མཚོ་སྔོན་པོ་ཚང་ལ་འདི་ལྟར་བལྟས་ཡོད།

  ངས་དེ་རིང་འདིར་གླེང་འདོད་པ་ནི་མཚོ་སྔོན་པོ་ཟིན་བྲིས་ཚང་ན་ཤི་ཉལ་རོ་ཉལ་བྱེད་མཁན་གྱི་མི་བུ་འགའ་ཞིག་ལ་རང་གི་བསམ་ཚུལ་ཞིག་བཤད་འདོད་བྱུང་།
 དེ་ཡང་ཟིན་བྲིས་ཀྱི་གཙོ་བདག་གམ་དོ་དམ་པ་དག་གིས་དཀའ་བ་མཐའ་དག་ཁྱད་དུ་བསད་ནས་ང་ཚོ་རྩོམ་རིག་ལ་དགའ་མཁན་དག་ལ་འདི་འདྲའི་ཞིང་ས་འཐུས་ཚང་ཞིག་བསྐྲུན་ཡོད་པས། ང་ཚོས་འདི་ལ་ཅིས་ཀྱང་གཅེས་སྤྲས་བྱ་དགོས་པ་ལས་དོན་མེད་ལོང་གཏམ་བསྒྲག་ས་ཞིག་ཏུ་ཡེ་ནས་འདོད་མི་རུང་།དེང་སྐབས་འགའ་ཞིག་གི་ཟིན་བྲིས་ལ་རྒྱུ་སྤུས་ཀྱི་སྐད་ཆ་བཤད་དཀའ་ན་ཡང་ཡིག་ནོར་གྱི་གསེབ་དུ་ལུས་ཡོད་པ་ནི་འགན་འཁྲི་ཅན་དག་གིས་ཁ་ནས་མ་ཎི་འདོན་པ་ལྟར་ཇི་ལྟར་བཤད་ན་ཡང་། ད་དུང་འཛེམ་དོགས་ཅི་ཡང་མེད་པར་མུན་ནག་གི་དོང་ནང་ལ་ལག་ཟུང་སྨྱོ་ཧམ་གྱིས་སྲིང་གིན་འདུག་པས་དེ་དག་གིས་རང་ཉིད་ལ་བདག་པོ་བརྒྱག་རན་འདུག་ལ་འགན་འཁྲི་ཟེར་བའི་ཐ་སྙད་དེ་ལ་ཡང་བསམ་གཞིག་གཏོང་རན་རེད་བསམས།  ད་དུང་དེ་ལས་གཞན།  རང་ཉིད་ཟིན་བྲིས་སྤེལ་མཁན་ཞིག་ཡིན་པའི་ཆ་ནས་བལྟས་ན།  འགའ་ཞིག་གིས་སྤུས་ཚད་དང་གྲངས་ཀ་ལས་གྲངས་ཀ་གཙོ་བོར་འཛིན་དྲགས་པས་ཟིན་བྲིས་པ་མང་པོ་ཞིག་ལ་སུན་པོ་བཟོ་བཞིན་མཆིས།  ཉིན་གཅིག་ལ་ཟིན་བྲིས་མང་པོ་མཉམ་དུ་སྤེལ་ནས་ཟིན་བྲིས་པ་མང་པོ་ཞིག་གི་རྩོམ་ཡིག་ལ་ལྟ་མཁན་མེད་པར་གྱུར་ཡོད།  ཉིན་རེར་ཟིན་བྲིས་མང་བོ་སྤེལ་མཁན་གྱི་མི་གཅིག་གིས་ཟིན་བྲིས་ཀྱི་ངོ་གདོང་ཡོངས་སུ་བཟུང་ཡོད་པས་འདི་ལྟར་སོང་ན་ཁྱེད་ཀྱི་ཟིན་བྲིས་ལ་ཡང་ཀློག་པ་པོ་མེད་ལ་མཚོ་སྔོན་པོ་ཟིན་བྲིས་ལའང་ནག་ཐིག་ཕབ་སྲིད།
  ད་དུང་ཁྱེད་ཀྱིས་རང་ཉིད་ལ་གསར་རྩོམ་མེད་ན་ཡང་གཞན་གྱི་བརྩམས་ཆོས་དག་ལས་རང་ཉིད་ཀྱི་འདོད་པ་ལྟར་གང་འདོད་དུ་མང་པོ་ཞིག་སྤེལ་ན་དངོས་གནས་རིན་ཐང་མེད་པར་བསམས།  ལྷག་པར་དུ་ང་ཚོའི་ལག་ཏུ་འབྱོར་སླ་བའམ་ནང་དོན་དེ་འདྲའི་རྩ་ཆེན་མ་ཡིན་པ་དག་ལ་ཚང་མ་སྤྲོ་བ་མེད་པས་ཁྱེད་ཀྱིས་དོན་མེད་ལ་དཀའ་ལས་མི་བརྒྱག་རོགས།  གལ་ཏེ་བརྩམས་ཆོས་ཀྱི་ནང་སྙིང་ཕུན་སུམ་ཚོགས་ཤིང་ཀུན་གྱི་ལག་ཏུ་ཡོང་དཀའ་བའི་རིགས་སྤེལ་ན་ཚང་མ་ལོས་འཐད་སྙམ། དེ་མིན་ཉིད་ཀྱིས་སྒེར་གཅོད་ཀྱི་བསམ་པ་དེ་དོར་ནས་གནས་འདི་ཡི་བདག་པོ་ཡག་ཤོས་ཤིག་བྱ་རྒྱུ་ཧ་ཅང་གལ་ཆེ་བར་འདོད། གལ་ཏེ་མུ་མཐུད་དུ་འདི་ལྟར་སོང་ན་མཚོ་སྔོན་པོ་ཟིན་བྲིས་ནི་ཀློག་པ་པོ་དག་གི་མིག་ནང་ནས་སྒེར་གཅོད་པའི་སྤྱོད་ཁང་ལྟ་བུ་ཞིག་ཏུ་མི་སེམས་པའི་ངེས་པ་ཡང་མེད་པར་མཐོང་། ཚུལ་འདི་ལ་དོ་དམ་པས་ཀྱང་བསམ་གཞིག་རེ་གཏང་དགོས་པར་འདོད། ངས་བསམ་ཚུལ་ལྟར་ན་མི་སྒེར་གྱིས་ཉིན་གཅིག་ལ་ཟིན་བྲིས་གཅིག་ནས་གཉིས་མ་གཏོགས་མི་སྤེལ་བ་དང་གལ་ཏེ་གསར་འགྱུར་དང་བརྩམས་ཆོས་གལ་ཆེན་རེ་ཡོད་ན་དམིགས་གསལ་གྱིས་སྤེལ་ནས་ཟིན་བྲིས་འདི་གོ་རིམ་ཅན་ནམ་སྤུས་ལེགས་ཅན་དུ་གཏོང་རྒྱུ་ཧ་ཅང་གལ་ཆེ་བར་བསམ།  དེ་མིན་ཆབ་སྲིད་ཀྱི་གནད་དོན་མེད་པ་ཞིག་ཡིན་པ་ཙམ་གྱིས་གང་འདོད་དུ་སྤེལ་བ་དང་གང་འདོད་དུ་བཤེར་བ་ཡིན་ན་མ་འོངས་པར་གད་སྙིགས་ཁྲོད་ཀྱི་མཚོ་སྔོན་པོ་ཚང་མི་ཟེར་བའི་ངེས་པའང་གཏན་ནས་མེད་པར་འདོད་དོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་པོ་ཚང་ལ་འདི་ལྟར་བལྟས་ཡོད།

2012-01-15 ཏཱ་ནི་སྦྱིན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།