ཚིགས་བཅད་སྙན་ངག་རིང་བོ་ཞིག་བྲིས་རྗེས་ཀྱི་དབུགས་དབྱུང་།

ཁ་བྱང་།    སྟོང་བའི་ལེའུ།
རྣམ་པ།    སྙན་ངག
རྗོད་བྱེད།    ཚིགས་བཅད།
བརྗོད་བྱ།    སྟོང་བ་དང་རྟེན་འབྱུང་སོགས།
ཚན་པ།    དབྱངས་ཀྱི་ཆོ་ག    ཤེས་པའི་རོལ་རྩེད།  སྟོང་བའི་ཆོ་འཕྲུལ།  སྟོང་བའི་ཐིག་ལེ།
རིང་ཚད།   ཤོ་ལོ་ཀ ༡༠༥
ཡིག་རིགས།   བོད་ཡིག
བརྩམས་པའི་དུས་ཡུན།   ༢༠༠༡_༢༠༡༡
ས་གནས།   བོད།
རྩོམ་པ་བོ།   གཟི་མིག་གསུམ་པ།
   བདག་གི་<<སྟོང་བའི་ལེའུ>>ཞེས་པའི་སྙན་ངག་རིང་བོ་འདི་སྤྱི་ལོ་༢༠༠༡ལོར་འབྲི་མགོ་བརྩམས་ཤིང་། སྤྱི་ལོ་༢༠༡༡ལོའི་ལོ་མཇུག་ཏུ་བྲིས་ནས་ཡོངས་སུ་མཇུག་རྫོགས་པ་སྟེ།  ཁྱོན་བསྡོམས་ལོ་འཁོར་༡༠ཡི་དུས་ཡུན་ནང་བྲིས་པ་ཞིག་ཡིན།
  བརྩམས་ཆོས་གང་ཞིག་འབྲི་སྐབས་ས་གནས་དང་དུས་ཚོད་ཀྱི་ཚོད་འཛིན་མེད་པར་རང་དབང་གང་བདེའི་ངང་འབྲི་རྒྱུ་ནི་བརྩམས་ཆོས་གང་དེ་ཡག་པོ་ཞིག་འཁྱོངས་པའི་རྒྱུ་རྐྱེན་གཙོ་བོར་མཐོང་།  དེ་བས།  སྙན་ངག་གི་ཆེད་དུ་སྙན་ངག་འབྲི་བ་ནི་སྙན་ངག་ལོག་ལམ་དུ་འཁྲིད་པ་ཉིད་ལས་མ་འདས་ཤིང་།  ཡང་ན་གོ་རིམ་དང་དམིགས་ཡུལ་འདྲ་མིན་ཡོད་པའི་སྒོ་ནས་རྩོམ་ཡིག་འབྲི་བ་ནི་རྩོམ་རིག་སྒྱུ་སྩལ་གྱི་ཁྱབ་ཁོངས་ནས་ཕྱིར་དབྱུང་གཏང་དགོས་པའི་བྱ་སྤྱོད་ཐ་ཤལ་གྱི་རིགས་སུ་གཏོགས།
བདག་གིས་སྙན་ངག་འདི་འབྲི་མགོ་རྩོམ་དུས་དམིགས་བསལ་ལོ་ག་ཚད་ཀྱི་རིང་ལ་འབྲི་དགོས་མིན་དང་ཤོ་ལོ་ཀ་ཅི་ཙམ་གྱིས་འགྲུབ་ཏུ་འཇུག་དགོས་མིན་སོགས་ཀྱི་འཆར་གཞི་ཅི་ཡང་མེད་ནའང་།  བྲིས་ཀྱིན་བྲིས་ཀྱིན་དཀའ་ངལ་ལྟ་བུའི་བསམ་གཞིག་མང་བོ་ཞིག་གིས་ལོ་ངོ་བཅུ་ཡི་དུས་ཚོད་ཅི་ལྟར་འདས་སོང་བའང་མ་ཤེས།   སྙན་ངག་འདི་འབྲི་བའི་གོ་རིམ་ཁྲོད་མཚམས་མཚམས་སུ་ཉིན་རེར་ཤོག་ངོས་གཉིས་གསུམ་རེ་འབྲི་ཐུབ་པ་དང་།  ལན་རེར་ཉིན་རེར་ཤོ་ལོ་ཀ་གཅིག་རེ།  ཡང་ན་སྐབས་སྐབས་སུ་ལོ་གཅིག་གི་རིང་ཤོ་ལོ་ཀ་གཅིག་རེ་མི་ཕྲིས་པའི་སྣང་ཚུལ་ཡང་བྱུང་མྱོང་ཡོད།  དེ་བས།  གྲོགས་པོ་ཚོས་ཀྱང་བདག་མི་སྒྱིད་ལུག་ཅིག་རེད་ཟེར། ཡིན་ནའང་སྙན་ངག་འདིར་མཚོན་ན་བདག་གིས་སྒྱིད་ལུག་གིས་དུས་ཚོད་མང་བོ་ཞིག་བེད་སྤྱོད་དམ་ཡང་ན་འཕྲོ་བརླག་ཏུ་བཏང་ནས་བྲིས་པ་ལས།  མི་གཞན་དག་ནང་བཞིན་རྣམ་དཔྱོད་གློག་ཞགས་འཁྱུག་འཁྱུག་བྱས་ཏེ་སྐད་ཅིག་ལ་བྲིས་ནས་ཚར་བ་ཞིག་ཁྱོན་ནས་མ་རེད་སྙམ་བྱུང་།
  གང་ལྟར་དེ་རིང་སྙན་ངག་རིང་བོ་འདི་བྲིས་ནས་ཡོངས་སུ་རྫོགས་སོང་བས།  དུས་ཚོད་འོས་འཚམ་གྱི་ནང་ལ་དབུགས་དབྱུང་ལྟ་བུའི་ངལ་གསོ་ཡག་པོ་ཞིག་བྱེད་འདོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིགས་བཅད་སྙན་ངག་རིང་བོ་ཞིག་བྲིས་རྗེས་ཀྱི་དབུགས་དབྱུང་།

2012-01-14 གཟི་མིག་གསུམ་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།