ཁ་བའི་མགྲོན་པོ།

                                  ___བུ་གངས་དཀར་ལ་བྲིས་པ།
     རེ་སྒུག་གི་ཉིན་ཞག་ཁྲོད་ནས། ཁྱོད་ངུ་སྐད་ལྷང་ལྷང་གིས། ཨ་ཕའི་སེམས་རྟེན་ཏུ་འགྱུར་དུས། ངས་སེམས་ཆུང་གིས། ཉིན་མཚན་གྱི་གོ་རིམ་མེད་པར། ཁྱོད་ཀྱི་རྨི་ལམ་གྱི་ལྟེབས་ཁུགས་རེ་རེར་འཛུལ་ནས།  ཁྱོད་ཀྱི་ངུ་སྐད་ལ་གསལ་ཆ་ཡོང་བར་སྟ་གོན་བྱ་འོས། 
    དགོང་མོ་དེར། ཨག་སྐད་ལྷང་ལྷང་གིས། ཨ་ཕ་ལ་དགའ་སྐྱོ་ཟུང་གི་མཆུ་མ་ལུད་དུས། མིག་ཟུང་རིག་རིག་གིས། ཨ་ཕ་ལ་སེམས་བདེ་བག་ཕེབས་ཀྱི་ཚོར་སྣང་སྦྱིན་དུས། ཁྱོད་ནི་ཨ་ཕའི་ཚེ་སྲོག་དང་འབྲེལ་ཡོད་པའི། དབུགས་ཀྱི་གཏོང་ལེན་ཞིག་དང་ཀུན་ནས་མཚུངས།
    ཉིན་རེར་ལོན་བཞིན་པའི་ལང་ཚོ་ཆུང་ཆུང༌། རྨི་ལམ་གྱི་མཛེས་ལྗོངས་ལ་གཡེང་འདུག གཉིད་ཀྱི་བདེ་བ་ལ་ཆགས་འདུག སྙིང་རྗེ་བའི་ངོ་གདོང་ཆུང་ཆུང་ནས། ལྷད་མེད་དྭངས་གཙང་གི་མི་གཤིས་ཤིག་མངོན་ཡོང་བས། ཁྱོད་གཉིད་ཁུག་པའི་རྣམ་པ་དེར། ཨ་ཕའི་ཡིད་སེམས་དབང་མེད་དུ་ཤོར་སོང༌།
    ཇི་འདྲའི་ཡིད་དུ་འོང་ཤིང༌། དྲན་ཤིང་ཏུ་གྱུར་གྱིན་པའི་གདོང་གི་རྣམ་འགྱུར་རེ་རེས། འཚོ་བའི་བདེ་སྐྱིད་ཀྱྀ་དགོད་སྒྲ་འཁྱེར་ཡོང་ལ། མཛའ་བརྩེ་ལྷོད་མེད་ཀྱི་དར་སྐུད་འཐེན་ཡོང༌། གཅེས་ཕྲུག ད་ལྟ། ཨ་ཕ་འཚོ་བའི་བདེ་སྐྱིད་ཀྱིས་བཟིས་ནས་ཡོད།
     ཁྱོད་རང་བང་ལ་ཉར་ཐེངས་རེར། ཁྱོད་ལ་དགོད་ཁ་སློང་ཐེངས་རེར། ཨ་ཕ་ཞེས་པའི་ཐ་སྙད་འདིས། བརྩེ་སྣང་གིས་སྟོབས་ཤུགས་ཤིག་སྦྱིན་ཡོང་ལ། གཅེས་སྐྱོང་གི་རིན་ཐང་ཞིག་བསྩལ་སོང༌། གཅེས་ཕྲུག ཁྱོད་ཡོད་པ་ནས་བཟུང༌། ཨ་ཕའི་སྒྱིད་ལུག་གི་རྣམ་པ་བསྒྱུར་ཐལ། ཨ་ཕའི་ཉོབ་སྣང་གི་སེམས་ཁམས་གསོས་ཐལ།
    ནག་ནོག་གིས་མ་གོས་པར། འོད་ཀྱི་གཤོག་པ་བཞིན་བརྐྱོངས་ནས་ཤོག་དང༌། ངན་གོམས་ཀྱིས་མ་སླད་པར། གངས་རིའི་བུ་རྒྱུད་རྣལ་མ་ཞིག་བྱས་ནས་ཤོག་དང༌། ཨ་ཕས། གེགས་མེད་གསོལ་བ་འདེབས་ཀྱིན། ནམ་ཡང་ཁྱོད་རང་མིག་གིས་འཚོས་ནས་ཡོད། གཅེས་ཕྲུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བའི་མགྲོན་པོ།

2011-05-21 བྱ་སྨྱོན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།