མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། བཞི་བ།

      ཉིན་བཞི་བ།
      གནམ་ཐིངས། ཉི་འོད་དྲགས།
       སྔ་དྲོ་ཡར་ལ་ལངས་ནས་གནས་སྤོར་བའི་སྟ་གོན་གྱིས་ཕྱོགས་ཡར་མར་གྱི་མགྲོན་ཁང་དུ་མར་ཕྱིན་མོད། སྔར་གྱི་གནས་ཚང་ལས་འོས་འཚམས་ཤིག་མ་རྙེད། ཉིན་གུང་ཞིག་ལ་སྒོ་བྱང་སོགས་ཆེར་མི་མངོན་པའི་མགྲོན་ཁང་ཁུག་ཀྱོག་གཙང་སྦྲ་དང་ཁོར་ཡུག་སོགས་ཅུང་བཟང་བ་ཞིག་མཐོང་མོད། སྒྱིད་ལུག་གི་དབང་གིས་གནས་སྤར་མ་ཐུབ།
དེ་རིང་ནི་ཕལ་ཆེར་རྟ་བོ་ལ་སླེབས་རྗེས་ཆེས་ཁོམ་པའི་ཉི་མ་ཡིན་ངེས། ཉིན་གུང་ཕྱི་ལ་བུད་ནས་དྲོས་ཇ་སྟབས་བདེ་ཞིག་འཐུང་རྗེས། མུ་མཐུད་དུ་ཉལ་ཁང་ནས་དཔེ་ཀློག་དང་རྩོམ་འབྲི་བ་སོགས་ཀྱིས་དུས་འདའ་བར་བྱས་པ་ཡིན། དགོང་མོ་ནུབ་ཇའི་རྗེས་སུ་གྲོགས་པོ་དང་མཉམ་པོར་ག་ལེར་སྲང་ལ་ཕྱིན་ཞིང་། ཁོས་སྐད་གསེང་མཐོན་པོས་གཞས་སྣ་ཚོགས་བཏང་བས། ལམ་ཁའི་མི་ཚོས་ངེད་གཉིས་ལ་མཚར་བོས་ཚུལ་གྱིས་བལྟས་འདུག
གནས་འདི་ན་ཞོ་ཡི་བཟོ་གྲྭ་ཆུང་ངུ་སྒྲིག་ཆས་དང་ཚོང་གི་འཆར་འགོད་ཅུང་བཟང་བ་ཞིག་ཡོད་རབས་གྲོགས་པོ་ཞིག་གི་ངག་ལས་ཐོས་མྱོང་བས། དེ་རིང་ཁོམ་སྐབས་ལ་བརྟེན་བལྟ་སྐོར་ལ་འགྲོ་འདོད་ཅིག་བྱུང་མོད། ཡར་མར་གང་ལ་དྲིས་ཀྱང་ཤེས་མཁན་ཞིག་མ་བྱུང་། ས་ཆ་འདིའི་སྲང་ལམ་ན་མང་ཤོས་ནིmp3དང་ཁ་པར་ནང་ལ་གླུ་འཇོག་ས་དང་། བོད་ལྭ་བཟོ་ས་ཡིན་པ་འདྲ། སྲང་མདོ་ན་རླངས་འཁོར་ཆུང་ངུ་རེའི་ནང་དུ་གྲྭ་བ་ལོ་ལོན་རེ་བསྡད་ནས་ཉ་སྲོག་བླུ་ཡིན། འབྲེལ་འཇོག་རེ་ཞུ་ཞེས་སྒྲ་སྐྱེད་ལས་ཡང་དང་ཡང་དུ་སྒྲོགས་པའི་སྣ་འཛོམས་ཚོང་ར་དེའི་ནང་དུ་མ་ཕྱིན། ཕལ་ཆེར་ས་ཆ་གཞན་དག་དང་འདྲ་བར་འབྲོག་པ་དང་ས་གནས་དེའི་མི་ལ་མཁོ་ཤས་ཆེ་བའི་དངོས་པོ་མང་ལས་ཆེ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། བཞི་བ།

2011-08-31 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

      ཉིན་བཞི་བ།
      གནམ་ཐིངས། ཉི་འོད་དྲགས།
       སྔ་དྲོ་ཡར་ལ་ལངས་ནས་གནས་སྤོར་བའི་སྟ་གོན་གྱིས་ཕྱོགས་ཡར་མར་གྱི་མགྲོན་ཁང་དུ་མར་ཕྱིན་མོད། སྔར་གྱི་གནས་ཚང་ལས་འོས་འཚམས་ཤིག་མ་རྙེད། ཉིན་གུང་ཞིག་ལ་སྒོ་བྱང་སོགས་ཆེར་མི་མངོན་པའི་མགྲོན་ཁང་ཁུག་ཀྱོག་གཙང་སྦྲ་དང་ཁོར་ཡུག་སོགས་ཅུང་བཟང་བ་ཞིག་མཐོང་མོད། སྒྱིད་ལུག་གི་དབང་གིས་གནས་སྤར་མ་ཐུབ།
དེ་རིང་ནི་ཕལ་ཆེར་རྟ་བོ་ལ་སླེབས་རྗེས་ཆེས་ཁོམ་པའི་ཉི་མ་ཡིན་ངེས། ཉིན་གུང་ཕྱི་ལ་བུད་ནས་དྲོས་ཇ་སྟབས་བདེ་ཞིག་འཐུང་རྗེས། མུ་མཐུད་དུ་ཉལ་ཁང་ནས་དཔེ་ཀློག་དང་རྩོམ་འབྲི་བ་སོགས་ཀྱིས་དུས་འདའ་བར་བྱས་པ་ཡིན། དགོང་མོ་ནུབ་ཇའི་རྗེས་སུ་གྲོགས་པོ་དང་མཉམ་པོར་ག་ལེར་སྲང་ལ་ཕྱིན་ཞིང་། ཁོས་སྐད་གསེང་མཐོན་པོས་གཞས་སྣ་ཚོགས་བཏང་བས། ལམ་ཁའི་མི་ཚོས་ངེད་གཉིས་ལ་མཚར་བོས་ཚུལ་གྱིས་བལྟས་འདུག
གནས་འདི་ན་ཞོ་ཡི་བཟོ་གྲྭ་ཆུང་ངུ་སྒྲིག་ཆས་དང་ཚོང་གི་འཆར་འགོད་ཅུང་བཟང་བ་ཞིག་ཡོད་རབས་གྲོགས་པོ་ཞིག་གི་ངག་ལས་ཐོས་མྱོང་བས། དེ་རིང་ཁོམ་སྐབས་ལ་བརྟེན་བལྟ་སྐོར་ལ་འགྲོ་འདོད་ཅིག་བྱུང་མོད། ཡར་མར་གང་ལ་དྲིས་ཀྱང་ཤེས་མཁན་ཞིག་མ་བྱུང་། ས་ཆ་འདིའི་སྲང་ལམ་ན་མང་ཤོས་ནིmp3དང་ཁ་པར་ནང་ལ་གླུ་འཇོག་ས་དང་། བོད་ལྭ་བཟོ་ས་ཡིན་པ་འདྲ། སྲང་མདོ་ན་རླངས་འཁོར་ཆུང་ངུ་རེའི་ནང་དུ་གྲྭ་བ་ལོ་ལོན་རེ་བསྡད་ནས་ཉ་སྲོག་བླུ་ཡིན། འབྲེལ་འཇོག་རེ་ཞུ་ཞེས་སྒྲ་སྐྱེད་ལས་ཡང་དང་ཡང་དུ་སྒྲོགས་པའི་སྣ་འཛོམས་ཚོང་ར་དེའི་ནང་དུ་མ་ཕྱིན། ཕལ་ཆེར་ས་ཆ་གཞན་དག་དང་འདྲ་བར་འབྲོག་པ་དང་ས་གནས་དེའི་མི་ལ་མཁོ་ཤས་ཆེ་བའི་དངོས་པོ་མང་ལས་ཆེ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།