ཆུ་མེད་པའི་ཚོར་བ།

བོད་པའི་འཇིགས་སྐྱབས།༼རྨ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-15

    བརླན་ཞིང་བཤེར་བ་ནི་ཆུའི་མཚན་ཉིད་ཡིན་ཞིང་།མཚན་ཉིད་འདི་ལ་བརྟེན་ནས་ཀེར་འགྲོ་དང་། གོག་འགྲོ། ལྟོ་འགྲོ། གཤོག་འགྲོ་ལ་སོགས་སེམས་ཅན་ཞིག་ཡོད་དོ་ཅོག་གི་ཚེ་སྲོག་འཚོ་བཞིན་ཡོད་པར་མ་ཟད། སྐྱེ་དངོས་ཤིག་ཡིན་པ་མཐའ་དག་འདི་ལ་བརྟེན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་འདབ་མ་གྲོལ་བ་ཡིན།   དེར་བརྟེན་ཆུ་ནི་ཡོད་ཚད་ཀྱི་ཚེ་སྲོག་གི་འཆིང་ཐག་ཡིན་པས་དེར་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་པ་ནི་གལ་ཆེན་ནང་གི་འགངས་ཆེན་རེད། འུ་ཅག་མཐོ་སྒང་པ་ཞིག་གིས་ཆུ་མེད་པའི་དཀའ་ངལ་གྱི་བྲོ་བར་དེ་མྱངས་མ་མྱོང་བས་ཆུ་ལ་དེ་འདྲའི་བརྩི་བཀུར་མི་བྱེད་མོད། ཆུའི་དཀའ་ངལ་དངོས་སུ་མྱང་ཟིན་པ་ཞིག་ཡིན་པ་ནས་བཟུང་ཆུ་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པ་གསལ་བོར་རྟོགས་ནས།  ཆུ་ལ་ཧ་ཅང་བརྩི་མཐོང་བྱེད་ངེས་རེད།   
     དེང་སང་གི་རྒྱལ་ཁབ་སྟོབས་འབྱོར་དང་ཚན་རིག་ཧ་ཅང་དར་ཆེ་བ་དག་ན་ཆུའི་དཀའ་ངལ་མི་ཉུང་བ་ཞིག་མྱོང་བཞིན་ཡོད་པ་ནི་འུ་ཚོས་བརྙན་འཕྲིན་ལས་མངོན་སུམ་དུ་མཐོང་གིན་ཡོད་པ་དེ་དག་རེད།   དེས་ན་འུ་ཚོས་ཀྱང་ཁོར་ཡུག་དང་རྩྭ་ས་ལ་སྲུང་སྐྱོབ་མ་བྱས་པར་སྒོར་མོ་འགའི་ཆེད་དུ་ས་སློག་རྡོ་སློག་བྱས་ཏེ་རྩྭ་སའི་བཅུད་ཤོར་དུ་བཅུག་ན་མི་འགྱང་བར་འུ་ཅག་ལ་ཡང་ཆུའི་དཀའ་ངལ་དེ་ཐེབས་པའི་ཉེན་ཁ་ཧ་ཅང་ཆེའོ།   
ང་རང་མཐོ་སྒང་ལས་སྐྱེས་པའི་མི་ཞིག་ཡིན་པར་མ་ཟད་ད་སྐབས་ཀྱང་མཐོ་སྒང་དུ་གནས་པའི་མི་ཞིག་ཡིན།  ཡིན་ནའང་ཁོར་ཡུག་དང་རང་དབང་སོགས་རྐྱེན་སྣ་ཚོགས་ཤིག་གི་དབང་གིས་ངས་ཟླ་འདི་དག་གི་རིང་དུ་ཆུ་མེད་པའི་དཀའ་ངལ་ཆེན་པོ་མྱོང་བཞིན་པའི་སྒང་ཡིན། ངས་འདི་ནས་སྒྲོ་སྐུར་གང་ཡང་མ་བཏགས་པར་དྲང་བོ་དྲང་བཞག་གི་སྒོ་ནས་བཤད་ན་ཟླ་གཉིས་ཀྱི་རིང་དུ་ངེད་ཚོའི་ཁ་ལ་ཆུ་ཡིད་ཚིམ་པ་ཞིག་བཏུང་རྒྱུ་གཏན་ནས་རག་མ་བྱུང་།    
      ངས་དེ་ལྟར་བཤད་ན་ཁྱེད་ཚོ་ཕལ་ཆེར་ཞིག་གིས་ཡིད་ཆེས་བྱེད་མི་སྲིད་ན་ཐང་མོད།   གཙོས་བཙོན་ཁང་གི་མཐའ་འཁོར་དུ་གཞིས་སྡོད་བྱས་ཡོད་པ་ཞིག་ཡིན་པས་ན་ཡིད་ཆེས་བྱ་ངེས་རེད།
      ལར་ངེད་ཚོ་ནི་སྤྱི་ཚོགས་དང་མི་འདྲ་བར་གང་ཞིག་ན་ཆུ་ཞིག་ཡོད་པ་དེའི་ཕྱོགས་སུ་འགྲོ་རྐྱང་མིན་པའི་ཁར།  ཕྱི་རོལ་ལས་ཆུ་ཕྲན་འགའ་གློག་ལ་བརྟེན་ནས་འདིར་དྲངས་ཡོད་པ་དེ་ཡང་དུས་ཚོད་ངེས་ཅན་ཞིག་མེད་ན་རང་བསམ་དུ་བཀོལ་སྤྱོད་མི་ཆོག་པས་ནམ་རྒྱུན་ཆུའི་ཕྱོགས་ན་དཀའ་ངལ་ཡོད།   ལྷག་པར་དུ་ཟླ་འདི་དག་གི་རིང་དུ་གློག་ཆས་ལ་སྐྱོན་བྱུང་བ་ཡིན་ནམ། ཡང་ན་དུས་ཀྱི་དབང་གིས་ཆུ་ཕྲན་དེ་སྐམ་སོང་བ་རྒྱུ་རྐྱེན་གང་ཡིན་མགོ་མི་ཚོས་མོད།  འོན་ཀྱང་ཟླ་ངོ་གཉིས་ཀྱི་རིང་དུ་ཆུ་ཐིག་མིག་ཆུ་ཙམ་ཞིག་ཆུ་སྒོ་དེ་ལས་ཡོང་བ་མ་རེད།   དེའི་རིང་དུ་བཙོན་སྲུང་དྲིན་ཆེན་དག་གིས་རླངས་འཁོར་སྤྱད་དེ་ཕྱི་རོལ་ནས་ཆུ་བླངས་ནས་ངེད་ཚོ་གསོ་སྐྱོང་བྱེད་བཞིན་ཡོད་ཀྱང་། ཆུ་མོད་པོ་མེད་པས་ངེད་ཚོའི་ལུས་ཕུང་དང་གྱོན་པ་ཡོད་ཚད་ཚི་དང་དྲེགས་ཀྱིས་ཁེངས་པར་མ་ཟད།   ཉིན་རྒྱུན་དོན་ལྔ་སྣོད་དྲུག་ཡང་སྐམ་བཞིན་ཡོད་པའི་ཚོར་སྣང་ཞིག་ངང་གིས་སྐྱེས་འོང་།
       དེ་དུས་རང་གི་སྐྱེས་ཐོབ་ཀྱི་ཤེས་རབ་རིམ་གྱིས་ཉམས་བཞིན་པ་དང་། སྦྱང་འདོད་ཀྱི་འདུན་མ་ཡང་ཁད་ཀྱིས་སྐམ་བཞིན་ཡོད་པར་རྟོགས་འཕྲལ་རང་གི་ལུས་སྟེང་ནས་ཆུ་ཐིག་ཅིག་ཟགས་སོང་ལ། ཆུ་ཐིགས་དེ་ནི་ཆེས་སྐོམ་གདུང་གིས་མནར་བའི་མིག་ཆུ་རེད།   
                                                                                          ༢༠༡༡.༤.༡༣   ༡༢.༣༠སྟེང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་མེད་པའི་ཚོར་བ།

2011-06-15 བོད་པའི་འཇིགས་སྐྱབས།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།