མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། དང་པོ།

     ཉི་མ་དང་པོ།
  རྨ་ཆུ་ནས་ཉིན་གུང་ལམ་ལ་ཆས། ཕྱི་དྲོ་གཅིག་སྒྲིལ་ལ་སླེབས། ཉིན་གང་བོར་ཆར་བ་ཟམ་ཟིམ་འབབ་པའི་མཚམས་མ་ཆད། ལམ་གང་བོར་འདམ་རྫབ་ཆེ་ཞིང་བགྲོད་པ་ཅུང་དཀའ་བས་ཕྱི་དྲོ་གཅིག་སྒྲིལ་ལ་སླེབས་དུས་ཐང་ཆད་ནས་མལ་ཁྲི་ལས་ཅི་ཡང་མི་དྲན་པའི་ཚད་དུ་སླེབས། ཟ་མ་ཟོས་ཤིང་མགྲོན་ཁང་ཅུང་བདེ་ཤོས་ཤིག་འཚོལ་འདོད་ནས་རྫོང་མཁར་ཆུང་ངུ་དེ་ལ་གཡས་སྐོར་དང་གཡོན་སྐོར་ཁ་ཤས་བརྒྱབས་མོད།ཡང་མིན་ན་འགྲུལ་བ་གང་འདུག་ལ་ཡང་མིན་ན་ཆ་རྐྱེན་ཞན་པས་འོས་ཤིང་འཚམ་པ་ཞིག་མ་རྙེད། མཐར་གསའ་ཁོག་མགྲོན་ཁང་ཟེར་བ་ཞིག་དུ་རྡོག་ཁྲེས་ཕབ། གནས་ཚང་བདག་མོས་རྒྱ་སྐད་ད་མ་དིག་ཅིག་གིས་ཁང་བ་གཅིག་ལས་ལྷག་མེད་པ་དེར་སྒོར་བརྒྱ་དགོས་ཟེར། ང་ཚོས་རང་ཉིད་རྒྱ་མིན་པས་བོད་སྐད་གོ་བ་སྟོན་ཕྱིར་མོ་ལ་བོད་སྐད་ཀྱིས་ཅི་ཞིག་ཅེས་དྲིས་པར་མོས་ཀྱང་བོད་སྐད་ཀྱིས་སྒོར་བརྒྱ་དགོས་ཟེར། འོན་ཀྱང་མོའི་བོད་སྐད་ནི་མོའི་རྒྱ་སྐད་ལས་ཀྱང་ད་མ་དིག་ཅིག་རེད།
   གཅིག་སྒྲིལ་རྫོང་གི་གཞི་རྒྱ་ཆུང་ལ་རྒྱ་ལམ་གཡས་གཡོན་དུ་ལྕང་མ་བཏབས་ཡོད་པས། ལྕང་མའི་རྒྱབ་ལོགས་ཀྱི་ཚོང་ཁང་དག་ནི་མངོན་ལ་མི་མངོན་པའི་ཚུལ་དུ་ཡོད། མཚན་མོ་ལམ་སྒྲོན་མེད་པས་རྫོང་མཁར་གང་བོ་ནག་ཐིང་ངེར་ཡོད་ལ། ལྕང་མའི་གསེབ་ནས་འཕྲོས་ཡོང་བའི་ཁང་མིག་ཆུང་ངུ་དག་གི་འོད་ཀྱིས་ངའི་རྡོག་ལམ་གསལ་བའི་ཤིན་ཏུ་དཀའ། རྫོང་མཁར་དུ་བསྡད་ཡོད་པའི་བོད་མི་དག་ནི་ཕར་བལྟས་ཚོད་ལ་རྒྱ་སྐད་འཆད་པར་དགའ་བོ་ཡོད་པ་འདྲ་ལ། ཁ་ཆེའི་ཟ་ཁང་དུ་ཐུག་པ་འཐུང་བཞིན་པ་དང་། སྲང་ལམ་དུ་སྦག་འཁོར་བསྐོར་ནས་འགྲོ་བཞིན་པའི་འབྲོག་པ་ཚོ་ནི་ཅུང་ཟད་བབ་ཆགས་པར་མངོན། གྲོགས་པོ་ཞིག་གི་ངག་ལས་གོ་བ་ལྟར་ན་བོད་པ་ཚང་ཟེར་བའི་དཔེ་ཁང་དེ་ནི་ཡག་པོ་ཡོད་རབས་ཟེར་མོད། ཡིད་འཕངས་པ་ཞིག་ལ་དེ་རིང་སྒོ་གཏན་འདུག
    མཚན་མོ་མལ་ས་རུ་འཛུལ་ནས་ཉིན་ཤས་སྔོན་ལ་བལྟས་མ་ཚར་བའི་ཨ་རིའི་སྲིད་འཛིན་འོས་མི་སྔ་མ་ཀོར་གྱི་གནས་ཚུལ་བརྗོད་པའི་དངོས་བྲིས་གློག་བརྙན་གཡོལ་ཐབས་བྲལ་བའི་བདེན་པ་ཞེས་པའི་མཇུག་བསྐྱངས་པ་ཡིན། གོ་ལ་དྲོ་རུ་ཕྱིན་པའི་གནད་དོན་བརྗོད་པ་ཤས་ཆེ་བའི་གློག་བརྙན་དེའི་ནང་དུ་བདག་གིས་བརྗེད་པར་དཀའ་བ་ནི་ཁོང་གི་སྨྲ་ལྕེ་རྣོན་པོ་དེ་དང་བྱང་སྣེ་གླིང་གི་དོམ་དཀར་ཞིག་གིས་གནས་འཆའ་སའི་འཁྱག་ལེབ་མ་རྙེད་པ་མཚོ་རུ་བྱིངས་པ་དེ་རེད། གལ་སྲིད་འཛམ་གླིང་ཁོང་གིས་བཤད་པ་བཞིན་དྲོ་རུ་དྲོ་རུ་ཕྱིན་སོང་ན། ལོ་ཁ་ཤས་རྗེས་སུ་གཅིག་སྒྲིལ་ཀྱང་དེ་རིང་འདྲ་བ་འཁྱག་སྲིད་རྒྱུ་མ་རེད།
    མཚན་གུང་ལ་ཉེ་བའི་དུས་འདིར་སྒེའུ་ཁུང་ཕྱི་རོལ་ནས་ཁྱི་སྐད་གསལ་ལ་མི་གསལ་བ་ཞིག་གྲགས་ཡོང་བས། ང་ནི་རྫོང་མཁར་ཞིག་གི་དཀྱིལ་གྱི་མགྲོན་ཁང་ན་ཡོད་སྣང་མི་སྐྱེ་བར། ཁྱིམ་མཚེས་སུ་འབྲོག་སྡེ་ཁྲ་ཆིལ་ལེ་བ་ཞིག་ཡོད་པའི་དབྱར་ས་ན་ཡོད་པའི་སྣང་བ་ཞིག་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། དང་པོ།

2011-08-31 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།