ཁཱ་ཀྲ་ཧྥེ་དང་ལི་པཱ་ཡ།

རྒོད་རྒྱལ་བློ་ཕུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-03

                ༡
   དབུས་ཤར་ས་ཁུལ་གྱི་གནས་བབ་མཚོ་མོ་ལྟར་ཕྱི་རླུང་གིས་གཡོ་དུས། ལི་པཱ་ཡའི་རྒྱལ་བོ་ཁཱ་ཀྲ་ཧྥེ་གོ་ལ་འདིའི་ཉེས་ཅན་པ་ཞིག་ཡོད་ཟེར་བཤད་ན་ཅི་ལ་མིན། གང་ལྟར་ཁོ་པ་ནི་འཆི་ལམ་ལ་འགྲོ་ཆོག་ཆོག་གི་སེམས་ཅན་ཁེར་འདུག་མ་ཞིག་ཡིན་ལ་སྙིང་རྗེ་སྐྱེ་འོས་པའི་རྒྱལ་བོ་རུམ་ནག་ཅན་ཞིག་ཡིན།
              ༢
  བྱང་མནའ་མཐུན་གྱིས་མགོ་ནས་བརྡུངས་ཀྱིན་ཡོད་ལ་ཨ་རིའི་འདྲེ་དམག་གིས་རྐུབ་ནས་གཞུ་གིན་ཡོད།རྒྱལ་བོ་ཁོ་གཤོག་པ་ཡོད་ཀྱང་གནམ་ལ་འཕུར་གྲུའི་འབར་རྡེལ་འཁྱུག་བཞིན་ཡོད། རྒྱལ་བོ་ཁོ་སྡེར་སེན་ཡོད་ཀྱང་ས་ནས་རྡོ་སྣུམ་མེ་རུ་འབར་གིན་ཡོད། རྒྱལ་བོ་ཁོ་ཆོས་ལུགས་རྒྱབ་རྟེན་ཡོད་ཀྱང་ངོ་ལོག་ཤོག་པས་འདྲེ་ལ་བསྐོས་ཟིན།
              ༣
  རྒྱལ་ཁམས་འདིའི་མི་སེར་དག་ལ་མཚོན་ན་རྒྱལ་བོ་ཁཱ་ཀྲ་ཧྥེ་དམར་གསོད་གཏོང་རན་ཚོད་རེད།  དེ་ཡང་སྒེར་གཅོད་ལམ་ལུགས་དང་རུལ་སུངས་ཀྱི་རྨ་ཁས་ཟིན་པའི་རྒྱལ་ཁམས་དེར་དོན་རྡོག་གི་དམངས་གཙོ་མེད་ཅེས་གསལ་བོར་བཤད་ཆོག་ལ་མཐོང་གསལ་རེད།  ངོ་ལོག་ཤོག་པས་དམངས་གཙོའི་དར་ཆ་བསྒྲེངས་སྟེ་རྒྱལ་བོ་ཁོ་མུག་ཟ་བྱེད་ཀྱིན་ཡོད།
             ༤
  རྒྱལ་བོ་ཁཱ་ཀྲ་ཧྥེ་ཁྲི་ལས་དབྱུགས་ནས་ཁྲི་དང་བཅས་པའི་འཁོར་ཚོགས་རྣམས་རྡོ་སྣུམ་གྱིས་གསོས་ཤིང་དུ་བྱས་ཏེ་མེ་ལ་བུད་ན། ངོ་ལོག་ཤོག་པའི་གཉིད་ལམ་འཇམ་ལ་ལི་པཱ་ཡའི་མི་སེར་རང་དབང་ཐོབ་ངེས།
              ༥
  ཕྱི་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་ལི་པཱ་ཡའི་རྡོ་སྣུམ་ལ་ཅེར་ནས་དམངས་སྲུང་དང་རྒྱལ་བོ་སྡིག་ཅན་གྱི་སྡིག་ཉེས་དྲངས་ནའང་།  དོན་དུ་མི་རེར་ཁོག་རྩིས་རེ་ཡོད་དེ།  ཨ་རི་ནི་རྡོ་སྣུམ་གྱི་དོན་དུ་དམག་དྲངས་པ་ཡིན་ལ་དབྱིན་ཇི་ནི་ལོ་རྒྱུས་ཀྱི་རྨ་ཁ་དང་འབྱུང་ཁུངས་དོན་དུ་དམག་དྲངས་པ་ཡིན།  དེ་བས་ཧྥ་རན་སི་ནི་དགྲ་ལན་དུ་སོང་བའང་ཡིན།

                                               ༢༠༡༡ལོའི་ཟླ་༦ཚེས་༠.༠༩ལ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁཱ་ཀྲ་ཧྥེ་དང་ལི་པཱ་ཡ།

2011-06-03 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།

                ༡
   དབུས་ཤར་ས་ཁུལ་གྱི་གནས་བབ་མཚོ་མོ་ལྟར་ཕྱི་རླུང་གིས་གཡོ་དུས། ལི་པཱ་ཡའི་རྒྱལ་བོ་ཁཱ་ཀྲ་ཧྥེ་གོ་ལ་འདིའི་ཉེས་ཅན་པ་ཞིག་ཡོད་ཟེར་བཤད་ན་ཅི་ལ་མིན། གང་ལྟར་ཁོ་པ་ནི་འཆི་ལམ་ལ་འགྲོ་ཆོག་ཆོག་གི་སེམས་ཅན་ཁེར་འདུག་མ་ཞིག་ཡིན་ལ་སྙིང་རྗེ་སྐྱེ་འོས་པའི་རྒྱལ་བོ་རུམ་ནག་ཅན་ཞིག་ཡིན།
              ༢
  བྱང་མནའ་མཐུན་གྱིས་མགོ་ནས་བརྡུངས་ཀྱིན་ཡོད་ལ་ཨ་རིའི་འདྲེ་དམག་གིས་རྐུབ་ནས་གཞུ་གིན་ཡོད།རྒྱལ་བོ་ཁོ་གཤོག་པ་ཡོད་ཀྱང་གནམ་ལ་འཕུར་གྲུའི་འབར་རྡེལ་འཁྱུག་བཞིན་ཡོད། རྒྱལ་བོ་ཁོ་སྡེར་སེན་ཡོད་ཀྱང་ས་ནས་རྡོ་སྣུམ་མེ་རུ་འབར་གིན་ཡོད། རྒྱལ་བོ་ཁོ་ཆོས་ལུགས་རྒྱབ་རྟེན་ཡོད་ཀྱང་ངོ་ལོག་ཤོག་པས་འདྲེ་ལ་བསྐོས་ཟིན།
              ༣
  རྒྱལ་ཁམས་འདིའི་མི་སེར་དག་ལ་མཚོན་ན་རྒྱལ་བོ་ཁཱ་ཀྲ་ཧྥེ་དམར་གསོད་གཏོང་རན་ཚོད་རེད།  དེ་ཡང་སྒེར་གཅོད་ལམ་ལུགས་དང་རུལ་སུངས་ཀྱི་རྨ་ཁས་ཟིན་པའི་རྒྱལ་ཁམས་དེར་དོན་རྡོག་གི་དམངས་གཙོ་མེད་ཅེས་གསལ་བོར་བཤད་ཆོག་ལ་མཐོང་གསལ་རེད།  ངོ་ལོག་ཤོག་པས་དམངས་གཙོའི་དར་ཆ་བསྒྲེངས་སྟེ་རྒྱལ་བོ་ཁོ་མུག་ཟ་བྱེད་ཀྱིན་ཡོད།
             ༤
  རྒྱལ་བོ་ཁཱ་ཀྲ་ཧྥེ་ཁྲི་ལས་དབྱུགས་ནས་ཁྲི་དང་བཅས་པའི་འཁོར་ཚོགས་རྣམས་རྡོ་སྣུམ་གྱིས་གསོས་ཤིང་དུ་བྱས་ཏེ་མེ་ལ་བུད་ན། ངོ་ལོག་ཤོག་པའི་གཉིད་ལམ་འཇམ་ལ་ལི་པཱ་ཡའི་མི་སེར་རང་དབང་ཐོབ་ངེས།
              ༥
  ཕྱི་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་ལི་པཱ་ཡའི་རྡོ་སྣུམ་ལ་ཅེར་ནས་དམངས་སྲུང་དང་རྒྱལ་བོ་སྡིག་ཅན་གྱི་སྡིག་ཉེས་དྲངས་ནའང་།  དོན་དུ་མི་རེར་ཁོག་རྩིས་རེ་ཡོད་དེ།  ཨ་རི་ནི་རྡོ་སྣུམ་གྱི་དོན་དུ་དམག་དྲངས་པ་ཡིན་ལ་དབྱིན་ཇི་ནི་ལོ་རྒྱུས་ཀྱི་རྨ་ཁ་དང་འབྱུང་ཁུངས་དོན་དུ་དམག་དྲངས་པ་ཡིན།  དེ་བས་ཧྥ་རན་སི་ནི་དགྲ་ལན་དུ་སོང་བའང་ཡིན།

                                               ༢༠༡༡ལོའི་ཟླ་༦ཚེས་༠.༠༩ལ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།