འཆར་ཡན་ཁྲོད་ཀྱི་བསམ་གཞིགས།

   གལ་ཏེ་ང་བྱ་རྒོད་ཅིག་ཡིན་པའི་དབང་དུ་བཏང་ན་ངའི་གཤོག་ཡ་གཅིག་ནི་སྲོལ་རྒྱུན་རིག་གནས་དང་གཤོག་ཡ་གཞན་དེ་ནི་དེང་རབས་རིག་གནས་ཡིན།
   ངའི་གཤོག་ཟུང་ངོ་བོ་གཅིག་ཏུ་འདྲེས་ཏེ་ང་མུ་མཐའ་མེད་པའི་མཁའ་དབྱིངས་སུ་རང་དབང་གི་འཕུར་བསྐྱོད་བྱེད་ཐུབ་ན་ཅི་མ་རུང་།
    རབ་རིབ་ཀྱི་དོན་སྤྱི་དེ་འདྲ་ཞིག་ཡང་མོ་རླུང་དང་འདྲ་བར་གསལ་ལྷང་ངེར་འཁོར་བ་ནི་རྣ་འཇོག་ནང་ལ་ཉན་ཆས་བཙུགས་པ་དང་འདྲ། ཁོ་སློབ་ཆེན་འདབ་རོལ་གྱི་ཟམ་པ་སྟེ་མིང་ལ་མཁའ་ཟམ་ཟེར་བའི་ཟམ་དཀྱིལ་དུ་འགྲེངས་ཏེ་ནོངས་འགྱོད་ཀྱི་སྡུག་ཡུས་ལྕི་མོ་ལ་དེ་ལྟར་འགྲེལ་བཤད་བརྒྱག་བཞིན་ཨ་སྔོན་དབྱིངས་སུ་འཕུར་བའི་ཁུག་རྟའི་མཛེས་སྡུག་ལ་རོལ།
     ངས་རྩམ་པ་རྫི་ཚུལ་བསླབ་དགོས། རྒྱུ་མཚན་ང་གྲོང་ཁྱེར་དུ་བསྡད་ཡུན་འགོར་བས་ངས་ནམ་རྒྱུན་འབྲོག་ཁྱིམ་གྱི་རྩམ་པའི་བྲོ་བ་དྲན་འོང་།  ང་ནི་འབྲོག་པ་ཞིག་ཡིན་ཡང་ཆུང་དུས་ནས་གྲོང་ཁྱེར་གྱི་རིག་གནས་བསླབ་པས་ངས་ད་ལྟ་འབྲོག་པའི་ཡོ་བྱད་ཀྱི་མིང་ཡང་མི་ཤེས།   དེ་བཞིན་དུ་ངས་བོད་རང་གི་སྲོལ་རྒྱུན་རིག་གནས་ཁྲོད་ན་ལུས་པའི་ད་ལྟའི་ངའི་གྲོང་ཁྱེར་གྱི་འཚོ་བ་ལ་ཧ་ཅང་མཁོ་བའི་ཤེས་བྱ་མང་པོ་ཞིག་ལ་དྲན་པ་བསྟེན་དགོས།      གང་ལྟར་ང་ཤིན་ཏུ་འགྱོད་དེ་བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱིས་རྨིང་མ་བཏང་བར་ཨ་གསར་གྱི་སྐྱེ་བ་བླངས་ནས་ནུབ་གླིང་གི་མཛེས་སྡུག་ལ་མགོ་འཁོར་བ་རེད།  ང་ལ་སེམས་རུས་པའི་གཏིང་ནས་དངངས་སྐྲག་སྐྱེས་འོང་།  ངས་སྐད་ཅིག་ཉིད་ལ་བོད་རང་གི་སྲོལ་རྒྱུན་རིག་གནས་ལས་མི་རིགས་རང་ལ་ཐུན་མོང་དུ་ཡོད་འོས་པའི་རྣམ་ཤེས་གསར་བ་ཞིག་བཙལ་ན་འདོད།
    མུ་མཐའ་མེད་པའི་མཁའ་དབྱིངས་སུ་འཇོར་སྒེག་ལ་རྩེན་པའི་ཁུག་རྟ་མང་པོས་གཤོག་རྩལ་ངོམས་པའི་མཛེས་སྡུག་ནི་རང་དབང་གི་མཛེས་སྡུག་ཅིག་དང་ཡང་ན་མཛེས་སྡུག་གི་སྨོན་པ་ཞིག་རེད།
     གལ་ཏེ་ངས་མཚོན་གང་ཞིག་སྤྱད་དེ་ཁུག་རྟའི་གཤོག་ཡ་གཅིག་རྨས་པ་ཡིན་ན་སྙིང་རྗེ་བའི་ཁུག་རྟ་ཞིག་གནམ་ནས་རྡོ་ལྷུང་བ་ཇི་བཞིན་ཁོའི་རྡོག་སྣེ་ལ་འབབ་སྲིད་ལ།  ཡང་ན་ཁོའི་མིག་གིས་བལྟས་བལྟས་ལ་དུག་སྦྲུལ་ལྟར་སྦོམ་ཞིང་རིང་བའི་མེ་འཁོར་ལྕགས་ལམ་སྟེང་ལ་ལྷུང་ཞིང་དེ་ནས་མེ་འཁོར་ལྡིར་སྒྲའི་ངང་ཐོན་ནས་ཁུག་རྟའི་རྣམ་ཤེས་ཆེས་མཐའ་མཇུག་གི་མནས་ཚང་སྟེ། བར་དོ་ཕྱི་མ་ལ་འཕེན་ཡང་སྲིད།
ཡང་གསལ་བོར་བརྗོད་ན་དོན་དེ་འདྲ་གཏན་ནས་འབྱུང་མི་སྲིད།རྒྱུ་མཚན་ནི་ང་ཡང་ལྕགས་ཟམ་ཁྲོད་དུ་འགྲེང་པའི་མི་དེ་དང་འདྲ་བར་སློབ་ཆེན་པ་ཞིག་ཡིན།  ད་དུང་ང་ནི་བོད་ཀྱི་སྙིང་རྗེ་དང་དད་པའི་བསྐྱེད་པའི་མི་དྲང་མོ་<བླུན་པོའི་གཅེས་མིང་ལ་གོ་དགོས་>ཞིག་ཡིན།
    ངས་ཁོ་དང་མཉམ་དུ་མིག་འབྲས་དཀར་ལོག་ལོག་གིས་མཁའ་དབྱིངས་ན་སྟོབས་ཀྱིས་འཕུར་བའི་ཁུག་རྟའི་མཛེས་སྡུག་ལ་རོལ་བ་ཡིན།   ངའི་སྣང་བ་ཞིག་ལ་རང་ཉིད་ནི་རྒན་ལགས་ཀྱིས་དུས་རྒྱུན་གསུང་པའི་བོད་མིའི་རྣམ་ཤེས་ཀྱི་གཉུག་མ་དེ་ཡིན་པར་འདོད།  
       ༡༩༩༩ལོར་ང་ནི་གཅེས་སུ་འོས་པའི་བྱིས་པ་ཞིག་སྟེ།ལོ་ངོ་བཅུ་གཅིག་ལ་སོན་ཡོད།ང་ལ་རང་སྒེར་གྱི་ལས་ཀ་ཡ་མཚན་ཞིག་ཡོད་པ་ནི་ཆར་ངོ་ཐང་རྗེས་དང་ཚ་གདུག་ཆེ་སྐབས་སེམས་ཅན་ལ་འགྲོ་དོན་མཛད་རྒྱུ་དེ་ཡིན།
གློ་བུར་བའི་ཆར་ཤོད་ཀྱི་རྗེས་སུ་རྐ་དང་འབུར་དོང་གི་ཆུ་འཁྱིལ་ཁྲོད་ན་འཕག་འཚག་བྱེད་པའི་སྲིན་འབུ་ཅི་ཞིག་མཐོང་དུས་ངས་རེ་རེ་བཞིན་ཆུ་ཁར་བླངས་ནས་ཆུ་འཇིག་ལས་གྲོལ་བར་བྱས་པ་ཡིན།ཚ་གདུག་ཆེ་སྐབས་སྦྲང་ནག་ཁ་ཤས་ཆུ་ལ་རྐྱལ་ཚུལ་མ་ཟིན་པར་ཆུས་སྣུབ་པ་མཐོང་ན་ང་ལ་སྙིང་རྗེ་དང་དངངས་སྐྲག་ཅིག་ཅར་སྐྱེས་འོང་།
དེ་བས་ངེད་ཕ་ཡུལ་དུ་གདུག་རྩུབ་ཅན་གྱི་དགྲ་ནག་པོའི་དཔུང་སྡེ་ཞིག་ཐོན་ཚེ་ངས་ངེད་ཚང་གི་ངོ་སོ་དང་ལ་རྒྱ་བསྲུང་ནུས་པ་ཕར་ཞོག།ལྷག་ཡོད་ངོ་ཚ་ཞིག་མི་ཉོ་རང་ཉོ་ཡིན།
ངའི་ཨ་མ་ལ་གཞུང་དྲང་གི་གཤིས་ཀ་དང་སྙིང་རྗེ་ལྡན་ཡང་བསམ་བློ་ལ་རྩ་དོན་མེད།  མདོར་བསྡུས་ན་ཤེས་རྨོངས་ཡིན།ཨ་མ་ལགས་ཀྱི་སེམས་ཁམས་སྤྲོ་བའི་ཁེངས་དུས་ང་ལ་སྙན་ཞིང་འཇེབས་པའི་གནའ་གཏམ་མང་པོ་བཤད་ལ་ད་དུང་ང་ལ་འོ་ཡང་ཡང་བྱས་ནས་ངའི་མཆུ་འདབ་སྦངས་དྲགས་ཏེ་ཚ་རེག་རེག་བྱེད།  ཨ་མ་ལགས་ཁོང་ཁྲོ་ལང་དུས་ངས་དེ་མ་ཐག་རང་ཉིད་ཁྱིམ་ཚང་གཞན་ཞིག་གི་བྱིས་པ་ཡིན་ན་ཅི་མ་རུང་སྙམ།རྒྱུ་མཚན་ཨ་མས་ང་ལ་གླེན་པ་བླུན་ནག་ཅེས་གཤེ་གཤེ་གཏོང་ཞོར་ཁྱིམ་ཚང་གཞན་ཞིག་གི་བྱིས་པ་ལ་ཡིད་སྨོན་དང་བསྟོད་བསྔགས་ཡང་ཡང་བྱེད།  ང་ནམ་རྒྱུན་མིག་ཆུ་འབྱིན་སླ་བའི་རྒྱུ་རྐྱེན་གཅིག་ནི་འདི་ཡིན།
      རེད་ཡ།ངའི་ཨ་མ་ལ་ནང་བསྟན་གྱི་ཤེས་ཡོན་མེད་པ་དཔེར་ན་མོས་དཀོན་མཆོག་གསུམ་གྱི་གྲངས་ཀ་འདྲེན་མི་ཤེས།  དེང་རབས་ཀྱི་ཤེས་ཡོན་མེད་པ་དཔེར་ན་ང་རང་བྱིས་པ་ཡིན་དུས་མོས་ཁྱིམ་ཚང་གི་སློབ་གསོ་ཞེས་པའི་ཐ་སྙད་བརྗོད་མི་ཤེས།  ཡིན་ཡང་ཨ་མ་ལགས་ང་དང་འདྲ་བར་གནའ་སྒྲུང་མང་པོ་དང་བླ་མའི་གསུང་ཆོས་ཀྱིས་བསྐྱེད་བསྲིང་བྱས་པས་མོ་ལ་མངའ་བ་ནི་སྙིང་རྗེ་དང་དད་མོས་ཡིན་པ་ལས་འཁོར་བ་བསྐྱོང་བྱེད་ཀྱི་བདག་གི་འདུ་ཤེས་མེད།  ངེད་ཚང་གི་སློབ་གསོ་མ་ལག་ནི་གནའ་སྒྲུང་དང་བླ་མའི་བཀའ་ཆོས་ཡིན་ཞིང་ངེད་ཚང་ནི་གནའ་བོའི་ཤེས་རྨོངས་ཁྲོད་ན་གཉིད་དུ་ཡུར་བ་ནི་ད་ལྟ་ངའི་མཐོང་ལམ་ན་རྔུར་སྒྲ་འཐེན་བཞིན་པའི་ཧ་པ་འདི་དང་མཚུངས།
      ང་ལ་ཆུང་དུས་ཕུགས་བསམ་གཉིས་ཡོད་དེ།  གཅིག་ནི་ཕྱུག་བདག་ཅིག་བྱེད་པ་དང་གཅིག་ནི་ཤེས་ཡོན་པ་ཞིག་བྱེད་རྒྱུ་དེ་རེད།  ཡིད་སྐྱོ་བ་ལ་ང་ད་དུང་ཐེ་ཚོམ་གྱི་སྒོ་ནས་སློབ་གླེང་དེ་ན་འདུར་རྒྱུགས་བྱེད་བཞིན་ཡོད།
ད་ལྟ་ཁོས་ཁུག་རྟའི་མཛེས་སྡུག་ལ་བལྟ་མཚམས་བཞག་ནས་རྒྱང་རིང་ན་ཀྲོང་ངེར་འགྲེངས་པའི་རི་བོ་ཆེན་པོ་ཞིག་ལ་བལྟས་ཡོད།
ད་ལྟ་ངའི་ཕ་ཡུལ་ན་སྔར་ནས་དགུན་ཁ་སླེབས་འདུག།  ང་ཆུང་དུས་ནས་དྲོད་འཇམ་ལྡན་པའི་ཉི་འོད་ལ་དགའ།གལ་ཏེ་ང་ལ་ལྡེམ་མྱུར་སྐྱེན་པའི་གཤོག་ཟུང་ལྡན་ཚེ་ངས་མིག་ཆུ་དང་གཏམ་རྒྱུད་འཁུར་ནས་རྒྱང་རིང་ལ་འཕུར་འགྲོ།འཁྱག་རླུང་མེད་པའི་རྒྱང་རིང་དེ་ལ་་་་་་་་་
                                                                               ༡༠.༡༢ཉིན་གྱི་དགོང་མོར།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆར་ཡན་ཁྲོད་ཀྱི་བསམ་གཞིགས།

2011-03-30 གདུ་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།