མེ་ཏོག་འདི་བཞད་དུ་འཇུག་རོགས།
འཛུམ་ལྷུག་གེར་བཞད་པའི་མེ་ཏོག་སྔར་བཞིན་འཛུམ་ལྷུག་གེར་བཞད་ན་མཛེས། གལ་སྲིད་ཁྱོད་རང་མེ་ཏོག་ སྣ་བརྒྱ་རྣམ་པར་བཀྲ་བའི་གནས་དེ་དག་བརྒྱུད་ནས་འགྲོ་སྐབས། མེ་ཏོག་དེ་དག་མཛེས་པར་སེམས་ན། སྙིང་ཉེ་ཉེའི་ཚུལ་ དུ་མེ་ཏོག་གི་སྐེ་རྩ་ལག་པས་བསྡམས་ཏེ་མགོ་བོ་ཚུར་འཐེན་ནས་དྲི་ངད་མ་སྣོམས་ཤིག ལྷག་ཏུ་དུངས་པ་ཟབ་ཁུལ་གྱིས་མེ་ ཏོག་བཅད་ནས་ལག་ནང་གི་རྩེད་སྤྱད་དང་འདུག་གནས་ཀྱི་མཛེས་རྒྱན་དུ་གཏན་ནས་ཁྱེར་མ་ཡོང་།
གལ་སྲིད་ཁྱོད་ཀྱིས་མེ་ཏོག་དེ་མཛེས་པར་རློམ་ནས་མེ་ཏོག་གི་སྐེ་རྩ་ལག་པས་བསྡམས་ཏེ་མགོ་བོ་ཚུར་འཐེན་ནས་དྲི་ངད་སྣོམ་པའམ། དུངས་པ་ཟབ་ཁུལ་གྱིས་མེ་ཏོག་བཅད་ནས་ལག་ནང་གི་རྩེད་སྤྱད་དང་འདུག་གནས་ཀྱི་མཛེས་རྒྱན་ དུ་ཁྱེར་ཡོང་ན། ཁྱོད་ཀྱི་མཛེས་པ་ལས་བཙོག་པོ་བདམས་པ་རེད། དགེ་བ་ལས་ཉེས་པ་བསགས་པ་རེད། བྱམས་སེམས་ལས་ སྒེར་སེམས་བཀུར་བ་རེད།
དེ་བས་འཛུམ་ལྷུག་གེར་བཞད་པའི་ལམ་འགྲམ་གྱི་མེ་ཏོག་འདི་ཡང་སྔར་བཞིན་འཛུམ་ལྷུག་གེར་བཞད་དུ་ཆུགས། ད་དུང་མཛེས་པ་ལྷུན་གྱིས་བཏེགས་པས་རང་བྱུང་ཁམས་ཆེན་མོའི་བྱ་དངོས་ཁྲི་ཕྲག……

2010.05.09ཉིན་ལན་གྲུ་ནས།
རྩོམ་ཁུངས། ངེད་དྲ་བ།