བདུད་ལྷ་རྒྱལ་གྱི་བཤད་ཁྲིད་དང་འབྲེལ་ཏེ་དེང་གི་དགེ་རྒན་རྣམས་ཀྱི་གནས་བབ་གླེང་བའི་གཏམ་ཁ་ཚ་ཅན།

                    --------  སློབ་མ་ལ་དོན་ལྡན་གྱི་ཤ་ཚ་དགོས་ན་ཐོག་མར་དགེ་རྒན་རང་ཉིད་ནས་དཔེ་ཀློག་བྱས་ཏེ་སློབ་མ་དང་གཞན་དག་གི་དཔེ་བལྟ་ས་ཞིག་ཏུ་གྲུབ་དགོས།
       ཐེངས་འདིར་དགེ་རྒན་བདུད་ལྷ་རྒྱལ་ལགས་ཀྱིས་ཉིན་ཞག་གཉིས་ཀྱི་དུས་ཚོད་སྤྱད་དེ་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོ་ནས་དགེ་རྒན་དང་སློབམ་རྣམས་ལ་འཆད་ཁྲིད་བྱས་ཤིང༌། འཆད་ཁྲིད་དེ་ནི་དགེ་རྒན་དང་སློབ་མ་རྣམས་ལ་མཚོན་ན ཡངས་པོའི་ས་ཆེན་ལ་ལྗོངས་རྒྱུ་ཐེངས་ཤིག་སོང་བ་དང་འདྲ་ཞིང༌། ལུས་ཕུང་ལ་ཁམས་པའི་ཞིམ་སྨན་རེ་འཐུང་བ་དང་འདྲ་བར་ཧ་ཅང་གི་དོན་སྙིང་ཤིན་ཏུ་ནས་གལ་ཆེའོ །།
     ཐོག་མར་དགེ་རྒན་གྱིས་སློབ་མ་རྣམས་ལ་སློབ་གསོ་དང་ན་གཞོན་སློབ་མ་རྣམས་ཀྱི་མི་ཚེ་ལྟ་ཚུལ་ཇི་ལྟར་ཆགས་དགོས་ཚུལ་གྱི་གཏམ་དོན་ལྡན་ཅན་བཤད་ཅིང༌།  དགེ་རྒན་རྣམས་ལ་ཁོ་རང་གི་སློབ་ཁྲིད་བྱེད་སྟངས་དང་བོད་ཀྱི་དེང་རབས་རྩོམ་རིག་གི་སྐོར་ནས་རང་གི་ལྟ་ཚུལ་ཡན་གར་བ་ཞིག་བཏོན་པ་ནི་དེར་འདུས་ཀྱི་དགེ་རྒན་རྣམས་ལ་མཚོན་ན་ཕུན་སུམ་ཚོགས་པའི་སློབ་ཁྲིད་ཅིག་ལ་ངོས་འཛིན་ཆོག  ཡིན་ཙང༌། འཆད་ཁྲིད་ནི་དེ་འདྲའི་དོན་དང་ལྡན་པ་ཞིག་ཡིན་མོད་ཀྱང༌།འཆད་ཁྲིད་སྐབས་སུ་དགེ་རྒན་རེ་གཉིས་གཉིད་ལོག་པ་དང་འགྲོ་འདུག་མང་པ། ཕར་བལྟས་ཚོད་དུ་སུན་སྣང་གིས་གཅུན་ཡོད་འདུག ཚུལ་དེ་ནི་བརྩི་མཐོང་གི་འདུ་ཤེས་མེད་པ་མཚོན་ལ་ཡོན་ཏན་མེད་པའི་ཚུལ་ཞིག་ཀྱང་ཞོར་ལ་ཤེས། དེ་ལས་ཀྱང་ག་ཆད་པ་ནི་རྒན་ལགས་ནས་མཇུག་ཐར་དགེ་རྒན་རྣམས་ཀྱི་དཔེ་ཀློག་བྱེད་དགོས་ཚུལ་འཆད་བྱུང་ལ་ཞོར་ཏུ་དཔེ་ཆ་སྐོར་ཞིག་ངོ་སྤྲོད་པ་དང༌།ཐ་ན་དཔེ་ཆ་དེ་དག་གི་མིང་བཤད་མོད་དགེ་རྒན་རེ་གཉིས་ལས་མ་གཏོགས་ཟིན་བྲིས་བཏབ་མ་བྱུང་བའི་ཚུལ་དེར་བསམ་ན་དངོས་གནས་ག་ཆད་བྱུང༌། ཚུལ་དེས་གསལ་ཁ་བྱིན་པ་ནི་ད་ལྟའི་དགེ་རྒན་རྣམས་ལ་དཔེ་ཀློག་གི་འདུ་ཤེས་མེད་པ། བསམ་གཞིག་གཏོང་བར་གོམས་མེད་པ། སློབ་མ་རྣམས་ལ་ཤ་ཚ་མི་ཤེས་པ། སློབ་སྦྱོང་བྱེད་འདོད་ཀྱི་ཧམ་སེམས་མེད་པ་སོགས་མཚོན་ཡོད་པ་རྟོགས་སྲིད་དོ །། སློབ་མ་རྣམས་ལ་ཤ་ཚ་མཁན་ཞིག་ཡིན་ཕྱིར་ཐོག་མར་རང་གིས་རིག་གནས་ལ་བརྩོན་སྦྱོང་བྱེད་མཁན་ཞིག་ཡིན་དགོས་ཏེ་སློབ་མ་རྣམས་ཀྱི་ཤེས་བྱའི་སྒྲིག་གཞི་ཇེ་མཐོར་གཏོང་བ། སློབ་མའི་བསམ་གཞིག་གི་ནུས་པ་ཆ་ཇེ་ཚང་དུ་གཏོང་ཤེས་པ། ད་ལྟའི་སློབ་མའི་སློབ་སྦྱོང་གི་སེམས་ཁམས་དང་ཁོར་ཡུག་གི་རྣམ་པ་བཅས་ལ་དབྱེ་ཞིབ་བྱེད་ཤེས་པ་ཞིག་ཡིན་པ་ནི་སློབ་མ་རྣམས་ལ་དོན་ལྡན་གྱི་ཤ་ཚ་མཁན་ཞིག་ཡིན་ནོ།།
  དེ་མ་གཏོགས་ངག་འཇམ་གྱི་སྐད་ཆ་བཤད་པ། བཙན་གྱིས་མི་སྐྲག་སློང་བ། འགྲོ་བདེ་འདུག་བདེ་གྱིས་སློབ་ཁྲིད་བྱེད་པ་ཞིག་ལ་མི་གོ །
  ད་ལྟའི་དུས་ནི་སྤྱི་ཚོགས་ཀྱི་འགྱུར་བག་ཆེ་ཞིང་ཟང་ཟིང་གིས་འཚོ་བས་དྭངས་གཙང་གི་སེམས་པ་བཅོམ་པ། ཕྱི་རོལ་གྱི་ཆོས་སྣ་ཚོགས་ཀྱིས་སློབ་མའི་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་ཡོངས་སུ་བརླག་ནས་ཡོད་པས་དགེ་རྒན་གྱིས་ཐབས་གང་ཡོད་འཐེན་ཏེ་སློབ་མའི་སེམས་ཁམས་སྙོམས་སྒྲིག་བྱེད་དགོས། སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་སྟེར་ཐུབ་པ། ཚུགས་ཐུབ་ཀྱི་མི་གཞི་ཞིག་ཆགས་དགོས་པར་ཕྱོགས་སུ་འབད་འོས། འོ་ན།  དེ་ལྟ་བུའི་ཞིག་ཏུ་ཇི་ལྟར་འགྱུར་དགོས་ཟེར་ན་རང་ཉིད་འགྲོ་ཤེས་འདུག་བྱས་ན་མི་འགྲིག་པར་དཔེ་ཆ་སྣ་མང་ཀློག་དགོས་ཀྱང༌། དུས་རྒྱུན་སློབ་གསོ་ཕྱོགས་སུ་ བསམ་གཞིག་གཏོང་དགོས་པར་མ་ཟད་བསམ་གཞིག་གི་གོམས་གཤིས་ཆགས་ཏུ་འཇུག་པ། སློབ་གྲྭའི་མགོ་ཁྲིད་ཀྱིས་དགེ་རྒན་རྣམས་ས་ཆ་མང་པོར་སློབ་སྦྱོང་དུ་མངགས་དགོས་ཀྱང་དགེ་རྒན་རང་ཉིད་ཀྱིས་ཀྱང་དབྱར་དགུན་གནང་གི་དུས་ཚོད་སྤྱད་དེ་རང་འགན་གྱིས་ས་ཕྱོགས་ཡར་མར་སློབ་སྦྱོང་དུ་འགྲོ་དགོས།  ངོ་མ་ཡིན་ཏེ། ཁོར་ཡུག་སྣ་གཅིག་ནས་བསྡད་དྲགས་ན་རང་ཉིད་ལ་འཕེལ་རྒྱས་མེད་པ་རང་གིས་ཤེས་དགོས། རང་ལ་འཕེལ་རྒྱས་ཡོད་པའི་ཚུལ་དེ་འོག་ནས་སློབ་གསོ་ཡག་པོ་ཞིག་སྐྱོང་ཐུབ་པར་ཁོ་བོ་ཡིད་ཆེས་ཀྱིས་ཁེངས། དེ་མིན་རང་གི་ཉམས་མྱོང་ཙམ་པོ་དེ་དང་ཁྲིད་ཐབས་རྙིང་བ་དེ་ཡིས་སློབ་གསོ་ཡག་པོ་ཞིག་དངོས་ནས་སྐྱོང་ཁག རྒྱུ་མཚན་ནི་སློབ་མ་རྣམས་ནི་ད་ལྟའི་སྤྱི་ཚོགས་གསར་བའི་མི་ཡིན་ནོ། །
མཇུག་མཐར་ཁོ་བོས་འདི་ནས་དེང་གི་དགེ་རྒན་ཡོངས་ལ་སྐད་དུ་བསྐུར་འདོད་པའི་སྐད་ཆའི་ལེགས་སྐྱེས་ཤིག་ཡོད་པ་ནི་ཀུན་ལ་བཤམས་ན་འདིའོ།།
དགེ་རྒན་གྱི་ལས་ཀ་རླབས་ཆེན་ཞིག་ཡིན་པ་བསྐྱར་དུ་གོ་བ་ལེན་དགོས་ཤིང༌། དགེ་རྒན་ལ་མི་རིགས་ཀྱིས་བཅོལ་བའི་རེ་འདུན་དང་རྒྱལ་ཁབ་ཀྱི་བཅོལ་བའི་རེ་འདུན། སྤྱི་ཚོགས་ཁོར་ཡུག་གི་བཏོན་པའི་རེ་འདུན། ཐ་ན་དགེ་རྒན་ནི་བླ་སྲོག་བསྐྲུན་མཁན་ཞིག་ཡིན་ཞེས་ལབ་ན་ཚད་ལས་བརྒལ་མེད་ཀྱང་ཚད་མཐོ་བའི་རིན་ཐང་དེ་མདོག་མེད་པ་ཞིག་ཏུ་མི་གཏོང་བར་ཞུ་ཞུ།
                                                                                   2011/5/22ཉིན་གྱི་དགོང་མོར་དུས་ཚོད་གཅིག་སྟེང་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདུད་ལྷ་རྒྱལ་གྱི་བཤད་ཁྲིད་དང་འབྲེལ་ཏེ་དེང་གི་དགེ་རྒན་རྣམས་ཀྱི་གནས་བབ་གླེང་བའི་གཏམ་ཁ་ཚ་ཅན།

2011-06-01 ཨ་མདོ་ལོ་ལོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།