སྙན་ངག་ནི་བོད་ལ་མཚོན་ན་སྦྲིད་ཟས་ཤིག་ཡིན་འདུག
སེམས་པ་རིས་སུ་ཕབ་པའི་ཤུལ་རྗེས་ནི་འཇིག་རྟེན་པར་བཞག་པའི་ཁ་ཆེམས་མ་ཡིན་པར་རང་ཉིད་གསོན་སྟངས་ཙམ་ཡིན་ཕྱིན། དེ་ཤུལ་མེད་དུ་འདག་སྲིད་པ་ཆོས་ཉིད་གཅིག་མཐུན་ཡིན་པས་སྙན་ངག་དག་གང་ནས་ཟུག་དེ་སྲིད་པའི་ཀླད་རྩར་འཐིམས་སོང་། ནོར་འཕྲུལ་དེ་ནི་དོན་གྱི་ནོར་འཆུག་རེད། སྙན་ངག་ཅེས་པ་དང་སྙན་ངག་པ་ཟེར་བའི་སྐད་ཆ་ནི་འཇིག་རྟེན་སྤྱི་བླུགས་ཀྱི་དེབ་རྒན་དེའི་ཆ་ཤས་ཙམ་ཡིན་པས། དེ་ལ་སྣང་བ་ཞེས་འབོད་ཆོག་པ་ཙམ་རེད། ཡི་གེའི་རྩེད་རིག་གི་ལྡེབས་སུ་འཆར་སྲིད་པ་ནི་སེམས་ལྗོངས་ཀྱི་ཆ་ཤས་ཙམ་ལགས་པས། དེ་ཡོངས་གྲུབ་བམ། ཡོངས་འགྲུབ་ཅིག་ག་ལ་ཡིན། སྙན་ངག་པའི་རང་རློམ་དེ་ནི་ཡིད་འགྲོས་ཐལ་ཆེ་བའི་སྦྲིད་ཟས་ཀྱིས་བརླམས་པ་མ་གཏོགས་ཅི་ཡང་མིན། ཐ་ན་མིའི་གདོད་མའི་རང་བྱུང་གཤིས་བཞིན་གྱི་ངང་ཚུལ་གྱི་བརྩེ་བ་ཕྲན་ཙམ་ཡང་མི་འདུག བོད་ཀྱི་སྙན་ངག་པ་ཟེར་བའི་སྐུ་ཚེ་རིང་རྒྱུ་ཚོ། མི་ལོ་སུམ་ཅུའི་ནང་ལ་ད་དུང་ཅི་ཡང་སྔོ་མ་ཐོགས་པ་ངོ་ཚ་དགོས་དོན་ག་ལ་ཡོད་དེ། ཚང་མ་རིག་རྟུལ་ཏག་ཏག་ཡིན་པས་སོ།།
རྩོམ་ཁུངས། བསམ་གཏན་གྱི་ཟིན་བྲིས།