་ཤག་ཤག་འབབ་མི་སྲིད་ད་རུང་དགུན་ཁ་རེད་ཟེར།ཡིན་ནའང་ང་ལ་འཁྱགས་པའི་ཚོར་སྣང་ཅི་ཡང་མི་འདུག་པས་ངས་དགུན་ཁ་ཡིན་པའི་རྟགས་མཚན་ཅི་ཡང་མ་མཐོང་ལ་ཁས་ལེན་འདོད་ཀྱང་གཏན་ནས་མེད།     དགུན་ཁ་འདི་ལྟ་བུའི་གནམ་གཤིས་ཡག་པོ་ཞིག་ཡོད་ཚེ་ང་ཡུན་རིང་བོར་གནས་འདི་ནས་འཚོ་འདོད་འདུག་ལ་ཨ་མའང་གནས་འདིར་ཁྲིད་ཡོང་ན་འདོད་། ཁོ་བོ་ས་འདིར་གུང་སེང་ལ་འབྱོར་ནས་ཉིན་བཅུ་གཅིག་འགོར་སོང་སྔོ་ལྗང་གི་ནགས་དང་ཞིང་ཁ་གྲམ་གཞུང་གི་ཆུ་དང་སྲང་ལམ་གྱི་སྔོ་ཚལ་སོགས་ཀྱིས་ང་རང་ལ་དབྱར་གཞུང་ཞིག་གི་སྤྲོ་སྣང་ལ་རོལ་བཞིན་པའི་ཚོར་སྣང་སྤྲོད་ཀི་ཡིན་ནའང་ལམ་བར་ནས་ས་འདིར་བསྡད་ནས་མི་ལོ་དྲུག་ཅུ་འགོར་བའི་བོད་པའི་རྨོ་རྨོ་ཞིག་གིས་ཀྱང་ས་འདིའི་དགུན་ཁའི་གནམ་གཤིས་ཧ་ཅང་སྐྱིད་ཟེར་གི་དེའི་ཕྱིར་ངས་རང་གི་ཕ་ཡུལ་དུ་ཁ་པར་ཞིག་བཏང་བ་ཡིན་ལ་དྲིན་ཅན་གྱི་ཨ་མས་ཀྱང་དེ་རིང་ནི་རྒྱ་ལོའི་ཉེར་ལྔ་ཡིན་གསུངས་སོང་། ཡིན་ནའང་མི་རིགས་མང་པོ་འདུས་སྡོད་བྱེད་སའི་རི་ངོགས་འདི་ནས་ང་ཡུན་རིང་པོ་ཞིག་ལ་སྡོད་འདོད་གཏན་ནས་མི་འདུག་རྒྱུ་མཚན་ནི་ས་འདིའི་ཁང་གླ་དང་ཟས་གླ་ཧ་ཅང་མཐོ་བས་སོ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་གི་ཚོར་བ།

2011-04-10 མེ་དཔུང་། ཀློག་གྲངས། མཆན ཡོད།


   ཆར་བ་སམ་སིམ་ཞིག་བབས་ཤིང་འབྲུག་སྐད་ཀྱང་ཐེངས་འགར་གྲག་ལ་ལུང་གཞུང་ན་ཆུའི་ཤག་སྒྲ་ཧ་ཅང་གསལ་ལ་སྡོང་མགོ་ལ་ལར་ད་དུང་མེ་ཏོག་ཀྱང་བཞད་འདུག་མོད།
   འདིའི་ཡུལ་མི་རྣམས་ཀྱིས་འབྲུག་གྲགས་ནའང་ཆར་བ་ཤག་ཤག་འབབ་མི་སྲིད་ད་རུང་དགུན་ཁ་རེད་ཟེར།ཡིན་ནའང་ང་ལ་འཁྱགས་པའི་ཚོར་སྣང་ཅི་ཡང་མི་འདུག་པས་ངས་དགུན་ཁ་ཡིན་པའི་རྟགས་མཚན་ཅི་ཡང་མ་མཐོང་ལ་ཁས་ལེན་འདོད་ཀྱང་གཏན་ནས་མེད།     དགུན་ཁ་འདི་ལྟ་བུའི་གནམ་གཤིས་ཡག་པོ་ཞིག་ཡོད་ཚེ་ང་ཡུན་རིང་བོར་གནས་འདི་ནས་འཚོ་འདོད་འདུག་ལ་ཨ་མའང་གནས་འདིར་ཁྲིད་ཡོང་ན་འདོད་། ཁོ་བོ་ས་འདིར་གུང་སེང་ལ་འབྱོར་ནས་ཉིན་བཅུ་གཅིག་འགོར་སོང་སྔོ་ལྗང་གི་ནགས་དང་ཞིང་ཁ་གྲམ་གཞུང་གི་ཆུ་དང་སྲང་ལམ་གྱི་སྔོ་ཚལ་སོགས་ཀྱིས་ང་རང་ལ་དབྱར་གཞུང་ཞིག་གི་སྤྲོ་སྣང་ལ་རོལ་བཞིན་པའི་ཚོར་སྣང་སྤྲོད་ཀི་ཡིན་ནའང་ལམ་བར་ནས་ས་འདིར་བསྡད་ནས་མི་ལོ་དྲུག་ཅུ་འགོར་བའི་བོད་པའི་རྨོ་རྨོ་ཞིག་གིས་ཀྱང་ས་འདིའི་དགུན་ཁའི་གནམ་གཤིས་ཧ་ཅང་སྐྱིད་ཟེར་གི་དེའི་ཕྱིར་ངས་རང་གི་ཕ་ཡུལ་དུ་ཁ་པར་ཞིག་བཏང་བ་ཡིན་ལ་དྲིན་ཅན་གྱི་ཨ་མས་ཀྱང་དེ་རིང་ནི་རྒྱ་ལོའི་ཉེར་ལྔ་ཡིན་གསུངས་སོང་། ཡིན་ནའང་མི་རིགས་མང་པོ་འདུས་སྡོད་བྱེད་སའི་རི་ངོགས་འདི་ནས་ང་ཡུན་རིང་པོ་ཞིག་ལ་སྡོད་འདོད་གཏན་ནས་མི་འདུག་རྒྱུ་མཚན་ནི་ས་འདིའི་ཁང་གླ་དང་ཟས་གླ་ཧ་ཅང་མཐོ་བས་སོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།