དགེ་ཆོས་དང་རང་གྲོལ།

རྨ་ཆུའི་བསམ་གཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-22

                        ____དམ་པ་དེ་གཉིས་ལ་རྗེས་དྲན་གྱི་ཚུལ་དུ་བྲིས་པ་ལགས།
    གཏམ་གྱི་ན་བུན་སྤུར་མཁན་དག་གིས་གཡོ་ཉལ་བརྒྱབ་ཏེ་འུར་གྱི་ཁྱི་ཁ་ཞིག་སློང་ཚུལ་གླེང་ནས་བསྡད་ཡོད་པར་གདོན་མི་ཟ། ཁོ་བོ་ནི་དགེ་ཆོས་ཀྱི་གོ་རྟོགས་གསར་བའི་བསླུ་བྲིད་དུ་ཧ་ལས་ཤིང་ཧོན་འཐོར་བའི་རིགས་དེ་ཡིན་ཞིང་། རང་གྲོལ་གྱི་རྩོམ་རིག་གི་ཐབས་སུ་བབས་པའི་ཚེ་སྲོག་གི་སྐྱེམས་ཆང་དེས་བཟི་ཁ་ན་བོད་འདིའི་བག་ཆགས་རྙིང་བའི་འཇིག་རྟེན་མི་ཆོས་ཀྱི་སྟོང་ཆ་ཧར་གྱིས་གདངས་པའི་སྲག་བར་ན་ངུ་བར་མཆི་མ་མི་འདུག དེ་ཡང་གྱོང་བོ་ནི་གྱོང་བོ་རང་ཡིན་དེ། ཚིག་རྫོབ་ཀྱིས་ཡོངས་སུ་གང་བའི་བོད་ཡིག་གི་དྲ་ངོས་དག་ན་བུམ་པ་རྙིང་ཤོས་ཤིག་དང་། མཆོད་མེ་དཀར་ཤོས་ཤིག་ལ་ད་དུང་རྣམ་རྟོག་བརྒྱ་འདུས་ཀྱིས་གསེར་ཕྱེས་བྱེད་པ་དེ་ནི། ཨོའི་གླིང་གི་གནའ་བོའི་སྨག་རུབ་དུས་བསྐལ་གྱི་མཆོད་སྦྱིན་གྱི་ཤོག་ངོས་ཤིག་བསྐྱར་དུ་སློག་པ་དང་གཅིག་འདྲ་རེད། སྤྱི་ཚོགས་རིག་པའི་ལྡེབས་སུ་ཤར་ཡོད་པ་ནི། གསར་བ་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་ལས་འགུལ་ཡིན་ཞིང་། གསར་བ་འདི་གཉིས་ཀྱི་ཛ་དྲག་གི་རྩིས་ཐང་ཡིན། འཚོ་དོན་བོར་བའི་ཁ་སང་། མི་ཆོས་བོར་བའི་ཁ་སང་། མི་སེར་བོར་བའི་ཁ་སང་ཅི་ཞིག་གཙུག་ལག་རི་བོའི་རྟིང་མ་ཉིལ་ནས་མཁར་གཞིས་སྨུག་པོ་མགོ་རྟིང་སློག་པ་རེད། འདིར་གཟབ་ནན་དུ། དཔེ་མི་སྲིད་པའི་སྣང་བ་ཞིག་ཡོད་པ་ནི་ད་དུང་སྲིད་པའི་གཞི་བདག་གི་ཕོ་བྲང་དེ་སྦུབ་ཆལ་གྱི་ཆོམ་སྒྲ་དང་ཆེ་གཏམ་ཁོ་ན་ལས་བཟོ་སྐྲུན་ཐུབ་པར་རློམ་ཡོད། ལག་པ་འཇོར་ལ་མ་རེག་པའི་སྐྱོན་ཅན་དེ་སྣང་བ་ཞོན་མཁན་གྱི་བརླ་སྐྱ་དག་ཡིན་ཞིང་། འབྲས་ཤིང་གི་སོ་ཚེས་སྲུང་མཁན་དེ་ནི་སྡིག་ཟད་ཀྱི་རྐང་ནག་པ་དག་ཡིན་པས། ད་ལྟ་མི་སེར་གྱི་གནམ་ས་ཟིན་པའི་དགའ་སྟོན་དུ་དགེ་ཆོས་དང་རང་གྲོལ་རྣམ་གཉིས་ཀྱི་ཚེ་སྲོག་གི་བསྟར་འཕྲིན་འདོན་པ་ལ་ཡ་མི་ང་།
      གསལ་བཤད། གང་ཞིག་ལོག་པའི་ལྟ་བ་རྣམས་བསལ་ཞིང་། དགེ་བ་སྨིན་པའི་སྟོབས་འབྱོར་ཡོངས་འདུས་ཀྱི་ལྷག་བསམ་རིགས་མཐའ་དག་ལ་གུས་བཀུར་ཞུ་རྒྱུ་ཡིན།
                                     ༢༠༡༡   ༩    ༢༢ ཉིན་གུང་ཤར་མར་སྤེལ།

རྩོམ་ཁུངས། བསམ་གཏན་གྱི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས་དང་རང་གྲོལ།

2011-09-22 རྨ་ཆུའི་བསམ་གཏན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།