ང་དང་ནམ་ཡང་ང་ལ་མི་དབང་བའི་ངའི་ཁྱེད།

རྣམ་གླིང་རིན་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-12

  ཚེ་སྔོན་ལས་དབང་བཟང་པོའི་བཀའ་དྲིན་ཞིག་གམ་རྒྱུ་དང་རྐྱེན་གང་རུང་ཞིག་གིས་སྟེས་དབང་གིས། ཁྲ་ཆིལ་ཆིལ་གྱི་འཇིག་རྟེན་འདིར་ངས་ཁྱེད་འདི་ལྟར་ཞལ་མཇལ་བའི་བསྐལ་བཟང་ཐོབ།
  མི་ཚོས་ཟེར་ན་ཁྱེད་ནི་སྤྱན་རས་གཟིགས་དབང་གི་འཕྲུལ་ལས་ཐོན་ཞིང་གངས་དཀར་ཏེ་སིའི་མགོན་སྐྱབས་ཡིན་ཟེར་སྐད། དེས་ན་ངས་ཁྱེད་ཞི་གནས་སྒོམ་པ་བཞིན་ཏིང་འཛིན་ལ་བཞུགས་ཤིང་། ཁྱེད་ཁོ་ནར་དམིགས་པ་གཏད། མ་གཞི་དུས་ད་ལྟའི་བར་ཁྱེད་ཀྱི་མཚན་ལ་ཅི་ཞིག་ཟེར་བ་ངས་མ་ཤེས་ལ། ཁྱེད་ཀྱི་ཅི་ཞིག་འཚོལ་སྙེགས་བྱེད་པ་ངས་མ་ཤེས། འོན་ཀྱང་ངས་གསལ་པོར་རྟོགས་པ་ནི་ཁྱེད་ནི་གངས་རིའི་འདབས་སུ་འཚར་ལོངས་བྱུང་ཞིང་། གངས་ཆབ་སྔོན་མོའི་ནུ་ཞོར་བརྟེན་ནས་ལག་ཆགས་པའི་ཡིད་འོང་གཤིས་བཟང་གི་ཁ་བའི་བུ་མོ་ཞིག་རེད། དེས་ན་ངས་ཁྱེད་ལ་ཁ་བའི་མེ་ཏོག་ཅེས་པའི་མིང་འདི་བཏགས་པ་ཡིན།
  དུས་ད་ལྟའི་བར་ང་གཉིས་ཕན་ཚུན་ངོ་ཤེས་ཀྱི་མེད་ལ། གཏམ་གླེང་ཚིག་གཅིག་ཀྱང་བྱ་མ་མྱོང་། འོན་ཀྱང་ང་གཉིས་བར་ལ་ཁྱད་མཚར་ཞིང་བླ་ན་འཕགས་པའི་འབྲེལ་འདྲིས་ཀྱི་ལག་ཆ་ཞིག་ཡོད་པ་ནི་འཛུམ་མདངས་རེད། གཅིག་བྱས་ན་འཛུམ་མདངས་དེ་ནི་ང་གཉིས་སེམས་དང་སེམས་པ་ སྦྲེལ་བྱེད་ཀྱི་རྨུ་ཐག་ལྟ་བུ་ཡིན་སྲིད། དེས་ན་ཡུལ་གང་འདྲ་ཞིག་དང་དུས་གང་འདྲ་ཞིག  གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ངེད་གཉིས་ཞལ་མཇལ་
བའི་བསྐལ་བ་བྱུང་ཚེ་ངས་ཁྱེད་ལ་འཛུམ་མདངས་ཀྱི་རྣམ་འགྱུར་མ་བསྟན་པ་ཐེངས་གཅིག་མེད་ལ་ཁྱེད་ཀྱིས་ཀྱང་དེ་ལྟར་ཡིན། ནམ་རྒྱུན་ངས་བརྗེད་དཀའ་བ་ཁྱེད་ཀྱི་འཛུམ་མདངས་ཡིན་ལ། དྲན་སྐྱེན་པའང་ཁྱེད་ཀྱི་འཛུམ་མདངས་འབའ་ཞིག་གོ།
  ཁ་བའི་མེ་ཏོག་མ། བསླབ་གསུམ་ཤེས་རབ་སྤྱན་མིག་མངའ་ཞིང་མཁས་བཙུན་བཟང་གསུམ་འཛོམས་པའི་ཁྱེད་ཀྱི་མཚན་སྙན་ངའི་སྒྲ་འཛིན་དབང་པོའི་བུ་གར་ཐོས་པ་ཙམ་གྱིས་ངའི་ལུས་ངག་ཡིད་གསུམ་གྱི་དད་གསུམ་ལྩགས་ཀྱུ་དབང་མེད་ཁྱེད་ཀྱིས་བཀུག་སོང་བས། ཕྲན་གྱི་ཁྱིམ་གཞིས་ཤིག་གི་རེ་བ་དང་བདེ་སྐྱིད་ཁྱེད་ལ་བཅོལ་ལ། ཁྱེད་ཁོ་ན་ངའི་མེ་ཏོག་དབུས་ཀྱི་པདྨ་དང་རྒྱུ་སྐར་དབུས་ཀྱི་ཟླ་བ་ཉག་གཅིག་ཡིན། བདག་ལ་དགའ་འོས་པའི་དོན་དག་རེ་འཕྲད་ན་ཁྱེད་ཀྱི་ནང་སེམས་འཇིག་རྟེན་དགའ་བདེ་ཡི་ཡོངས་སུ་མྱོས་ཤིང་། ངའི་མི་ཚེའི་འཕྲང་ལམ་རིང་མོར་དྲག་ཆར་རླུང་འཚུབ་ཀྱི་བར་ཆད་རེ་འཕྲད་ཚེ་ཁྱེད་དང་བདག་དང་ལྷན་གཅིག་རྒྱ་མཚོར་ལྷུངས་ཤིང་། སེམས་ཁོང་ནས་བཞུར་བའི་མིག་ཆུའི་ཁྲག་རྒྱུན་ཆར་བཞིན་བབས།རྒྱུ་མཚན་ནི་ང་གཉིས་ཀྱི་ལས་དབང་གི་ཆུ་མོ་གཅིག་ཏུ་འདྲེས་ཡོད་པའི་ཕྱིར།
   ཁ་བའི་མེ་ཏོག   མ་གཞི་ངས་གསལ་པོར་རྟོགས་པ་ནི་ཁྱེད་ནམ་ཡང་ང་ལ་མི་དབང་བ་དེ་ཡིན། རྒྱུ་མཚན་ནི་ཁྱེད་ནི་རྒྱང་རིང་རྒྱང་རིང་གི་འཕགས་ཡུལ་ཞེས་པའི་ལྷ་ཡུལ་གྱི་ཞིང་ཁམས་ཤིག་ན་གནས་ཡོད་ལ། ཉམ་ཆུང་ནུས་མེད་ཀྱི་ང་རང་རང་ཡུལ་ཁ་བའི་རི་གྲོང་གི་འཚོ་བའི་སྣེ་ཟུར་ཞིག་ན་སྲིན་འབུ་མེ་ཁྱེར་ཙམ་གྱི་རང་འོད་ལ་བརྟེན་ནས་སྨག་རུམ་ཁྲོད་འོད་ཟེར་འཚོལ་བཞིན་ཡོད་པས་ཡིན། མི་ཚོས་ཟེར་ན་མ་གཞི་ཁྱེད་རྒྱང་རིང་རྒྱང ་རིང་གི་ཡུལ་གྲུ་དེར་གནས་ཀྱང་ཁྱེད་ཀྱི་རྣམ་ཤེས་ཀྱི་སྤྱན་ཟུང་ནམ་ཡང་གངས་རིར་ཅེར་ནས་ཡོད་་ཟེར། འོན་ཀྱང་ང་ལ་དབང་བ་ནི་རྟོག་པའམ་དོན་སྤྱི་ཡང་ན་སྒྲ་སྤྱིའི་ཁྲོད་ཀྱི་ཁྱེད་ཁོ་ན་ལས་གཞན་མ་འདས། ཁྱེད་ཀྱིས་མཁྱེན་ནམ། ཁྱེད་མེད་པའི་འཇིག་རྟེན་འདིའི་ལོ་ཟླ་རིང་མོར་ཁེར་རྐྱང་གི་བུ་ཆུང་ང་རང་ཆུ་མོའི་རྒྱུགས་ཕྱོགས་ལ་བལྟ་དགོས་སམ་ཡང་ན་ནམ་མཁའི་སྐར་ཚོགས་ལ་བགྲང་དགོས། ངས་ཁྱེད་དྲན་པའི་གདུང་བ་ནི་སྤུ་གྲི་ཡིན་པ་འདྲ། དེ་མིན་ན་ངའི་སྙིང་ལ་རྨ་ཁ་ཇི་ལྟར་བཟོ་ལ། རྨ་ཁ་མེད་ཀྱང་ཁྲག་དམར་བཞུར་དོན་ཅི། ཁྱེད་དྲན་པའི་གདུང་བ་ནི་མེ་ལྕེ་ཡིན་པ་འདྲ། དེ་མིན་ན་གངས་རི་བཞུར་བའི་ཆུ་རྒྱུན་མིག་ལས་ཇི་ལྟར་འབབ།
  ཁྱེད་ཀྱིས་གཟིགས་སམ། དེ་རིང་གི་ནམ་མཁའ་ནི་ཅི་འདྲའི་སྐྱིགཡའ་བ་ཞིག་རེད་ཨང་། ཕར་འགྲོ་ཚུར་འོང་བྱེད་པའི་སྤྲིན་ནག་དག་དེ་རིང་གི་ངའི་སེམས་པ་དང་འདྲ་བར་ལང་ལོང་གིས་འཁྲིགས་ཤིང་།ངའི་དོན་ལྔ་སྣོད་དྲུག་གི་ལྷུ་ལག་ལ་གས་ཁ་ཤོར། ཁྱེད་ཀྱིས་ཤེས་སམ། ཁ་ཕྱོགས་མཛོལ་བའི་བྱེའུ་ཆུང་གི་ཁྱུ་ཚོགས་དེར་ཐང་ཀར་ཁྱེད་ཀྱི་བྱམས་བརྩེའི་དྲོད་ཁོལ་ཅི་འདྲའི་མཁོ་ཨང་། ཁྱེད་མེད་དུས་ང་ཚོའི་དུས་ཚིགས་བཞི་པོར་དྲན་གདུང་གི་ ཁ་བ་རྐྱང་རྐྱང་བབས་ལ། ཁྱེད་མེད་ན་ངའི་ཁྱིམ་གཞིས་འདིའི་ཕུ་ནུ་མིང་སྲིང་ཚོར་སུ་ཡིས་བདག་སྐྱོང་དང་སེམས་ཁུར་བྱེད། ཁ་བའི་མེ་ཏོག  ཁ་བ་བུ་ཡུག་ཇི་ལྟར་འཚུབ་ཀྱང་ངས་སྔར་བཞིན་ཁྱེད་དྲན་ཞིང་གླེང་བཞིན་ཡོད་ལ། གླེང་བཞིན་གླེང་བཞིན་དྲན་པའང་ཐེངས་མང་ཡིན། ཁྱེད་མེད་དུས་ངའི་སྙིང་ཆུང་ལ་ན་ཟུག་དྲག་ཏུ་ལྡིང་ཞིང་དབང་མེད་དུ་བརྡོལ་བའི་མཆི་མའི་དོ་ཤལ་གྱི་ཕྲེང་བ་འགྲམ་པའི་ལྗོན་རྩེ་ནས་ཐོར།
  ཀྱེ་ཀྱེ། ཁྱེད་ཀྱིས་མ་འོངས་པའི་ངའི་ཁྱིམ་གཞིས་འདིའི་སླད་དུ་བྱམས་དང་སྙིང་རྗེ་ཞིག་བསྒོམ་ནས། རེ་བའི་སྤྱན་ཟུང་སྟོང་ཕྲག་གིས་བསུ་མ་མཛད་སའི་ཕ་གཞིས་འདིར་ལན་གཅིག་ཕྱིར་ལོག་གནང་ནས། འཁྱག་གྲང་གིས་བསླུས་པའི་ངའི་སེམས་པ་ཕྲ་མོར་བདེ་སྐྱིད་ཀྱི་རེ་བའི་དྲོད་ཁོལ་ཞིག་ སྦྱིན་རོགས།།།།
                                                ༢༠༡༡ལོའི་ཟླ་༦པའི་ཚེས་༢༣ཉིན།  ནུབ་བྱང་ཚང་དུ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ནམ་ཡང་ང་ལ་མི་དབང་བའི་ངའི་ཁྱེད།

2011-07-12 རྣམ་གླིང་རིན་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།