མི་གཤིས་ཀྱི་ཀུན་སྤྱོད་ལས་སློབ་ཆེན་པའི་ཉེན་ཚབ་ཀྱི་ལེའུ་དང་པོ།

                         __ཕ་མའི་རེ་བ་ཉ་མོའི་སྲོག་དང་བརྗེ་བ།
  དེང་གི་དམར་སེར་སྔོ་ལྗང་དང་ཁྲ་ཁྲ་རིལ་རིལ་གྱི་སྤྱི་ཚོགས་སུ་སློབ་ཆེན་པ་ཤིན་ཏུ་མང་གི།འོན་ཀྱང་སློབ་ཆེན་པའི་སྡེ་འདི་ན་ངོ་མ་དོན་གྱིས་སློབ་ཆེན་པའི་མཚན་ཉིད་ཚང་བའི་མི་བུ་ཤིན་ཏུ་དཀོན་གི།ཅོལ་ཆུང་ངས་འདི་ནས་སློབ་ཆེན་པའི་ཉེས་ཚབ་ལས་རང་ཉིད་ཀྱིས་གཏན་ལ་ཕེབས་པའི་སློབ་ཆེན་པའི་ཉེས་ཚབ་གྱི་ལེའུ་དང་པོ་ལས་༼ཕ་མའི་རེ་བ་ཉ་མོའི་སྲོག་དང་བརྗེས་བའི་༽གཏམ་རྒྱུད་གཅིག་གླེང་བར་བྱ།
  དེ་ཡང་པདྨ་ནི་ངའི་གྲོགས་པོ་ཆེས་མདངས་རྩིས་ཆེ་བ་ཞིག་ཡིན།དམའ་འབྲིང་ནས་བཟུང་སློབ་ཆེན་ལོ་རིམ་དང་པོའི་བར་དུ་ངེད་གཉིས་མཉམ་ཟ་མཉམ་འཐུང་བྱས་ནས་ཡོང་བ་ཡིན།སུས་ཀྱང་ཤེས་གསལ་ལྟར་སློབ་ཆེན་ནི་རང་ཉིད་རང་གིས་སྐྱོང་དགོས་ས་ཞིག་ཡིན་ལ་རང་དབང་གི་ཁོར་ཡུག་ལེགས་པོ་ཞིག་ཀྱང་རེད།ངེད་གཉིས་ལོ་རིམ་དང་པོའི་སློབ་སྐབས་རྗེས་མའི་གཟའ་མཇུག་ཞིག་གི་དགོང་མོ་དུས་ཚོད་གསུམ་གྱི་སྟེང་རང་རང་སར་འགྲོ་དགོས་བྱུང་།
  དེ་ནི་ང་རང་ཉིད་ཆང་གི་བཟི་ཁ་དང་སྟོན་བརྒྱ་མཐོང་དགོས་པ་དང་ལོ་བརྒྱ་འཚོ་དགོས་པའི་རང་བཞིན།ཨ་གསར་གྱི་ཀུན་སྤྱོད་དང་གཤིས་ཀ་འཁྱེར་ནས་ཀུན་གྱི་ངག་རྒྱུན་ན་གྲགས་བཞིན་པའི་༼གློག་གི་རོལ་རྩེད་༽ཁང་དུ་ཕོ་གསར་ཞིག་གི་ཁེངས་དྲག་གིས་ཕ་མའི་རྔུལ་ཆུ་ལས་གྲུབ་པའི་སྒོར་མོ་ཁྱེར་ནས་གོམ་པའི་འདེགས་འཇོག་བསྒྱུར།དུས་དེ་ནས་བཟུང་པདྨ་ངེད་གཉིས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་ལ།དུས་དེ་ནས་བཟུང་པདྨ་ངེད་གཉིས་ཀྱི་མཛའ་བརྩེའི་འབྲེལ་བ་ལ་བར་ཆད་བྱུང་།དུས་དེ་ནས་བཟུང་ངས་རུ་སྡེ་བའི་བླ་རྫོབ་ལ་དུས་དེ་ནས་བཟུང་ངས་དྲིན་ཆེན་ཕ་མའི་སྲོག་ལ་བར་ཆད་བཏང་།དུས་དེ་ནས་བཟུང་ངས་མི་རིགས་ཤིག་གི་མདུན་ལམ་ལ་གཏོར་བཤིག་བྱས།
  ད་ལོ་ནི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་སྐབས་རྗེས་མ་རེད།ང་རང་ནི་འགྱོད་སྣང་དང་སྐྲག་སྣང་གི་ངང་ལུས་ཡོད།པདྨ་ནི་སུས་རིག་ན་མགོ་བོ་དུད་དུད་བྱེད་ས་ཞིག་དང་སློབ་སྦྱོང་སོགས་ཕྱོགས་གང་ལ་ཤིན་ཏུ་ལེགས་པའི་སློབ་མ་ཡ་རབས་ཤིག་སྟེ་རེ་བ་དང་སྟོབས་ཤུགས་ཤིག་གི་ངང་ན་འཚོ་བཞིན་ཡོད།
  ལོ་ངོ་གསུམ་དང་ཕྱེད་ཀ།ཕ་ཡུལ་ནས་སུས་བལྟས་ན་དེ་ཚང་གི་བྱིས་པས་སློབ་གྲྭ་དེ་ན་སློབ་སྦྱོང་བྱེད་བཞིན་ཡོད་ནི་རེད།ཕ་མས་ཀྱང་རེ་བ་དང་ཡིད་ཆེས་ཤིག་གིས་ངའི་ཕྱོགས་ལ་གཉིད་བཅགས་ཟས་བརྗེད་ཀྱིས་ཉིན་ནས་ཉིན་དང་ཟླ་ནས་ཟླ།ལོ་རེས་མོས་ལ་ཁ་ཆར་བུ་ཡུགས་དང་ཙག་སེར་བུ།རྣོ་ཉི་འོད་དང་གྲང་ལྷག་རླུང་ཁྲོད་ནས་བླངས་པའི་སྒོར་རྡོག་འགའ་བོ་ང་ལ་སྦྱིན་ནས་བུ་ཆུང་ཁྱེད་ཐག་རིང་ལ་འགྲོ་དགོས་བས་འདི་ཚང་མ་ཁྱོས་འཁྱེར་ནས་སོང་།ཡུལ་ན་ཤ་ཉེ་རིང་དང་ཕ་སྤུན་ཟླ།རུ་སྡེ་བ་ཡོད་པས་དྲག་ནི་རེད།
  ཇི་འདྲ་འདྲའི་ལྷད་མེད་དྭངས་གཙང་གི་སེམས་གཏམ་དྲོན་མོ་ཞིག།ཡིན་ནའང་ང་དང་ང་ལྟ་བུའི་བུ་ཕྲུག་གྲངས་མེད་ཅིག་གིས་ཡུལ་ཕ་མའི་རེ་བ་ཁྲ་ཁྲ་རིལ་རིལ་གྱི་གྲོང་ཁྱེར་དེ་ནས་༼གློག་གི་རོལ་རྩེད༽(杀鱼)ཉ་མོའི་སྲོག་དང་བརྗེས་ནས་ཉིན་མཚན་མགོ་རྟིང་མི་ཤེས་པའི་ཚད་ལ་ལྷུང་འདུག
  སློབ་ཆེན་པ་རྣམ་པ།གློག་གི་རོལ་རྩེད་ཁང་དུ་མ་འགྲོ།གློག་གི་རོལ་རྩེད་ཁང་དུ་གོམ་པའི་འདེགས་འཇོག་བསྒྱུར་བ་ནས་བཟུང་ཁྱོས་རང་གི་ཕ་མའི་རེ་བ་རྣ་རྒྱབ་ཀྱི་ལྷགས་པའི་ཚབ་ཏུ་ཕངས་ལ་ངོ་ཚ་མེད་པའི་ཁྱི་ལུའི་ཀུན་སྤྱོད་བྱས་བཞིན་འདུག
  སྤུན་ཟླ་རྣམ་པ།གློག་གི་རོལ་རྩེད་ཁང་དུ་མ་འགྲོ།གློག་གི་རོལ་རྩེད་ཁང་ན་ཁྱེད་ཀྱི་ལས་དགོས་པའི་བྱ་བ་མེད་ལ་ཁྱེད་དང་འབྲེལ་བ་ཡོད་པའི་དོན་དག་མེད།
  གནས་དེ་ན་སྤྱི་ཚོགས་ཀྱི་གད་སྙིགས་པའི་སྡེ་ཡིས་འཚང་ཁ་རྒྱག་བཞིན་ཡོད་ལ་གནས་དེ་ན་རིག་གནས་ལ་ཞེན་པ་ལོག་པའི་མི་བུ་སྐོར་ཅིག་གིས་ཉི་མ་འཁྱོལ་ཐབས་བྱེད་བཞིན་ཡོད།
   གནས་དེ་ན་ཕ་མ་དང་དགྲ་རུ་བཟུང་པའི་སྨྱོན་པ་སྐོར་ཞིག་གིས་འུར་ལབས་རྒྱག་བཞིན་ཡོད་ལ་གནས་དེ་ན་འཆམ་མཐུན་གྱི་འདུ་ཤེས་དབེན་པའི་ཁྱི་ལུ་སྐོར་ཞིག་གིས་ཉིན་མཚན་དུས་དྲུག་ལ་ཟུག་སྐད་རྒྱག་བཞིན་ཡོད།
  ༼གློག་གི་རོལ་རྩེད་ཁང་༽༼ཉ་མོའི་སྲོག་༽༼ཕ་མའི་རེ་བ༽༼ཕུ་བོའི་རྔུལ་ཆུ༽༼རུ་སྡེ་བའི་གདེངས་འཇོག༽༼ནང་ཕུ་ནུའི་སེམས་ཀྱི་གོ་གནས༽
    སྤུན་ཟླ་རྣམ་པ་ཤི་རུས་ཤིག་བྱོས་དང་ལང་ཚོའི་རྦབ་ཆུའི་ཤག་སྒྲར་ཉམས་པ་མེད།
                                                    ༢༠༡༡ལོའི་ཟླ་༥པའི་ཚེས་༢༨ཉིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་གཤིས་ཀྱི་ཀུན་སྤྱོད་ལས་སློབ་ཆེན་པའི་ཉེན་ཚབ་ཀྱི་ལེའུ་དང་པོ།

2011-06-10 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།