བུད་མེད་ཀྱི་མིག་ཅིག་གིས་བོད་ཀྱི་བུད་མེད་ལ་ལྟ་བ།

       ད་ལྟའི་ཆར་དྲ་ལམ་དང་སྤྱི་ཚོགས་ཀྱི་གྲུ་ཟུར་གང་སར་བུད་མེད་ཀྱི་ཐོབ་ཐང་གླེང་བ་དང་བུད་མེད་ལ་སེམས་ཁུར་བྱེད ་མཁན།བུད་མེད་ལ་གླེང་གཞི་སྤེལ་མཁན་མང་ནས་མང་དུ་འགྲོ་གི་འདུག་ལ། དེའི་ཐད་ཀྱི་བགྲོ་གླེང་ཡང་རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་ཡོང་གི་ཡོད་པར་སྣང༌། ཡིན་ན་ཡང་མང་པོ་ཞིག་གིས་ཁ་གཅིག་གྲགས་ལ་སྲོལ་རྒྱུན་དང་ཆོས་ལུགས།ལོ་རྒྱུས་སུ་ཡོད་པའི་བུད་མེད་ཀྱི་སྟོང་ཆ་ སོགས་ལ་ལེ་བདའ་དང་འཁང་ར་བྱས་ཏེ་ད་ལྟའི་བོད་རིགས་བུད་མེད་ཚོའི་གནས་བབ་འདི་སྲོལ་རྒྱུན་གྱི་ནག་ཉེས་ཁོ ་ནར་རྩིས་ཏེ་ཡོད་ཚད་འདས་ཟིན་པའི་རྒྱབ་ལོགས་ཀྱི་ནག་ཉེས་ཡིན་པར་སྒྲུབ་ཀྱིན་འདུག སྤྱི་ ཚོགས་གང་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་འཕེལ་རིམ་ཞིག་ཡོད་པས་ང་ཚོས་ཡོད་ཚད་སྔར་སོང་ལ་ལེ་བདའ་ ཙམ་བྱེད་པ་ལས་རང་ཉིད་ནས་མགོ་མི་རྩོམ་པར་བསྡད་ན་ནམ་ཞིག་མི་རབས་རྗེས་མ་དག་གིས་ང་ཚོ་ལ་ཡང་ལེ་བདའ་མི་བྱེད་པ་ག་ལ་སྲིད། ཡོད་ཚད་གཞན་ལ་ཁག་དཀྲི་བྱེད་པ་དང་ཡོད་ཚད་སྲོལ་རྒྱུན་དང་སྤྱི་ཚོགས། ལོ་རྒྱུས་དང་ཆོས་ལུགས་ལ་ཁག་དཀྲི་བ་ལས་དེ་རིང་གི་དུས་རབས་དང་གནས་སྟངས་དེ་ང་ཚོ་མི་རེ་རེ་ཡི་ལག་ན་ཡོད་པས།ང་ཚོ་རང་ཉིད་ནས་མགོ་རྩོམ་དགོས། ཐོབ་ཐང་ཟེར་བ་དེ་ཁྲིམས་ལུགས་ནང་འདྲ་མཉམ་འཁོད་ཐུབ་པ་ཞིག་དང་གནས་བབ་ཟེར་བ་དེ་ཡར་རྒྱས་གཏོང་ཐུབ་པ་ཞིག་ཡིན་ཡང༌། རྩ་ བའི་འདུ་ཤེས་ཀྱིས་བསླངས་པའི་བསམ་བློ་ལ་འགྱུར་བ་གཏོང་མ་ཐུབ་པ་ཡིན་ན་དམིགས་བསལ་གྱིས་གོ་གནས་སྤྲོད་པ ་དང་ཐོབ་ཐང་སྤྲད་པ་ཙམ་གྱིས་སྤྱི་ཚོགས་སྤྱིའི་རྣམ་པ་དང་གནད་དོན་འདིའི་མགོ་ཁུངས་ལ་འགྱུར་བ་གཏོང་ཐུབ་པ ་མ་རེད།
    དང་པོ།  མི་རིགས་སྤྱིའི་སློབ་གསོ་ནས་མགོ་འཛུགས་པ།
    དུས་རབས་ཉེར་གཅིག་གི་ནང་དུ་གཞི་ནས་བོད་ཀྱི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཐོབ་ཐང་སྐོར་ནས ་སྐད་ཆ་བྱུང་བ་དང༌།འདིའི་སྔོན་དུ་བོད་རིགས་་བུད་མེད་ཚོའི་ལས་དབང་དང་འབྱུང་འགྱུར་ལ་སེམས་ཁུར་བྱེད་མཁན་ཉུང་ཉུང་རེད། བོད་རིགས་བུད་མེད་ཚོ་གླེང་བ་ནས་ཁ་ཅིག་གིས་ལོ་རྒྱུས་སུ་གསལ་བའི་བོད་རིགས་བུད་མེད་ཚོའི་སྟོང་ཆ་དང༌། སྲོལ་རྒྱུན་གྱིས་བུད་མེད་ཚོར་འདྲ་མཉམ་མིན་པའི་གོ་གནས་ཤིག་སྤྲད་ཡོད་པར་བརྗོད་ལ༌།ཡང་ཁ་ཅིག་གིས་ལོ་རྒྱུས་སུ ་ཡོད་པའི་བུད་མེད་མཁས་པ་དང་འཇོན་ཐང་ཅན་རེ་གཉིས་ཀྱི་མིང་ནས་བཟུང་ཏེ། བུད་མེད་ཀྱི་འཇོན་ཐང་ལ་རྒྱབ་རོགས་འཚོལ་བ་སོགས་མདོར་ན་ལྟག་རྒྱབ་གྱི་ལོ་ཟླ་གླེང་བ་ལས་མིག་མདུན་གྱི་དངོས ་དོན་ལ་སྣང་འཇོག་དེ་ཙམ་བྱེད་ཀྱིན་མི་འདུག ལོ་རྒྱུས་ནི་ཁ་སང་འདས་ཟིན་ ལ་སང་ཉིན་གྱི་མི་རབས་དེ་དག་གི་མདུན་དུ་དེ་རིང་གི་ལོ་རྒྱུས་གང་འདྲ་ཞིག་བཞེངས་སྐྲུན་བྱེད་མིན་དེ་རིང་གི་ང ་ཚོའི་མི་རེ་རེ་ལ་ཡོད་པའི་འགན་ལྗིད་པོ་ཞིག་ཡིན།སྤྱིར་མིའི་རིགས་ཀྱིས་གནད་དོན་ག་རེ་གླེང་ཡང་ལོ་རྒྱུས་ལ་ཕྱིར ་མིག་བལྟས་ཏེ། དེ་ལས་ཉམས་མྱོང་དང་སླབ་བྱ་ལེན་དགོས་པ་བདེན་པར་སྙམ་གྱིན་ཡོད་མོད། འདས་པའི་ལོ་རྒྱུས་ཁྲོད་ཀྱི་ལེགས་ཉེས་གླེང་བ་ཙམ་ཁོ་ནས་གང་ཡང་བྱ་ཐུབ་ཀྱིན་མེད།རྒྱལ་སྤྱིའི་སྤྱི་ཚོགས་སུ་མིའི་རིགས་སྤྱིའི་སློབ་གསོ་ཡར་རྒྱས་སོང་བ་དང་མཉམ་དུ། སྤྱི་ཚོགས་ནང་དུ་ཕོ་མོ་དབྱེ་འབྱེད་དང་བུད་མེད་ལ་འཛིན་པའི་ལྟ་ཚུལ་མང་པོ་ཞིག་རིམ་གྱིས་འགྱུར་བ་འགྲོ་བཞིན་པ་དང༌། བུད་མེད་ཀྱིས་རང་ལ་གདོད་མ་ནས་ཡོད་པའི་ལྷན་སྐྱེས་ཀྱི་ནུས་པ་མཐོར་འདེགས་གཏོང་ཐུབ་ཀྱིན་ཡོད།དེ་ལྟ་བུའི་སྤྱི་ ཚོགས་ནང་ནས་བུད་མེད་ཀྱི་ནུས་པ་འདོན་ཐུབ་རྗེས་གཞི་ནས་བུད་མེད་དེའི་ནུས་པ་ལ་ཡི་རངས་དང་བསྟོད་བསྔགས ་བརྒྱུད་སྤྱི་ཚོགས་དེའི་ནང་གི་གོང་འོག་མི་སྣ་མང་པོའི་སྣང་ངོ་ཡི་བུད་མེད་ལ་འཛིན་པའི་ལྟ་ཚུལ་འགྱུར་བ་འགྲོ་གི ་ཡོད།སྤྱི་ཚོགས་སྤྱིའི་སློབ་གསོ་ཡར་རྒྱས་སོང་བ་དང་མཉམ་དུ་བུད་མེད་ལ་རང་བཞིན་གྱིས་ལམ་ཀ་དང་འཕགས་འཚགས་རྒྱག་སའི་སྡིངས་ཆ་ཞིག་བསྐྲུན་ཐུབ་གི་ཡོད། ད་ལྟའི་བོད་ཀྱི་སྤྱི་ཚོགས་སུ་ཡིག་རྨོངས་པས་བརྒྱ་ཆའི་མང་པོ་བཟུང་ཡོད་ལ་སློབ་གསོའི་ལས་ཀ་མཐོ་བརྒལ་གྱིས་སྤེལ་རྒྱུ་ཡང་ཁག་པོ་རེད། ཡིག་རྨོངས་སེལ་བ་ཙམ་གྱིས་སྤྱི་ཚོགས་དེ་ཡི་སློབ་གསོ་ཡར་ཐོན་ཡིན་པ་གླེང་མི་ཐུབ་ཀྱང༌། ཡིག་རྨོངས་སེལ་བ་དེས་སློབ་གསོ་སྤེལ་བ་དང་གོ་རྟོགས་སད་པར་ཏག་ཏག་རམ་འདེགས་མཛད་ཐུབ་ཀྱིན་ཡོད་པར་འདོད། རིག་གནས་ཀྱི་ཁོར་ཡུག་དང་ཁྱབ་ཁོངས་གང་ལ་གཏོགས་པའི་མི་རིགས་དང་སྤྱི་ཚོགས་གང་ཞིག་ཡིན་ཡང༌། རེ་རེ་ལ་རང་རང་གི་འཕེལ་རིམ་ཞིག་ཡོད་པ་རེད་ལ་འཕེལ་རིམ་འདི་ངེས་པར་དུ་བརྒྱུད་དགོས་ཀྱིན་ཡོད།འཛམ་གླིང་དམག་ཆེན་གཉིས་པའི་སྔ་ཕྱི་རུ་འཚར་ལོང་བྱུང་བའི་ནུབ་གླིང་གི་བུད་མེད་དང༌། དེའི་རྗེས་ཀྱི་བུད་མེད་ཀྱི་མི་རབས། ད་ལྟའི་བུད་མེད་ཀྱི་མི་རབས་སོགས་རེ་རེ་ལ་སྤྱི་ཚོགས་ནང་གནས་སྟངས་དང་གོ་གནས་མི་འདྲ་བ་ཡོད་མོད་ཀྱང༌། སྤྱི་ཚོགས་དང་རིག་གནས། སྲོལ་རྒྱུན་དང་གོམས་གཤིས་སོགས་ཀྱིས་འོག་ནས་མིའི་རིགས་ཀྱི་སློབ་གསོ་སྤྱི་ཡར་རྒྱས་སོང་བ་དང་མཉམ་དུ་བུད་མེད ་ལ་བཟུང་བའི་ལྟ་ཚུལ་ཇེ་ལེགས་དང་བུད་མེད་ཀྱི་ནུས་པ་མཐོར་འདེགས་བྱུང་ཐུབ་ཡོད། ད་ལྟའི་་སྤྱི་ཚོགས་སུ་བུད་མེད་ལ་གོ་གནས་ཐོབ་པ་དང་བུད་མེད་རྣམས་སྲོལ་རྒྱུན་གྱི་འཆིང་རྒྱ་ལས་ཐར་ཐུབ་དོན་ནི་གདོད་མ་ནས་བཀག་རྒྱ་དང་གནོན་ཤུགས་མེད་པ་ཞིག་མིན་པར། མི་རབས་རེ་རེ་དང་མི་སྣ་རེ་རེ་བྱེད་ནས་འཐབ་རྩོད་བྱས་པའི་འབྲས་བུ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་རྒྱ་གར་ལྟ་བུ་ལ་མཚོན་ན་གྲོང་ཁྱེར་དུ་འཚོ་བ་རོལ་བ་དང་སློབ་གསོ་ཐོབ་པའི་བུད་མེད་རྣམས་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ཀྱི་འཆིངས་རྒྱ་ལས་བརྒལ་ཐུབ་ཡོད་ལ། ཆབ་སྲིད་དང་དམག་དོན། ཚོང་ལས་དང་ཚན་རིག་སོགས་གང་གི་ཕྱོགས་ན་ཡང་བུད་མེད་མི་ཐེ་བ་མེད།ཡིན་ན་ཡང་གྲོང་སྡེ་དང་གྲོང་གསེབ་ཁག་ན་ཡོད་པའི་རྒྱ་གར་ཡུལ་མི་རྣམས་ཡིག་རྨོངས་ལས་གྲོལ་ཡོད་ཀྱང་སྲོལ་རྒྱུན་གྱི་འཆིངས་རྒྱ་ལས་གཏན་ནས་ཐར་མེད་ལ༌།དཔེར་ན་བུད་མེད་ཚོར་གཉེན་སྒྲིག་བྱེད་སྐབས་ངེས་པར་དུ་ཕ་མའི་བཀོད་སྒྲིག་ལ་ཉན་དགོས་པ་དང༌། བུད་མེད་ཅིག་གནས་ལ་འགྲོ་སྐབས་བུད་མེད་དེ་ཡིས་ཡུལ་ནས་ཁྱོ་ཀ་ཚང་ལ་རྒྱུ་ནོར་རྫོགས་མེད་ཀྱི་རྫོངས་པ་བྱེད་དགོས་པ་སོགས་རྒྱ་གར་བར་མཚོན་ན་ད་དུང་ཡང་ཕྲུག་གུ་བུ་མོ་སྐྱེས་པ་ལས་བུ་སྐྱེས་པར་རེ་བ་དང་སྨོན་ལམ་རྒྱག་ གི་ཡོད་ལ།གལ་ཏེ་བུ་སྐྱེས་ན་གསོལ་སྟོན་དང་དམིགས་བསལ་གྱིས་ལྷ་ལ་བཀའ་དྲིན་ཞུ་བ་རེད། ས་ཁུལ་ཁ་ཤས་ལ་གཉེན་སྒྲིག་བྱས་རྗེས་ཁྱོ་ཀ་ཤི་སོང་ན་ཆུང་མ་ཡང་དེ་དང་མཉམ་དུ་མེ་ལ་གསོན་བསྲེགས་བྱེད་དགོས་ལ། ད་ལྟ་ཡང་སྲོལ་རྒྱུན་འདི་རྒྱུད་འཛིན་བྱེད་པའི་ས་ཁུལ་མང་པོ་ཡོད། ཡང་་ཁུལ་ཁ་ཤས་སུ་ཁྱོ་ཀ་ཤི་སོང་ན་བུད་མེད་དེ་ཡིས་ཚེ་གང་བོར་སྐྱེས་པ་གཞན་བསྟེན་མི་ཆོག་པ་མ་ཟད་མི་གྲལ་ལ་ཡོང་ཡང་མི་རྣམས་ཀྱིས་ངན་སྨོས་ཀྱི་ལོག་འགྲེལ་བྱེད་ཀྱིན་ཡོད།འདི་དག་ཚང་མ་རྒྱལ་ཁབ་གཅིག་པ་དང༌། རིག་གཞུང་གཅིག་པ། མི་རབས་གཅིག་པ་ཡིན་ཡང༌། ཁོར་ཡུག་དང་རིག་གནས། སྤྱི་ཚོགས་ཀྱི་སློབ་གསོ་མ་འདྲ་བ་ལས་བྱུང་བ་རེད། ཡང་ཤར་ཕྱོགས་རྒྱལ་ཁབ་པ་ཀི་སི་ཐན་ལྟ་བུའི་ཁ་ཆེའི་རྒྱལ་ཁབ་ལ་མཚོན་ན། སྐྱེས་པ་ཚོས་བུད་མེད་གཉིས་གསུམ་ཡན་ཆུང་མར་ལེན་ཆོག་ཀྱང་བུད་མེད་ཀྱིས་རང་གི་ཁྱོ་ག་ཁོ་ན་ལས་གཞན་སུ་ཞིག ་ལ་ཡང་བུད་མེད་རང་ལ་ཡོད་པའི་ལྷན་སྐྱེས་ཀྱི་སྐྲ་ལོ་དང་ངོ་གདོང་མཐོང་བར་བྱ་མི་ཆོག བོད་ཀྱི་སྤྱི་ཚོགས་ནང་དུ་འདི་ལྟ་བུའི་གཉའ་གནོན་དང་སྲོལ་རྒྱུན་ཞེད་སྣང་ཅན་མེད་ཀྱང་བུད་མེད་ནི་རང་བཞིན་གྱིས་དམན་པར་བརྩི་བའི་འདུ་ཤེས་ཀྱི་རྫོང་མཐུག་པོ་ཡོད། དེ་ བས་བུད་མེད་ཀྱི་ཐོབ་ཐང་དང་འདྲ་མཉམ་གླེང་དགོས་ན་ཐོག་མར་མི་རིགས་སྤྱིའི་སློབ་གསོ་ཡར་རྒྱས་གཏོང་བ་ནས་ ཚོགས་སྡེ་དང་ཁོར་ཡུག་ཆུང་ཆུང་ནས་བུད་མེད་གསོ་སྐྱོང་བྱེད་པ་ནས་མགོ་འཛུགས་དགོས།
    གཉིས་པ།  བུད་མེད་རང་ཉིད་ནས་མགོ་རྩོམ་པ།
     སྟོན་པས།རང་ཉིད་རང་གི་མགོན་ཡིན་གྱི།།  གཞན་དུ་མགོན་ནི་སུ་ཞིག་བྱ།།ཞེས་གསུངས་པ་བཞིན་བུད་མེད་ཚོར་མིའི་རིགས་སྤྱི་དང་མཚུངས་པར་གོ་གནས་དང་ཐོཔ་ཐང་ཞིག་དགོས་ན།  ཐོག་མར་རང་ཉིད་ནས་མགོ་རྩོམ་དགོས་ལ་རང་ཉིད་འཐབ་རྩོད་དངོས་ཀྱི་ནང་དུ་ཞུགས་པའི་བློ་སྤོབས་དང་འདུན་པ་བརྟན་པོ་ཡོད་དགོས་པ་ལས།  སྲོལ་རྒྱུན་ལ་འཁང་ར་དང་གོམས་གཤིས་ལ་ལེ་བདའ་བྱས་ནས་འདུག་རན་མེད་པར་འདོད།  ལོ་ རྒྱུས་དང་གོམས་གཤིས་སོགས་ཀྱིས་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་བུད་མེད་རྣམས་ལ་སྐྱེས་པ་དང་འདྲ་བའི་ལྟ་ཚུལ ་ཞིག་གདོད་མ་ནས་མ་ཡོད་པས་ཕྱིས་སུ་བུད་མེད་རང་གི་ནུས་པ་དང་འཇོན་ཐང་གིས་བདེན་དཔང་བྱས་ཏེ་གཞི་ནས་མི་རབས་རེ་རེ་བྱས་ནས་འཕེལ་བའི་བརྒྱུད་རིམ་ལ་ཞུགས་དགོས།  བུད་མེད་རང་ཉིད་དངོས་སུ་སྤྱི་ཚོགས་འཚོ་བར་ཞུགས་ནས་སྔ་མར་ལམ་མེད་པ་དེ་ཚོ་ཡོད་པར་བཟོ་དགོས་ལ།  རང་ཉིད་དངོས་ཀྱིས་མཐའ་སྐོར་གྱི་མི་རེ་རེ་ཡི་སྣང་ངོ་ལ་བུད་མེད་རང་གི་ནུས་པ་ར་སྤྲོད་གནང་དགོས།  དེ་ལྟར་བྱས་ན་མི་རེ་རེ་དང་ཚོགས་སྡེ་རེ་རེ་ཡིས་གཞི་ནས་སྤྱི་ཚོགས་སྤྱི་ལ་ཤུགས་རྐྱེན་ཐེབས་ཐུབ་ལ།  ད་ ལྟའི་སྤྱི་ཚོགས་གང་ཞིག་ཡིན་ཡང་རང་ཉིད་ཁོ་ན་ཙམ་མ་ཡིན་པའི་ལས་དོན་ལ་གཞོལ་མཁན་ཚོར་མཐོང་ཆེན་དང་གོ ་སྐབས་མང་པོ་སྤྲོད་བཞིན་ཡོད་པས་ཐོག་མར་རང་ཉིད་ངེས་པར་དུ་བུད་མེད་ཀྱི་ལས་དབང་དང་བདེ་སྡུག་ལ་སེམས ་ཁུར་བྱེད་མཁན་ཞིག་ཡིན་པ་སྤྱི་ཚོགས་ལ་ར་སྤྲོད་གནང་དགོས།  ཐོག་མར་རང་ཉིད་ལ་རང་གཤིས་དང་གཏན་ཚིགས།  སྙིང་སྟོབས་སོགས་ཀྱི་རྩ་བ་ཡག་པོ་ཞིག་འཛུགས་དགོས་ལ། གལ་ཏེ་སྤྱི་ཚོགས་གང་ཡང་རུང་བ་ཞིག་གི་ནང་དུ་བུད་མེད་ཅིག་ལ་དངོས་སུ་ཁེར་ཚུགས་ཀྱི་བསམ་བློ་བརྟན་པོ་ཞིག ་ཡོད་ན་བུད་མེད་དེ་ལས་གང་འདྲ་ཞིག་ལ་འཇུག་ཀྱང་དེ་རུ་ནམ་ཡང་རང་ཉིད་ཀྱི་གཤིས་ཀ་དང་གཏན་ཚིགས་མངོན་པར་སྟོན་ཐུབ།  དེ་དུས་བུད་མེད་དེ་གཞན་གྱི་དབང་བསྒྱུར་དང་དམིགས་བསལ་གྱིས་གཞན་གྱི་བསམ་བློའི་དབང་བསྒྱུར་འོག་ལ་འགྲོ་བར་ངོ་རྒོལ་གནང་མཁན་ཞིག་ཡིན་པ་ཤེས་ཐུབ།  འདི་ལྟ་བུའི་དོན་དག་ཕྲན་ཚེགས་ནས་མགོ་བརྩམས་ཏེ་གཞི་ནས་བུད་མེད་འདི་རིགས་ནམ་ཞིག་འཇིག་རྟེན་གྱི་བྱ་དངོས ་གང་རུང་གི་མདུན་དུ་གཞན་གྱིས་མ་བསླུས་པར་རང་ཉིད་ལ་སྣང་ཚུལ་ཁེར་ཚུགས་ཐུབ་པ་ཞིག་འགྲུབ་ཐུབ།   བོད་ཀྱི་སྤྱི་ཚོགས་ཁྲོད་དུ་རིམ་པ་གཉིས་སུ་བཀར་ནས་བརྗོད་ན། དང་པོ་ཞིང་འབྲོག་ཁུལ་དུ་འཚོ་བ་རོལ་བཞིན་པའི་བུད་མེད་མང་པོ་ཞིག་ལ་རྨི་ལམ་དང་ཕུགས་བསམ་མེད་པར་འཚར་ལོངས་བྱུང་བ་ནས་ཕ་མ་དང་སྤྱི་ཚོགས།གོམས་གཤིས་སོགས་ཀྱི་བྲན་དུ་ཚུད་ཡོད། ཁོ་མོ་ཚོར་རང་གི་ཕ་མ་དང་སྤྱི་ཚོགས་ལ་ངོ་ལོག་བྱ་རྒྱུའི་བསམ་ཚུལ་མེད་པ་དང༌།  ཆུང་དུས་སློབ་གྲྭར་གཏོང་མིན་ཡང་ཕ་མས་ཐག་གཅོད་གནང་ངེས་ལ་གཞོན་དུས་ཚེ་འགྲོགས་གདམས་རྒྱུ་ཡང་ཕ་མའི་ལག་ན་ཡོད།གཉེན་སྒྲིག་བྱེད་རྗེས་མི་ཚེ་གང་འདྲ་ཞིག་སྐྱེལ་མིན་གནས་ཚང་གི་ལག་ཏུ་ཡོད་པ་མ་ཟད།  བྱིས་པ་ག་ཚོད་སྐྱེས་མིན་ཡང་གནས་ཚང་གི་ལག་ཏུ་ཡོད།  ཡིན་ན་ཡང་འདི་ནི་ཁོ་ཚོའི་ལས་དབང་དང་བསྒྱུར་མི་ཐུབ་པའི་གོམས་གཤིས་ཤིག་གཏན་ནས་མ་ཡིན་པར་ཁོ་ཚོར་རྨི་ ལམ་མེད་པ་ནས་ཡོད་པ་དང༌།ཡོད་པ་ནས་མངོན་འགྱུར་ཡོང་བར་ངེས་པར་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་དགོས་ ཀྱི་ཡོད། ད་ལྟ་བོད་ཁུལ་དུ་སློབ་གྲྭ་བའི་ཚད་སྔོན་ཆད་དང་བསྡུར་ན་ཇེ་མང་ལ་སོང་ཡོད་པ་དང༌།  དེ་དག་གི་ཁྲོད་དུ་བུད་མེད་ཀྱི་ཁ་གྲངས་ཀྱང་མི་ཉུང་བ་ཡོད།  ད་ ལྟ་སློབ་གསོ་ཐོབ་བཞིན་པའི་བུད་མེད་ཚོས་རང་གི་ཨ་མ་དང་སྤུན་མོ་སོགས་གཙོས་པའི་སྙིང་ཉེ་བའི་སྐྱེས་མ་ཚོའི་ཆེད་དུ་མི་རིགས་སློབ་གསོ་ལ་ནུས་པ་འདོན་དགོས་ལ༌།དེ་ལྟར་བུད་མེད་རེ་རེ་ནས་ནུས་པ་དང་འཐབ་རྩོད་གནང་ཐུབ་ན་གཞི་ནས་མི་རིགས་སྤྱིའི་སློབ་གསོ་ལ་ནུས་པ་འདོན་ཐུབ་པ་དང༌།མི་རིགས་སྤྱིའི་སློབ་གསོ་གོང་འཕེལ་སོང་བ་ དང་བསྟུན་རིམ་གྱིས་བུད་མེད་སྐྱེས་པ་ནས་བཟུང་གཞན་གྱི་བྲན་གཡོག་ཡིན་པའི་སྣང་ཚུལ་འདི་རིམ་བཞིན་བསྒྱུར་ཐུབ་པ་རེད།   ཞིང་འབྲོག་ཁུལ་གྱི་སྐྱེས་མ་ཚོ་ཁྲེལ་ཡོད་དང་བབ་ཆགས།  ཆོག་ཤེས་ཆེ་ལ་མི་ཚེ་གཞན་དོན་དུ་ཕུལ་བའི་སྐྱེས་མ་རླབས་ཆེན་རྐྱང་རྐྱང་རེད་ལ་ཁོ་ཚོ་སྐྱེས་པ་ནས་གཞན་དོན་དུ་འཚོ་བཞིན་ཡོད།  ཡིན་ན་ཡང་མི་ཚེ་བརྒྱུད་རིམ་འདིའི་ཁྲོད་ནས་ཁོ་མོ་ཚོས་དཀའ་སྡུག་དང་མིག་ཆུ་ག་ཚོད་ཙམ་སེམས་སུ་སྤས་ཡོད་དམ །ཁོ་མོ་ཚོར་འདི་ལྟ་བུའི་དཔའ་ངར་དང་བཟོད་སྒོམ་ཡོད་ན་ཁོ་མོ་ཚོས་ཁ་ཕྱོགས་གཞན་པ་ཞིག་ནས་རང་གི་མཛེས་ པ་དང་ནུས་པ་འདོན་སྤེལ་བྱ་རྒྱུའི་བློ་སྤོབས་ཀྱང་མེད་མི་སྲིད།  གཉིས་པ་སྟེ། སློབ་གྲྭ་དང་གྲོང་ཁྱེར་དུ་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་བུད་མེད་ཚོ་བསྐལ་བ་ཡག་པོ་ལ་བརྩི་རུང་མིན་ གང་ལྟར་ཡང་ཁོ་ཚོར་རྨི་ལམ་ཆེ་ཆུང་དང་མཐོ་དམའ་སྣ་ཚོགས་ཡོད་པའི་གང་ཟག་ཞིག་ཏུ་གྱུར་ཡོད་པ་རེད།  དེ་བཞིན་ཁོ་ཚོས་རྨི་ལམ་དེ་མངོན་འགྱུར་ཡོང་བར་ཐབས་ཤེས་ཡོད་རྒུ་འདོན་ངེས་མོད།རྨི་ལམ་འདི་མི་རིགས་འདིའི་དགོས་མཁོ་དང་འབྲེལ་བ་ཡོད་མིན་དེ་གནད་དོན་གཞན་ཞིག་རེད།   ཡིན་ན་ཡང་སློབ་གྲྭའི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་བུད་མེད་དེ་ཚོ་དགེ་རྒན་གྱི་སློབ་ཁྲིད་གནང་བའི་སློབ་ཚན ་དག་ལ་རང་གི་རྣམ་དཔྱོད་དང་རིག་ལམ་གྱིས་བརྡར་ཤ་གཅོད་མི་ཐུབ་པར་དགེ་རྒན་གང་དེའི་གསུངས་དང་དཔེ་དེབ་དེ་ཚད་མར་འཛིན་གྱིན་ཡོད།  དེ་བཞིན་སློབ་གྲྭ་ནས་ཆེད་ལས་འདེམས་སྐབས་དང་ལས་སྣེ་རུ་ཞུགས་དུས་ཀྱང་གཞན་གྱི་བཀོད་སྒྲིག་ཁོ་ན་ཙམ་གྱིས་ཡིད་ཚིམ་ཚིམ་གནང་གིན་འདུག   དེར་མ་ཟད་ཁོ་མོ་ཚོར་ཐོག་མ་ནས་ཡོད་པའི་རྨི་ལམ་དེ་ཡང་མི་རིགས་ཀྱི་དགོས་མཁོ་དང་མཐུན་པའི་རྨི་ལམ་ཞིག་གཏན་ནས་མིན་པར་རང་ཉིད་ཀྱི་དགོས་མཁོ་རིགས་ཤིག་རེད།  སློབ་གསོ་ཐོབ་ཡོད་པའི་བུད་མེད་ཚོའི་བསམ་བློ་དེ་འདྲའི་འཁོར་རྒྱུ་མེད་པ་ཞིག་དང་དཔའ་ངར་མེད་པ་ཞིག་ཡིན་ན་ང་ཚོས་གཞི་རིམ་མི་མང་གི་སློབ་གསོ་ཇི་ལྟར་ཡར་རྒྱས་གཏོང་ངམ།  དེ་ བས་དུས་རབས་ཀྱི་དཀྱོགས་མཚམས་འདི་རུ་བོད་རིགས་བུད་མེད་སློབ་གསོ་ཐོབ་ཡོད་པ་དག་ལ་དམིགས་བསལ་གྱི་འགན་འཁྲི་དང་སེམས་ཁུར་ཡོད་དགོས་པར་བསམ་གྱིན་ཡོད་ལ།རང་གི་རྨི་ལམ་དང་མི་ཚེའི་བགྲོད་ལམ་སོགས་ངེས་པར་ དུ་མི་རིགས་ཀྱི་དགོས་མཁོ་དང་ཁ་འབྲལ་ཐབས་མེད། དེ་བས་ཀྱང་མ་འོངས་པའི་བོད་རིགས་བུད་མེད་ཀྱི་མི་རབས་དེ་དག་གི་ཕྱིར་དུ་མ་སྐུལ་དང་བླངས་ཀྱི་འགན་ཞིག་རང་གི་ཕྲག་སྟེང་ལ་ལེན་དགོས་པར་འདོད།གྲོང་ཁྱེར་དང་སྤྱི་ཚོགས་འཕེལ་རིམ་ཀྱི་ཁ་ཕྱོགས་དང་མཐུན་པའི་དགོས་མཁོ ་ནི་མི་རིགས་ཀྱི་དགོས་མཁོ་དང་ཁ་བྲལ་ཡོད་པས་ས་མཚམས་འདི་ནས་རང་གིས་རིགས་ཞེན་དང་འཚོ་གནས་གང་གདམ་རྒྱུ་བུད་མེད་རང་རང་གི་དཔའ་ངར་དང་སྙིང་སྟོབས་ལ་རག་ལས་ཡོད།  ཡང་གཅིག་བཤད་ན་སློབ་གྲྭའི་ཁོར་ཡུག་གི་དཔའ་ངར་དང་འཆར་སྣང་དེ་སྤྱི་ཚོགས་དངོས་ཀྱི་ནང་དུ་འུད་སྒྲོག་བྱེད་ས ་ཆེ་ཆེར་མེད་དེ་སྤྱི་ཚོགས་ཁྲོད་དུ་ཞུགས་ཚར་ན་གཞི་ནས་སློབ་གྲྭ་རུ་སྒྲོག་པའི་དཔའ་ངར་དང་འཆར་སྣང་དེ་ཚོ་ལག་ལེན་ལ་བསྟར་བའི་དུས་ཡིན།  བུད་མེད་མང་པོ་ཞིག་དངོས་ཡོད་སྤྱི་ཚོགས་སུ་ཡོང་རྗེས་སློབ་གྲྭ་རུ་ཡོད་དུས་ཀྱི་སྙིང་སྟོབས་དང་དཔའ་ངར་དེ་རིམ་བཞིན་ཡལ་འགྲོ་ལ་སྐབས་རེར་མི་སྣང་བར་གྱུར་འགྲོ   དེ་བས་ངས་ཐོག་མ་ནས་བརྗོད་པ་བཞིན་བུད་མེད་ལ་ཐོག་མར་དགོས་པ་ནི་རང་གཤིས་དང་གཏན་ཚིགས།  སྙིང་སྟོབས་སོགས་ཀྱི་རྩ་བ་ཡག་པོ་ཞིག་འཛུགས་དགོས་པ་དེ་ཡིན་ལ།  འདི་ནི་བུད་མེད་ཅིག་གིས་མ་མཐར་ཡང་རང་ཉིད་བརྟན་པོར་བཞེངས་བསྐྲུན་བྱེད་པའི་རྩ་བའི་ཆ་རྐྱེན་ལྟ་བུ་ཡིན།འདི ་ལྟ་བུའི་གཏན་ཚིགས་དང་སློབ་གསོའི་རྩ་བ་ཡོད་པའི་བུད་མེད་ཅིག་སྤྱི་ཚོགས་གང་འདྲ་ཞིག་གི་ནང་དོན་གནད་གང་ལ་འཕྲད་ཀྱང་རང་གི་རྣམ་དཔྱོད་དང་རིག་ལམ་བེད་སྤྱོད་བཏང་ནས་གནད་དོན་ཐག་གཅོད་བྱེད་ངེས་བ་ལས་གཡམ ་རྒྱུག་དང་གཞན་གྱི་བཤད་སྒྲོས་ལ་ཉན་མི་སྲིད་པ་རེད།
    གསུམ་པ།  སྐྱེས་པ་ཚོའི་རམ་འདེགས་དང་ཁ་མི་བྲལ་བ།
    གནམ་འོག་གི་དོན་གནད་གང་ཞིག་ཡིན་ཡང་ཕོ་མོ་གཉིས་འབྲལ་ཐབས་མེད་ལ།འཇིག་རྟེན་འདི་ཆགས་པ་ནས་གཞི་རྩའི་མིའི་རིགས་ཀྱི་འཕེལ་རིམ་ཡང་ཕོ་མོ་གཉིས་ཀ་ཐུན་མོང་གི་བྱེད་ལས་ཡིན།  རང་རེའི་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་གཏོང་བར་སྐྱེས་མའི་རམ་འདེགས་ངེས་པར་དུ་དགོས་ལ།མི ་རྒྱུད་སྤེལ་བ་དང་མི་རིགས་སློབ་གསོ་དར་སྤེལ་གཏོང་བ་སོགས་ཀྱི་ཐད་ནས་སྐྱེས་མ་མེད་དུ་མི་རུང་བས་བུད་མེད་ ཀྱི་སྟོང་ཆ་འདི་མི་རིགས་སྤྱིའི་གནད་དོན་ཞིག་ལ་ངོས་འཛིན་ཐོག་སྐྱེས་པ་ཚོས་ངེས་པར་དུ་བུད་མེད་ཀྱི་ནུས་ཤུགས་ སྤེལ་བར་རམ་འདེགས་མཛད་དགོས་ལ།  རང་གི་མཐའ་སྐོར་དང་ཚོགས་སྡེ་སོགས་སུ་བུད་མེད་ནུས་པ་ཅན་དང་ཕུགས་བསམ་ཅན་ཡོད་ན་ངེས་པར་དུ་དམིགས་བསལ་གྱིས་གསོ་སྐྱོང་གནང་བར་སེམས་ཤུགས་སྤྲོད་དགོས།  ང་ ཚོའི་སྤྱི་ཚོགས་ནས་བུད་མེད་ཅིག་ཁེར་རྐྱང་གིས་དམ་པོར་ལངས་རྒྱུ་ཟེར་ན་དུས་ཐུང་ཞིག་ལ་ལངས་ཐུབ་ངེས་ཀྱང་རྒྱུན་རིང་ལ་ལྟ་བ་བརྟན་པོའི་སྒོ་ནས་ལངས་པར་སྤྱི་ཚོགས་དང་སྐྱེས་པའི་རམ་འདེགས་དང་ཁ་འབྲལ་མི་རུང་ལ།  སེམས་ཤུགས་སྦར་བ་དང་བློ་སྟོབས་སྦྱིན་པ་སོགས་ནི་བུད་མེད་གསོ་སྐྱོང་བྱེད་པའི་ཐབས་ལམ་ཡག་ཤོས་རེད་འདོད།  བུད་མེད་དང་སྐྱེས་པ་གཉིས་ལ་ཐུན་མོང་གི་བྱེད་ནུས་མི་འདྲ་བ་མེད་ཀྱང་རེ་རེ་ལ་རེ་རེ་ཡི་ཐུན་མོང་མ་ཡིན་པའི ་་ཁྱད་ཆོས་དང་ལྷན་སྐྱེས་ཀྱི་བྱེད་ནུས་ཡོད།དེར་བརྟེན་ཕོ་མོ་གཉིས་ནི་འབྲལ་ཐབས་མེད་པ་དང་སུ་ཞིག་གང་འདྲ་ ཞིག་ཆགས་པར་གཅིག་ལ་གཅིག་བརྟེན་གྱི་རམ་འདེགས་ངེས་པར་དགོས་ཀྱིན་ཡོད།  ལྷག་པར་དུ་མི་རིགས་སྤྱིའི་ཡར་རྒྱས་དང་འབྱུང་འགྱུར་གྱི་ཆེད་དུ་་སྐྱེས་པ་ཚོས་དམིགས་བསལ་གྱིས་བུད་མེད་ཀྱི་བདེ་སྡུག་ལ་ཁ་ཡ་བྱེད་དགོས་ལ།  དེ་ལས་ཀྱང་སློབ་གསོ་ཐོབ་ཡོད་པའི་སྐྱེས་པ་ཚོ་ནས་མགོ་རྩོམ་དགོས།  དེ་ཡང་ལོ་རྒྱུས་སུ་ཡོད་པའི་བུད་མེད་ཀྱི་སྟོང་ཆ་གླེང་བ་དང༌།  ད་ལྟའི་གནས་བབ་ཁྲོད་ནས་བུད་མེད་ནི་ནམ་ཡང་ཡར་ལངས་བྱེད་མི་ཐུབ་པ་ཞིག་དང༌།  གསོ་སྐྱོང་བྱེད་མི་རུང་བ་ཞིག  ཡང་ན་ཉམ་ཆུང་ནུས་མེད་ཅིག་ཏུ་ངོས་འཛིན་བྱ་མི་རུང།
     བཞི་བ།བུད་མེད་ཀྱིས་རང་གི་མཛེས་པ་རྟོགས་པ།
      བུད་མེད་མང་པོ་ཞིག་གིས་བུད་མེད་ཀྱི་ཐོབ་ཐང་གླེང་གིན་འདུག་ལ་བུད་མེད་མང་པོ་ཞིག་གིས་ཕོ་མོ་འདྲ་མཉམ་ཡིན་པའི་སྒྲོག་གཏམ་ཡང་སྤེལ་གྱིན་འདུག  ཡིན་ན་ཡང་ང་ཚོ་ལ་དགོས་པ་སྐད་ཆ་མ་ཡིན་པར་ལག་ལེན་རེད།  ཁ་ཅིག་གིས་སྐྱེས་པ་ཚོས་ག་རེ་བྱེད་ཐུབ་ན་བུད་མེད་ཀྱིས་ཀྱང་དེ་ལྟར་བྱེད་ཐུབ་པ་དང༌།  ཡང་ལོ་རྒྱུས་སུ་གསལ་བའི་སྐྱེས་མ་རླབས་ཆེན་འགའི་མཚན་ནས་བཟུང་ཏེ་བདེན་དཔང་བྱེད་ཀྱིན་ཡོད།  ཁ་ ཅིག་གིས་བུད་མེད་ཀྱི་གནས་བབ་འདི་ལྟ་བུའི་རྗེས་ལུས་ཡིན་པ་ནི་སྲོལ་རྒྱུན་རིག་གནས་དང་སྐྱེས་པ་ཚོའི་གཉའ་གནོན་རེད་སོགས་བཤད་ཀྱིན་འདུག་ལ།ད་དུང་བུད་མེད་དང་སྐྱེས་དམན་གྱི་མིང་ཚིག་ཙམ་ལ་འགྲེལ་བཤད་རྒྱག་པ་དང་ བསམ་ཚུལ་བཤད་ཀྱིན་འདུག  ཡིན་ན་ཡང་འདི་ཡོད་ཚད་ཤོག་ངོས་སུ་ཡོད་པའི་ཡི་གེ་རེད།  ང་ ཚོའི་གནད་དོན་ནི་ཤོག་ངོས་སུ་གསལ་བའི་གནད་དོན་གླེང་རྒྱུ་ཙམ་མ་ཡིན་པར་འཚོ་བ་དངོས་ཀྱི་ནང་ནས་གསར་བརྗེ་དང་མདུན་ཆོངས་བྱ་རྒྱུ་ཡིན་ལ།ང་ཚོ་རང་ཉིད་ཀྱིས་བདེན་དཔང་དང་ར་སྤྲོད་བྱ་དགོས།  ངས་གོང་ནས་བུད་མེད་ཅེས་ཆེད་དུ་ཚིག་འདི་བེད་སྤྱོད་བཏང་བ་ཡིན་ལ་འདི་ནི་ངས་མིང་ཚིག་ཙམ་དང་ངོས་འཛིན་ བྱེད་སྤྱད་ཙམ་ལ་བེད་སྤྱོད་གཏོང་གིན་ཡོད་པ་ལས་དེའི་བྱེད་ནུས་བེད་སྤྱོང་གཏོང་བ་མིན།འདི་ཡོད་ཚད་གནད་འགག ་ཆེན་པོ་ཞིག་མ་རེད།
      བུད་མེད་མང་པོ་ཞིག་གིས་བུད་མེད་རང་ལ་གདོད་མ་ནས་ཡོད་པའི་ལྷན་སྐྱེས་ཀྱི་མཛེས་པ་རྟོགས་ཀྱིན་མི་འདུག་ལ།ལྷན་སྐྱེས་ཀྱི་མཛེས་པ་མང་པོ་ཞིག་བཤད་སྒྲོས་ཀྱིས་ནག་པོར་བཟོ་གིན་འདུག  བུད་མེད་ལ་ཟླ་མཚན་འབབས་རྒྱུ་ཡོད་པ་དང་མངལ་ཆགས་རྒྱུ་ཡོད་པ།  སྐྱེས་པར་བྱམས་པ།  གཟུགས་སྐྱེས་ཀྱི་ཆགས་རིམ། སྐྲ་རིང་བ།  སེམས་པ་ཆུང་བ།  མིག་ཆུ་མང་བ་སོགས་ཡོད་ཚད་ལ་དགེ་མཚན་གྱིས་ཕྱུག་ཡོད་ལ༌། འདི་ཡོད་ཚད་ཀྱིས་བུད་མེད་ནི་ནུས་མེད་ཅིག་ཡིན་པར་ངོས་འཛིན་བྱ་ཐུབ་གི་མེད་པར་དེ་ལས་ཀྱང་བུད་མེད་ནི་མཛེས་སྡུག་གིས་ཁེངས་བའི་གསང་བ་དང་ལྐོག་གྱུར་གྱི་མཐོ་རིམ་སྲོག་ཆགས་ཤིག་ཡིན་པ་རྟོགས་ཐུབ།  དེ་ བས་བུད་མེད་ཚོས་ཐོབ་ཐང་གླེང་བ་དང་འདྲ་མཉམ་གླེང་སྐབས། སྐྱེས་པ་ཡར་ལངས་ནས་གཅིན་པ་གཏོང་གི་ཡོད་ན་བུད་མེད་ཚོས་ཀྱང་ཡར་ལངས་ནས་གཅིན་པ་གཏོང་དགོས་པ་ལྟ་ བུའི་སྐད་ཆ་བཤད་མཁན་གྱི་མི་དེའི་རིགས་ནི་ལག་པ་གཡས་གཡོན་གྱི་བྱེད་ལས་ཁྱད་པར་མ་ཕྱེ་བ་དང་གཅིག་པ་ཡིན་ལ།བུད་མེད་ཚོས་ཀྱང་རང་གི་ལུས་རྟེན་དམན་པར་འཛིན་མི་རུང་བར་སྙམ།  དེ་ ལས་ཀྱང་བུད་མེད་ནི་ལྷན་སྐྱེས་ཀྱིས་གཏོང་ཕོད་ཅན་ཞིག་ཡིན་པ་ནི་མངལ་ཆགས་རྒྱུ་ཡོད་པ་དང༌། མངལ་ཆགས་པའི་རྒྱུད་རིམ་ནང་རང་ཉིད་ཀྱི་ཡོད་ཚད་བློས་བཏང་སྟེ།ཕྲུ་གུ་བདེ་ཐང་ངང་འཇིག་རྟེན་ལ་ཡོང་བར་རེ ་སྒུག་བྱེད་ཀྱིན་ཡོད་ལ། ཕྲུ་གུ་སྐྱེས་ཚར་རྗེས་ཀྱང་རང་གི་ལུས་ཟུངས་ནས་འོ་མ་སྦྱིན་གྱིན་ཡོད་པ་སོགས་བུད་མེད་ནི་ལྷན་སྐྱེས་ཀྱིས་བརྩེ་དུང ་དང་བྱམས་སེམས་ཆེ་བ་ཞིག་ཡིན།  འདི་ལྟ་བུའི་མཛེས་པ་ཡོད་བཞིན་དུ་བུད་མེད་ཚོས་རང་གི་ལུས་རྟེན་དམན་པར་བརྩི་མི་རུང་ལ་རང་ཉིད་ནི་ལས་ངན་ཡིན་པ་དེ་བས་ཀྱང་བསམ་མི་རུང༌།  བུད་མེད་ནི་འདི་ལྟ་བུའི་གཏོང་ཕོད་ཆེ་བ་དང་གཞན་གཅེས་ཀྱི་བསམ་བློ་ཡོད་པའི་རླབསས་ཆེན་ཞིག་ཡིན་པར་བསམ་ དགོས་ལ།ལྷན་སྐྱེས་སུ་ཡོད་པའི་མཛེས་པ་འདི་མེད་མཁན་གྱི་བུད་མེད་ཚོ་གཞི་ནས་སྙིང་རྗེ་དགོས་པ་ཞིག་རེད་ལ་ལུས་རྟེན་དམན་པར་ངོས་འཛིན་ཡང་བྱ་ཆོག
      དེ་བས་བུད་མེད་ཚོས་རང་གི་ཐུན་མོང་མ་ཡིན་པའི་མཛེས་སྡུག་འདི་བསྣམས་ནས་སྤོབས་པ་དང་ང་རྒྱལ་གྱིས་འཚོ་དགོས་ལ།  རང་ཉིད་ནི་འབྱུང་འགྱུར་མི་རབས་འདི་ཡི་རླབས་ཆེན་གྱི་མ་ཡུམ་ཡིན་པར་ཡིད་ཆེས་གནང་དགོས།  འདི་དང་མཉམ་དུ་བུད་མེད་ལ་རང་གི་མི་རིགས་དང་རྒྱལ་ཁབ་སྐྱོང་བའི་འགན་ལེན་རང་བཞིན་གྱི་ཕུགས་བསམ་དགོས་ལ།  རང་གི་ལྷན་སྐྱེས་ཀྱི་མཛེས་པའི་ཁྲོད་ནས་བྱིས་པའི་ཨ་མ་ཆགས་རྒྱུ་ཡོད་པའི་རྒྱུད་རིམ་འདིའི་བར་ན་ཁྱེད་ལ་དེ་ལས་ ཀྱང་མི་རིགས་ཀྱི་འབྱུང་འགྱུར་དང་བྱིས་པའི་འབྱུང་འགྱུར་ལ་བསམ་གཞིགས་དང་གནད་དུ་འཁེལ་བའི་ཁེར་ཚུགས་ཀྱི་ བསམ་བློ་ཡོད་དགོས།བྱིས་པའི་དགེ་རྒན་ཐོག་མ་ནི་ཨ་མ་ཡིན་པ་བཞིན་ཨ་མས་བྱིས་པའི་སློབ་གསོའི་ཁ་ཕྱོགས་ལ་ཤན་ཤུགས་ངེས་ཅན་ཐེབས་ཐུབ་ཀྱིན་ཡོད་པས་བྱིས་པ་གང་འདྲ་ཞིག་སྐྱེས་བསྲིང་བྱེད་མིན་དེ་ཨ་མའི་བསམ་བློ་ལ་ཡང ་འབྲེལ་བ་དམ་ཟབ་ཡོད།  བྱིས་པ་ནི་འབྱུང་འགྱུར་གྱི་མི་རབས་ཡིན་ལ་མི་རིགས་ཀྱི་སོན་རྩ་ཡིན་པས་མི་རིགས་ཀྱི་ཁེ་ཕན་དང་མཐུན་པའི་བྱིས་པ་སྐྱེས་སྲིང་བྱ་དགོས་ན་བུད་མེད་ཚོའི་བསམ་བློ་ དང་སློབ་གསོ་ཡར་རྒྱས་གཏོང་དགོས་པ་ནི་མི་རིགས་ཤིག་དང་སྤྱི་ཚོགས་ཤིག་གི་ཐོག་མའི་གནད་དོན་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་མེད་ཀྱི་མིག་ཅིག་གིས་བོད་ཀྱི་བུད་མེད་ལ་ལྟ་བ།

2010-12-17 ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།