དྲན་འཆར་ཀློང་།༢

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-14

                                  ༨
  འགྱུར་མེད་ཀྱི་གྲོགས་པོ་དང་འགྱུར་མེད་ཀྱི་དགྲ་ཟླ་ཞིག་ཡོད་དུ་མ་མཆིས་ལ། ཁེ་ཕན་ཁོ་ན་ནམ་ཡང་བདེན་པར་བཤད། ཕན་ཚུན་བེད་སྤྱོད་དང་རང་རྒྱལ་གཞན་ཕམ་སྲོག་ཏུ་བྱས་པའི་ཁེ་ཕན་རིང་ལུགས་པ་ཚོར་གཞིགས་ན། མི་ཚེ་འདི་དང་འཚོ་བ་འདི་ནི་ཆེས་འཇིགས་རུང་གི་གཡུལ་ས་ཙམ་ལས་མ་འདས།
                               ༩
  བོད་ཀྱི་ཤེས་ལྡན་པ་ཞིག་གིས་རང་ཉིད་ཀྱི་ལག་དམར་རང་ཉིད་རེད་འདུག  ངས་ཅི་ལྟར་དྲག་ཆས་བཟུང་ནས་དགྲ་ཤ་རྩོད་ཅེས་རྩོམ་བྱང་ཞིག་ཏུ་བཀོད་འདུག  རང་བཀུར་དང་རང་གཅེས།  རང་བདག་གི་འདུ་ཤེས་ཞན་པའི་མདོ་མེད་དག་ལ་མཚོན་ན།  བསམ་སྦྱོར་མ་ལུས་རང་གི་མགོ་བོ་མཆན་ལ་བཅུག་སྟེ་གཅོད་པར་རྩོམ་པའི་གོ་རིམ་ཤ་སྟག་ཡིན།
                            ༡༠
  མའོ་ཙེ་ཏུང་གིས་ཟས་ཟ་བ་ནི་འཚོ་བའི་ཆེད་དུ་ཡིན་ལ།  འཚོ་བ་ནི་ཟས་ཟ་བའི་ཆེད་དུ་མ་རེད་ཅེས་བྲིས་འདུག  ལྟོ་གོས་ཙམ་གྱི་ཕྱིར་དུ་སྲོག་བསྡོས་ཀྱིས་འབད་པ་དང་།  གཞན་ཕན་གྱི་ཀུན་སློང་ཏིལ་འབྲུ་ཙམ་ཡང་མེད་པའི་མི་ཞིག་ཡིན་ཚེ།  དལ་འབྱོར་དོན་ལྡན་གྱི་ལུས་རྟེན་འདི་ནི་ཟས་སྣོད་ཅིག་གམ་ཡང་ན་ཟས་འཇུ་བྱེད་ཀྱི་འཕྲུལ་ཆས་འབའ་ཞིག་གོ
                         ༡༡
  རྒྱའི་ངག་རྒྱུན་དུ་སྨན་ཁང་ནི་ཕྱུག་པོ་འགྲོ་ས་དང་།  བཙོན་ཁང་ནི་དབུལ་བོ་འགྲོ་ས་ཡིན་སྐད།  བདེན་པ་དང་གནས་ལུགས་ཐེད་ལ་གཡུགས་པའི་ཁོར་ཡུག་ཅིག་ཏུ།  འདྲ་མཉམ་དང་ཐོབ་ཐང་ནི་ཤེས་ཡོན་པ་གླེན་པ་ཚོའི་ཁ་ན་ལུས་པའི་ཐ་སྙད་སྐམ་པོ་ཞིག་ཡིན།
                         ༡༢
  ཀུ་ཤུའི་ཚོང་རྟགས་གསར་གཏོད་མཁན་དང་ཕུལ་དུ་བྱུང་བའི་ཚན་རིག་པ་ཆའོ་པོ་སིས་ཁྱེད་རང་གསོན་པ་ནི་འཇིག་རྟེན་ལ་འགྱུར་བ་གཏོང་ཕྱིར་ཏེ།  དེ་མིན་གྱི་རྒྱུ་རྐྱེན་ཞིག་ཡོད་སྲིད་དམ་ཞེས་གཏམ་བཤད་གནང་འདུགརྨོངས་མུན་གྱི་མཚན་ལྗོངས་སུ་རྟོགས་སད་ཀྱི་འོད་སྣང་སྦར་བའི་སྐྱེས་ཆེན་ཚོ་ནི། དུས་རབས་ཀྱི་ཡང་རྩེར་བསྙེག་
པའི་འགྲུལ་སྐྱེལ་བ་དང་མཚུངས་པར།  ཤེས་འཐོམས་ཀྱི་མིའི་གཟུགས་ཅན་རྣམས་སྔོན་ཐོན་གྱི་གནས་ས་དག་ཏུ་ཁྲིད་ཅིང་འོངས།
                         ༡༣
  མར་ཁེ་སིས་མིར་ཤེས་ཡོན་ལྡན་པ་ཡིན་ན།  དབང་པོ་ལྷག་མ་ལྡན་པ་དང་ཀུན་ནས་མཚུངས་པར་གསུངས།རྣམ་དཔྱོད་ཀྱི་གློག་ཞགས་མྱུར་ཞིང་དཔྱོད་ཤེས་ཀྱི་མིག་རྒྱང་རིང་བའི་ཤེས་ལྡན་པ་ཚོར་བལྟས་ན།  ཏག་ཏག་དབང་པོ་ལྷག་མ་ཞིག་མཆིས་པ་དང་གཉིས་སུ་མ་མཆིས།
                         ༡༤
  གཡུ་ཐོག་ཡོན་ཏན་མགོན་པོས་བོད་ཀྱི་མཁས་པ་དང་ཨེམ་རྗེ་ཚང་མ་སྤྲང་པོ་ཡོང་བར་ཤོག་ཅེས་སྨོན་ཚིག་བོར་སྐད། རྒྱས་སྤྲས་ཀྱི་འཚོ་བ་དང་འཛད་མེད་ཀྱི་ལོངས་སྤྱོད་དེས་རི་རྒྱལ་གྱི་ཐེག་ཚད་འདེགས་པར་སྤོབས་པའི་གྱད་མི་རེ་རེ་ཞ་འཐེང་ཅན་དུ་བྱས་འདུག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་འཆར་ཀློང་།༢

2012-01-14 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།