བོར་བཞིན་པའི་སྦྲ་ནག་དང་རྒྱང་བཞུད་ཀྱི་འབྲོག་ཁྱི།
༄༅།།སྤྱིར་སྐད་ལུགས་དང་གོམས་གཤིས། ཡུལ་སྲོལ་གང་ནས་ཀྱང་འབྲོག་ལས་ཀྱིས་བོད་ཀྱི་གཟུགས་ལྡན་རིག་གནས་དང། གཟུགས་མེད་རིག་གནས་སོགས་གང་སར་ཤུགས་རྐྱེན་དང། རིག་གནས་འཕེལ་རིམ་ནང་ལེགས་སྐྱེས་མི་དམན་པ་ཞིག་ཕུལ་ཡོད་པ་གདོན་མི་ཟའོ། དེ་ཡང་ཡ་ཐོག་རུས་རྒྱུད་ཚོ་པའི་སྤྱི་ཚོགས་ནས་རིམ་བཞིན་རྒྱལ་ཕྲན་མང་པོ་རགས་དབྱིབས་སུ་གྲུབ་རག་བར་དུ་སྐབས་དེ་དུས་ཀྱི་བོད་མིའི་འཚོ་སྡོད་ཀྱི་བརྟེན་གཞི་གཙོ་བོ་ནི་འབྲོག་ལས་ཏེ། འབྲོག་ལས་ཡུན་རིང་དར་རྗེས་གཞི་ནས་ཞིང་ལས་ད་སོ་མ་རྒྱ་ཁྱབ་ཏུ་ཕྱིན་པ་ལྟར་ན། བོད་མིའི་རིག་གནས་ནང་འབྲོག་ལས་རིག་གནས་ནི་ཆེས་རྩ་བ་དང། ལྷག་པར་དུ་བོད་གཅིག་གྱུར་གྱི་སྤུ་རྒྱལ་བཙན་པོའི་དུས་ཞིང་ལས་འདེབས་འཛུགས་དར་འཕེལ་ཆེན་པོ་བྱུང་ཀྱང་འབྲོག་ལས་ནི་ད་དུང་ཡང་སྤྱི་དམངས་འཚོ་བའི་ནང་གི་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་སྣང།
དེང་དུས་ལ་སྤྱིར་འབྲོག་པའི་འཚོ་སྡོད་དང་འབྲེལ་བའི་གཟུགས་ཅན་རིག་གནས་ནོར་ལུག་དང་སྦྲ་གུར། འབྲོག་ཆས་སོགས་ཀྱང་དེང་གི་དཔལ་འབྱོར་གོ་ལ་ཅན་དང་ཆ་འཕྲིན་དུས་རབས་ཀྱི་ཚ་རླབས་རབ་ཏུ་འཕྱུར་བའི་ཁྲོད། སྐད་ཅིག་མི་བསྡོད་པར་རིག་གནས་མང་དག་གཅིག་གཞན་འགྱུར་བྱ་བཞིན་ཡོད་ལ། རིག་གནས་མང་དག་ཞིག་ལ་གཞན་སྔོན་འཐོན་རིག་གནས་ཀྱིས་ཕོག་ཐུག་བཏང་བཞིན་ཡོད། རིག་གནས་མི་ཉུང་བ་ཞིག་རྩ་བརླག་འགྲོ་བཞིན་པ་ནི་འགོག་ཏུ་མེད་པའི་དངོས་དོན་རེད། འོན་ཀྱང་སྤྱིར་མིའི་རིགས་ཀྱི་ཐུན་མོངས་རིག་གནས་སུ་གྲུབ་པའི་འབྲོག་ལས་ཞེས་པ་དེ་དེང་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་འཕེལ་འགྱུར་འགྲོ་བ་ལྡོག་ཏུ་མེད་པའི་ཆོས་ཉིད་ཡིན་རུང། རང་རེ་བོད་པའི་འབྲོག་ལས་རིག་གནས་ནང་སྒེར་མཚན་གྱི་ཆ་ལྡན་པའི་ཐུན་མོངས་མ་ཡིན་པའི་རིག་གནས་དག་ཉམས་དམས་དང་རྩ་བརླག་འགྲོ་བའི་ཉེན་ཁའི་ཁྲོད་བདག་ཚོས་མཉམ་འཇོག་དང་མྱུར་སྐྱོབས་ངེས་པར་བྱ་དགོས་པ་ལས། རིག་གནས་འཕེལ་འགྲོས་ལ་སྣང་ཆུང་དང་རྙིང་ཚབ་གསར་རྗེ་ལ་བསྒྱུར་གང་ཐུབ་བྱས་ན་རྗེས་སོར་ཕྱི་མིག་འཕེན་སྐབས། དུས་རབས་འདིའི་མི་རྣམས་ཀྱིས་རིག་གནས་ལོ་རྒྱུས་ལ་འགན་མ་འཁུར་བའི་རྟགས་མཚན་ཞིག་དང། རང་རེའི་འཚོ་སྡོད་འཁོར་ཡུག་དང་མི་རབས་ཕྱི་མ་ཚོར་འགན་མ་འཁུར་བའི་བྱེད་ལུགས་ཐ་མལ་བ་ཞིག་ཅི་ལ་མིན།
དེ་སྔོན་ངས་ཟང་ཟིང་འར་འུར་གྱི་གྲོང་འཁྱེར་ནས། ལྷིང་འཇགས་ཀྱི་ཕ་ཡུལ་ཞེས་པ་ཞིག་དང་སྦྲ་ནག། ནོར་ལུག་སོགས་ནམ་ཡང་སོས་དལ་གྱི་དྲན་སེམས་ངོས་ལ་རི་མོར་ཕབ་གིན་རང་ཉིད་སྐྱོ་དུས་སེམས་པ་དྲོ་རུ་འཇུག་ལ། ལུས་པོའི་ངལ་དུབ་ཀྱང་སེལ་འོངས། ངས་ཐེངས་རེའི་དབྱར་གནང་དང་དགུན་གནང་ལ། སྤུན་མཆེད་ཚོ་ལ་དགའ་བའི་གྱོན་པ་ལྷེབ་རེ་དང་མངར་ཆ་རུམ་གང་ཉོས་ནས་རང་ཡུལ་ལ་འཁོར་དུས། ངོ་མ་རང་ཉིད་ཡིད་འོངས་ཀྱི་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་ལྟར་གྱི་དགའ་འཚོར་སྨྲ་བརྗོད་ལས་འདས། ད་དུང་གོམས་འདྲིས་ཆེ་བའི་ཕ་ཡུལ་གྱི་རྩ་ཐང་དེ་རྡོག་པས་ནོན་བཞིན། ཞོགས་པའི་ཉི་གཞོན་ཁྲོད་འོད་འཚེར་བའི་རྩྭ་འགོའི་ཟིལ་པ་རེ་རྡོག་འགོས་གཏོར་བཞིན། བྱིས་དུས་ཀྱི་མཚར་སྡུག་བཀྲ་བའི་རྨི་ལམ་གྱི་ཞིང་ཁམས་དེར་སླར་ཡང་ཞིབ་མྱུལ་ལན་གཅིག་བྱ་བར་ཐལ། ལུག་གུའི་འབའ་སྒྲ་དང་འཕར་ལྡིང། མེ་ཏོག་དཀར་དམར་ཁྲ་གསུམ་གྱི་རང་བྱུང་གི་མཛེས་པ་རེ་མིག་མདུན་ལ་གཡོ་དུས་ཆུང་ཆུང་གི་རྩེད་གྲོགས་དྲན་ནས་མིག་མཐའ་བརླན་བགས་སུ་འགྱུར།
འོན་ཀྱང་ད་ལྟ་ང་ཕྱིར་ཕ་ཡུལ་ནས་གྲོང་འཁྱེར་ལ་ལྡོག་ཡོང་སྐབས་རང་སེམས་རློང་རློང་པོ་ཞིག་ལས་ཅི་ཡང་མ་འདས། གང་ལགས་ཞེ་ན། ངའི་ཆུང་ཆུང་ལུག་གུའི་འཚོ་རོགས་ཚོ་ཁ་འཐོར་བཤུལ་དུ། སྔར་གྱི་ཨ་མའི་སྦྲ་ནག་གྲུ་བཞི་ཤོ་འདྲ་བ་དེ་དག་ནི་རེ་རེ་བཞིན་རྒྱ་མིན་བོད་མིན་གྱི་སྡོད་ཁང་རྭ་བས་ཁེངས་འདུག་ལ། གཡག་ལ་ཁལ་བཀལ་ནས་ཕྱོགས་ལ་འཐོན་པ་དང་རུ་པ་སྐྱས་སྤོ་ཡི་ལུགས་སྲོལ་དག་ཀྱང་རིལ་རིལ་སྒོར་སྒོར་གྱི་འཁོར་ལོ་མང་པོས་རྙིང་ཚབ་གསར་བརྗེ་བྱས་ནས་འདུག།
རྩ་ཆུ་འཛོམས་པའི་ན་གཤོང་སྔོན་མོ་དེ་ཡང་འཕྲུལ་ཆས་དང་འཛུགས་བསྐྲུན་གྱི་མཆེ་སྡེར་རྣོན་པོས་དབྱར་འདམ་ཆུ་འཁྱིལ་ལེ་ཞིག་དང་དགུན་རྡུལ་རླུང་འཚུབ་སེ་ཞིག་ལ་བཅོས་འདུག། ང་རང་ཉིད་ཆེས་དགའ་བའི་བཞོན་རྟ་རྐྱངས་པོ་དེ་ཡང་གཅེན་གཅུང་ཚོར་དགོས་མཁོ་མེད་པར་བརྟེན་རི་ཡན་རླུང་ཡན་དུ་བཏང་ནས་ཡུན་གང་ཙམ་སོང་ཚར་ཟེར། ད་ལྟ། འབྲོག་པའི་གསར་བུ་གསར་མོ་ཚོ། སྐད་ར་མ་ལུག་འགའ་རྒྱག་གཞོར་ཆས་ཡ་མ་ཟུང་དག་གོན་ནས། སྦག་སྦག་འཁོར་ལོའི་རུ་བསྟར་སྒྲིག་ཏེ་སྣང་བ་ཨ་སྔོན་དགུང་ལས་མཐོ་བ་འདུག། སྤྲིན་དཀར་དང་སྤྲིན་ནག་སྤུངས་འདྲའི་ནོར་ལུག་རྣམས་ནི་དུས་ད་ཆ། རྒྱང་རིང་གི་ལུང་སྟོངས་དང་རྩ་ཐང་ལྷག་རོ་དག་ལ་བཀྲད་འདུག་ཅིང་ཡ་ང་བའི་གཡང་རྫི་བུ་མོས་རྫི་གླུ་སྙན་པོ་དེའི་ཚབ་ཏུ་རྒྱ་གཞས་ཆ་མ་ཆོ་འགའ་གྱེར་ནས་འགྲོ། དུས་ད་ཆ་འབྲོག་པ་ཚོའི་འདོགས་ཁྱི་དོམ་ནག་འདྲ་བོ། ཟུག་སྐད་གཡག་ངུར་བ་ལ་ཅོ་འདྲི་བ་དག་མཐོང་ལམ་དུ་ཡལ་ཟིན་ཅིང་ཡུལ་མི་ཚོའི་ཟེར་སྐད་ལ་མང་དག་ཅིག་རི་ལུའི་འཁོར་སྒྲོམ་ལ་བཞུགས་ནས་གྲོང་འཁྱེར་ཆེ་ཁག་ཏུ་སྤྱན་གཟིགས་སྲོག་ཆགས་ལ་འཁྲིད་ཕྱིན་པ་རེད་ཟེར། ངེད་ཚང་གི་འདོགས་ཁྱི་བྲང་དཀར་དེ་ཡང་ནམ་རྒྱུན་ང་གཞིས་ལ་འཁོར་རིམ་བཞིན་ཁ་གདངས་ལག་འབུད་ཀྱིས་དགའ་སྣང་ཚད་མེད་སྟོན་མོད། ད་ལྟ་ཁོ་ཡང་འཁོར་ཡུག་འགྱུར་བ་དང་བསྟུན་གཉུག་གཤིས་ཀྱི་གཏུམ་སྤྱོད་དག་ཡོངས་སུ་འབོར་ཞིང་ཁྱིམ་སྦུག་གི་བྱི་ལ་ནག་ཆུང་དེ་ལྟར་གཉོམ་ཆུང་ཞིག་ལ་ཆགས་པས་ཁྲོམ་ལམ་ལ་ཕུད་བཏང་ཟེར།
དེ་དང་དེ་ལྟ་བུས་ང་ལ་བློ་ཕམ་ཡིད་ཆད་ཚད་མེད་ཞིག་བཟོ་ལ། འཇིགས་སྐྲག་གི་གཉིད་ལམ་གང་མང་ཞིག་ཏུ་བདག་ཉིད་ཀྱང་ཁྱི་ལྡོམ་དེ་དག་གི་རྗེས་བཤུལ་དེད་དེ་ཁྲོམ་སྲང་གི་ཟས་རོ་ཁོ་རོ་དག་ལ་རེ་བཅོལ་ནས་བག་མེད་དང་མ་རབས་ཀྱི་སྤྱོད་པས་དུས་ཚོད་གཏོང་བ་དང། གཉའ་ཞུམ་བླ་བོར་ནས་གྲོང་འཁྱེར་གྱི་དཀར་དམར་མཚོན་མདངས་བཀྲ་བའི་གློག་གཞུའི་སྨིག་རྒྱུའི་འོག། རང་ཉིད་གཏན་དུ་བོར་སོང་བ་རྨིས་ཡོང།
ངས་ཕ་ཡུལ་ནས་ཕྱིར་ལྡོག་སྐབས། སླར་ཡང་གྲོང་འཁྱེར་གྱིས་བསྩལ་བའི་གདོང་འབག་རྫོབ་པོ་དེ་ཨུ་ཚུགས་ཀྱིས་བླངས་ཏེ། གཞན་ངོར་བལྟ་ཞིང་གཞན་རྗེས་ལ་འབྲངས་པའི་རྣམ་ཐར་འཕྲོ་སྐྱོངས་གིན་འགྲོ་བ་མི་ཡི་གཏད་སོ་དང་མི་ཚེའི་རིན་ཐང་སོགས་བསྟན་དུ་མེད། སྐབས་ལན་རེར་ངས་རང་ཉིད་གང་ནས་ཡོང་བ་དང་སླད་མར་ཕྱོགས་གང་ལ་དམིགས་ཡོད་པ་གཏན་གནས་མི་ཤེས།
སྐབས་ལན་རེར། ང་ནི་མེས་པོའི་སྦྲ་ནག་བཞུད་བཤུལ་གྱི་འཚེར་ས་རྙིང་པར་ཅི་ཞིག་ལ་ལྡིང་སྐོར་རྒྱག་པའི་ཁྭ་ཏ་ནག་ཙོག་དེ་ཚོ་ལྟར། འདབས་གཤོག་གཉིས་ཤེད་ཤུགས་ཀྱིས་བརྐྱངས་ནས་ཕྱི་ལོའི་དབྱར་དྲུག་པ་ཞིག་མདུན་ལ་བསུ་ཁུལ་བྱས་ཀྱང། སྐད་ཅིག་མའི་འཐོབ་ཤོར་གྱི་རྨ་ཁ་དེ་དག་ལ་བསམ་ན། ངའི་ལུས་སེམས་ལ་རྒྱ་མ་སྟོང་གི་ལྗིད་ཤུགས་ཞིག་དང་འཁང་ར། གྱ་ཚོམ་བཅས་ཀྱི་བཞི་ལམ་བསྣོལ་མདོ་ལ་ལྷུང་འགྲོ།
ད་ལྟ། ངའི་ཕ་ཡུལ་གྱིས་དེང་རབས་ཅན་ཞེས་པའི་བག་མ་འཆོར་སྒེག་མ་གཅིག་མདུན་བསུ་བྱས་ཚར་རྗེས། ཨ་མྱེས་ལྷ་རི་དཀར་པོ་ནི་ཆགས་སྒོ་ཅི་ཞིག་ཉོས་སོང་བ་ལྟར་རི་མགོ་གཞུག་མེད་པ་སྐྱ་ཐེར་ཐེར་དུ་འབུད། ཤང་ཤང་ལུང་ཆུ་སྔོན་མོ་ཡང་ཇུས་ཉེས་ཐེབས་པའི་ཚོང་པ་ལྟར་ཤག་ཤག་སྒྲ་ཡི་དབྱངས་སྙན་མེད་པར་འགྱུར། ད་ལྟ། ང་དང་ཁྱེད་ཚོས་གསར་པ་འཛུགས་བསྐྲུན་དང་རྙིང་པ་སྲུང་སྐྱོབས་ཁྲོད། ངེས་པར་འདང་རྒྱག་དང་དོག་གཟོན། ཚ་འདྲི་ཞིག་ཅི་འདྲའི་མཁོ་ཨང།།།།
དགེའོ།།།།

༢༠༡༠ ༨ ༨
རྩོམ་ཁུངས། ངེད་དྲ་བ།