བུད་མེད་གདོང་མཆོངས་བ་ཚེ་རིང་སྐྱིད།

——————མི་རབས་གསུམ་བའི་བུད་མེད་སྙན་ངག་པ་ཚེ་རིང་སྐྱིད་ལགས་ཤེས་རབ་དགའ་ཚལ་སློབ་གླིང་དུ་བགྲོ་གླེང་ལ་གདན་འདྲེན་སྐབས་སུ་མོའི་གཏམ་བཤད་ལ་ཉན་རྗེས་བྲིས།
 
                                    ༼ཚེ༽
རང་ཉིད་ཀྱིས་རང་ཉིད་རྙེད་ཟིན་པའི་ཉིན་མོ་དེར།རང་ཉིད་ལྷ་རུ་བརྩི་མ་མྱོང་ལ་འདྲེ་རུ་དེ་བས་ཀྱང་ག་ལ་མྱོང་།རང་ཉིད་ཀྱི་བསམ་བློ།རང་ཉིད་ཀྱི་ལྟ་བ།“རང་ཉིད་ཀྱི་འགན་འཁྲིའི་འདུ་ཤེས”དེ་རང་ཉིད་ཀྱི་གློ་སྙིང་བྲང་གསུམ་ན་དུས་གཏན་དུ་སྒྲོན་མེ་བཞིན་གསལ་ནས་ཡོད།གངས་རི་བཞིན་འགྱིངས་ནས་ཡོད།རང་ཉིད་ཀྱང་ས་ཆེན་འདིའི་གྲུ་ཁ་རེ་དང་།འཇིག་རྟེན་འདིའི་ཕྲག་ཁ་རེ་ནས།དཔྱོད་ཤེས་ལྡན་པའི་འགྲུལ་བཞུད་གང་མང་བྱས་མྱོང་བས།གནམ་ས་གཉིས་ཀྱིས་བསྒུག་ནས་ཡོད།སྤྲིན་པ་དཀར་པོས་བལྟས་ནས་ཡོད།
                             ༼ རིང ༽
རང་ཉིད་ཀྱི་རང་རྟོན་མེ་ཏོག་བཞིན་བཞད་དུས།ཉི་འོད་བཞིན་ཤར་དུས།སྨྲེ་ངག་དང་མྱ་ངན་སྟོང་ཕྲག་གི་འགག་སྒོ་རེ་རེ་བཞིན་ཐོལ་གྱིས་བརྒལ་དུས།“མིའི་བསམ་བློ་གཏོང་སྟངས་ལ་རེག་ལས་ཡོད”པའི་གནས་ལུགས་རེ་རེ།སྦྲ་ནག་གི་འགྲམ།ནོར་ལུག་གི་མཐའ།མེ་ཏོག་གི་ལྗོངས།གཙང་བོའི་ངོགས།རྩྭ་ཐང་གི་མཛེས་ལྗོངས་སུ་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་དང་གུ་ཡངས་དགོས་པའི་ངེས་ཤེས་རྙེད་པས།རྟོགས་སད་ཀྱི་འདུ་ཤེས་གསལ་ཡོད།སྙིང་སྟོབས་ཀྱི་འཕར་རྩ་ལྡིང་ཡོད།
                           ༼ སྐྱིད ༽
རང་ཉིད་ཀྱིས་རང་ཉིད་ཀྱི་ལྷན་སྐྱེས་འཇོན་ཐང་གི་གཏེར་ཁ་སྔོག་འདོན་བྱེད་དགོས་ལ།“བསམ་བློའི་ཁོར་ཡུག”གི་བག་ཉལ་འདུ་ཤེས་དེ་ངེས་པར་དུ་གཏོར་དགོས་པའི་བློས་གཏོང་དང་སློབ་གསོའི་མ་ལག་མཁོ་བའི་ལམ་བུ་ཞིག་གནམ་ས་གཉིས་ཀྱི་ཧྲག་བར་ནས་ཁད་ཀྱིས་ལྷུང་བ་ག་ལ་ཡིན།སྒྱུ་རྩལ་གྱི་ཁོར་ཡུག་གང་མང་ཞིག་གི་འཚོ་སྟངས་དེའི་གྲུབ་ཆ་ཡིན་པས།མདུན་སྐྱོད་ཀྱི་གོམ་ཁ་སྤོས་ཡོད།སེམས་ཤུགས་ཀྱི་མེ་ཁ་གསོས་ཡོད་པས།བོད་ཀྱི་བུད་མེད་ཚོའི་སྣ་འདྲེན་ཞིག་ཅི་ལ་མིན།
                                  ༢༠༠༩་༥་༡༦མཚན་མོར་རང་མལ་དུ་རང་རྟོན་གྱིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་མེད་གདོང་མཆོངས་བ་ཚེ་རིང་སྐྱིད།

2010-11-04 རང་རྟོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།