བདུད་ལྷ་རྒྱལ་ཉོག་གིན་འདུག

དགུ་རོང་སྤུན་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-07

  སྣང་སྲིད་ཀྱི་ཆོས་ཅི་ཞིག་ཡིན་ཀྱང་དེ་ལ་རང་རང་གི་ངོ་བོ་མཚོན་པའི་ཆོས་ཉིད་རེ་ཡོད་པ་དང་། ཆོས་ཉིད་དེ་དག་ལ་ཡང་སྒྲ་རྟོག་གིས་བཞག་ཙམ་དང་བཞག་ཙམ་མ་ཡིན་པའི་ལྡོག་ཆོས་དང་མཚུངས་ཆོས་མང་པོ་ཡོད་པརེད། སྤྱིར་ཤེས་པ་ཡུལ་ལ་འཇུག་པའི་ཚེ་ན། ཤེས་པ་དེ་དང་ཡུལ་དེ་གཉིས་ཀྱི་དབར་དུ་དབང་པོ་ཞིག་གིས་མཚམས་སྦྱར་ནས་གཞལ་བྱའི་ངོ་བོ་དེ་ཉིད་གསལ་རིག་དང་སྒྲ་དོན་འདྲེས་རུང་གི་ཚུལ་དུ་ཤེས་པ་དེས་མྱོང་བར་བྱེད།  དེ་བས། བྱེ་བྲག་གི་གཞལ་བྱ་གང་ཞིག་འུ་ཚོའི་བློ་ཡུལ་དུ་འཆར་བའི་ཚེ།  གཞལ་བྱ་དེ་ཉིད་ལ་སྒྲ་རྟོག་གང་རུང་ཞིག་གིས་བརྡ་སྦྱར་ཏེ་འུ་ཚོའི་ཤེས་རྟོགས་ཀྱི་ངོ་བོར་གྲུབ་པར་བྱེད།  འུ་ཚོ་མི་རུ་སྐྱེས་པ་ནས་བཟུང་འུ་ཚོའི་དབང་པོ་དག་བརྡ་གསར་བས་གསོས་འདེབས་ཀྱིན་ཡོད་པས་ཚོར་བྱེད་དབང་པོ་དག་ཉིན་ཞག་གི་འགྲོས་དང་བསྟུན་ནས་རྣོ་གསལ་གྱི་རང་བཞིན་ལ་འཕེལ་གྱིན་ཡོད།  
  ཕྱི་ནང་གི་དངོས་པོ་གང་ཞིག་ཡིན་ཀྱང་དེ་ཉིད་གྲུབ་པའི་སྐད་ཅིག་དང་པོ་ནས་བཟུང་ངོ་བོ་འགྱུར་རུང་གི་རྣམ་པ་ཅན་དུ་གྲུབ་ཡོད་པས། འགྲོ་བ་མིའི་ཤེས་རྟོགས་ཞེས་པ་ཡང་དེ་ལས་མ་འདས། ངོ་བོ་འགྱུར་རུང་གི་འགྲོ་བ་མིའི་ཤེས་རྟོགས་ནི་ཐོས་བརྩོན་དང་བསམ་གཞིག་གི་མྱངས་འབྲས་ཤིག་ཡིན་སྟབས།  དུས་དང་རྣམ་པ་ཀུན་ཏུ་འཕེལ་བའམ་འགྱུར་བའི་རང་བཞིན་ལ་གནས་ཡོད། དེའི་ཕྱིར།  འུ་ཚོས་ཤེས་རྟོགས་ཀྱི་ངོ་བོར་གཞིགས་ཏེ་གླེང་ན། འཚོལ་ཞིབ་ནི་མཐའ་གཉིས་སུ་མ་ལྷུང་བའི་བསམ་བློའི་རྣམ་པ་ཞིག་ཡིན་སྟབས། སྐབས་འདིར་བཤད་བྱ༼བདུད་ལྷ་རྒྱལ་ཉོག་གིན་འདུག༽ཅེས་པའང་དེ་ལས་མ་འདས་སོ།།
  སྤྱི་ཟླ་སྔོན་མའི་ཚེས༢༩ཉིན༼སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ༽སྤྲོད་པའི་འདུ་ཚོགས་བསྡུས་ཤིང་། དགེ་རྒན་བདུད་ལྷ་རྒྱལ་ལགས་སུ་དཔྱོད་བརྗོད་རྩོམ་རིག་གི་བྱ་དགའ་གནང་སྟེ། ཁོང་གིས་རྩོམ་རིག་བྱ་དགའ་ཐོབ་མཁན་དག་གི་ཚབ་བྱས་ཏེ་གཏམ་བཤད་གནང་། གཏམ་བཤད་དེ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ་ལས་པར་བཤུས་བརྒྱབ་ནས་སེང་རྡོར་དྲ་བར་བརྒྱུད་འགོད་བྱས་འདུག དེ་ནས་རྩོམ་ཡིག་འཕགས་ཤོས་སུ་བདམས་ཐོན་བྱུང་། དེའི་རྗེས་སུ་དྲ་བའི་སྐར་ཆེན་དག་གི་དྲ་ངོས་སུ་ཡང་གཟི་འོད་ལྷེམ་ལྷེམ་དུ་འཕྲོ་ཞིང་འཚེར། ཁོ་བོས་དེ་ཉིད་ཀློག་སྐབས་བདུད་ལྷ་རྒྱལ་གྱི་མགོ་ཉོག་གིན་ཡོད་པའི་སྣང་བ་ཞིག་བྱུང་སྟེ་ཞིབ་ཀློག་བྱས་པ་ཡིན། ཁོང་གིས“དངོས་པོ་དང་དཔལ་འབྱོར་དོན་དུ་གཉེར་བ་འཇིག་རྟེན་བྱ་བཞག་ཀུན་གྱི་ལྟེ་བ་རུ་བྱེད་པ་འདི་དེང་འདིར་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྲུབ་ཚར། འཕེལ་ཕྱོགས་འདིའི་ཤན་ཤུགས་ཀྱིས་ད་ལྟ་བོད་ཡུལ་དུའང་འཕོ་འགྱུར་གསར་བ་བྱུང་ནས་མི་ཚེའི་ལྟ་ཚུལ་གསར་བ་ཞིག་དང༌། རིན་ཐང་ལྟ་ཚུལ་གསར་བའི་ཞིག་བསྐྱེད་བཞིན་ཡོད་ལ། དེའི་འོག་ནས་ད་ལྟ་ཚང་མའི་སེམས་ཀྱི་གཏིང་རིམ་ན་འཇིག་རྟེན་ཕན་ཁེ་རིང་ལུགས(功利主义)ཀྱི་ལྟ་གྲུབ་གསར་བ་ཞིག་ཆགས་བཞིན་ཡོད།” ཅེས་གསུངས་འདུག ཁོང་གིས་ནུབ་ཕྱོགས་ཀྱི་རང་དབང་རིང་ལུགས་པའི་མཁས་པ་དག་གི་ལྟ་གྲུབ་དང་། ལྷག་ཏུ་དབྱིན་ཇིའི་མཚན་ཉིད་རིག་པ་བ་མེལ(John Stuart Mill, 1806–1873) ལགས་ཀྱི་ལྟ་གྲུབ་གཙོ་བོར་གྱུར་པའི(Utilitarianism) ཞེས་པར་གོ་བ་ནོར་ཏེ། རྒྱ་ཡིག་ཏུ་འགྱུར་ཡོད་པའི(功利主义) ཞེས་པ༼ཕན་ཁེ་རིང་ལུགས༽ཞེས་པར་བསྒྱུར་ནས་མེལ་གྱི་སྐད་ཆ་ལོག་བཤད་གནང་འདུག  རྒྱ་འགྱུར་མིང་བརྡ་དེ་ནི་དབྱིན་ཡིག་གི་མིང་བརྡར་བསྟུན་ཚེ་འགྱུར་བ་ལོག་ལམ་དུ་ཕྱིན་ཡོད་འདུག
  གོང་དུ་བཤད་པའི་བདུད་ལྷ་རྒྱལ་གྱི་སྐད་ཆའི་ཤུགས་སུ་ཕྱིའི་དངོས་པོའི་དཔལ་ཡོན་དོན་གཉེར་བྱེད་པ་ནི་ད་ལྟའི་ལོ་རྒྱུས་ཀྱི་འཕེལ་ཁ་ཞིག་ཏུ་གྱུར་ཡོད་སྟབས། མི་རྣམས་དེའི་ཕྱོགས་སུ་འཁོར་ཏེ། ནང་སེམས་ཀྱི་འཇིག་རྟེན་ལྟ་ཚུལ་ཉམས་ཞན་དུ་འགྲོ་བཞིན་ཡོད་པ་དང་།  དེ་ནི་མིའི་མངོན་འདོད་གཙོ་བོར་གྱུར་པའི་ཕན་ཁེ་རིང་ལུགས(功利主义)ཀྱི་ལྟ་གྲུབ་དེའི་རྐྱེན་ཡིན་ཚུལ།  བོད་པ་རྣམས་ཀྱང་ལྟ་གྲུབ་དེའི་འོག་ཏུ་ཚུད་ཀྱིན་ཡོད་རབས་བཤད་ནས་དེ་ལ་ཡི་མ་རངས་པའི་རྣམ་པ་ཞིག་སྟོན་བཞིན་གདའ་འོ།། སྤྱིར་ཁོང་གིས་དེ་ལྟར་ལབ་ཆོག་ཆོག་ཅིག་རེད། ཡིན་ནའང་། ནུབ་ཕྱོགས་རང་དབང་རིང་ལུགས་ཀྱི་ལྟ་གྲུབ་ཏུ་གྱུར་པའི༼མཁོ་ཕན་རྩ་འཛིན་རིང་ལུགས༽(Utilitarianism)སུ་གྲགས་པ་གང་དེ། རྒྱ་ནག་གི་སྐད་དུ་འགྱུར་ལོག་ཆགས་ཡོད་པའི(功利主义)ཞེས་པ་དེས། དོན་གྱི་གཤའ་མ་ཉིད་མཚོན་ཐུབ་ཡོད་མེད་ལ་རྟོག་དཔྱོད་ཅི་ཡང་མེད་པར། འགྱུར་ལོག་དེ་ནི་ཁོང་གི་སྐད་ཆ་དེའི་སྒྲུབ་བྱེད་དུ་བཀོད་འདུག འདི་ལ་ངེད་རང་ཡེ་ནས་འཐད་པ་རང་མི་འདུག་པས་རྩོམ་ཐུང་ཞིག་གི་ཚུལ་དུ་སྦྱོར་བར་བྱ།
  ཁོང་གིས་གོང་དུ་དྲང་པའི་རྒྱ་ཡིག་གི་མིང་བརྡ(功利主义)ཞེས་པ་དེ། དབྱིན་ཡིག་སྐད་དུ(Utilitarianism) ཞེས་པར་གྲགས། དེ་ནི་ཀུན་སྤྱོད་རིག་པའི་བརྡ་སྐད་ཅིག་རེད་ལ། འགྲོ་བ་མིའི་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་སུ་འཇལ་བྱེད་ཀྱི་རྣམ་གཞག་ཅིག་ཀྱང་རེད་འདུག བོད་ཀྱི་སྐད་དུ༼མཁོ་ཕན་རྩ་འཛིན་རིང་ལུགས༽སུ་འགྱུར་འདུག ད་དུང་རྣམ་པའི་ཆ་ནས ༼འབྲས་གཙོ་རིང་ལུགས༽(consequentialism) ཟེརབ་ཞིག་ཀྱང་ཡོད་པ་རེད། འགྲོ་བ་མིའི་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་ནི། སྐྱེས་བུ་སྒེར་རང་ཉིད་ལ་མཁོ་བ་དང་ཕན་པའི་ལས་སུ་རུང་བ་དེ་རེད་པས། སྐྱེས་བུ་སྒེར་རང་ཉིད་ལ་མཁོ་བ་དང་ཕན་པའི་ལས་ཏེ་སེམས་ཡུལ་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་པ་དེའི་ངོ་བོའམ་སྡོད་ལུགས་ལ་གནའ་དེང་གི་མཚན་ཉིད་བསམ་བློ་པ་མང་པོས་རིགས་པའི་བརྡར་ཤ་བཅད་འདུག  གནའ་རབས་ཀེ་རུ་སིའི་མཚན་ཉིད་བསམ་བློ་པ་སོ་ཁུ་ར་ཐེ་གཙོས་པའི་རྗེས་འཇུག་སློབ་མ་རྣམས་དང་། འུ་ཚང་གི་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱིས། འགྲོ་བ་མིའི་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་དེ་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་དང་། རྒྱུ་དང་འབྲས་བུ་གཉིས་ལས་རྒྱུའི་སྟེང་དུ། བཟང་པོ་དང་ངན་པ། དགེ་བ་དང་སྡུག་པ། བདེ་བ་དང་སྡུག་བསྔལ་བཅས་མཐར་ཐུག་དཔྱོད་བྱེད་ཀྱི་བློ་དེས་གཞལ་ཏེ། ཚོར་བ་སྡུག་བསྔལ་པ་ནི་དེས་བསྐྱེད་པའི་རྒྱུའི་བྱེད་འབྲས་ཡིན་སྟབས། བདེ་བར་འདུག་སེམས་ན་བདེ་བ་དཀྲུག་བྱེད་ཀྱི་རྒྱུ་དེ་འགོག་དགོས་རབས་བསྟན་བཅོས་སུ་མཛད་ཡོད།  སོ་ཁུ་ར་ཐེའི་བསམ་བློའི་རིང་ལུགས་པ་དང་ཀླུ་སྒྲུབ་ཡབ་སྲས་དག་གི་བཞེད་ཚུལ་མི་འདྲ་ཡང་། དགའ་མགུའི་བདེ་ཚོར་དེ་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་སུ་མི་འཇོག་ཚུལ་གཅིག་པ་རེད།
  ལྟ་གྲུབ་དེ་དག་གི་ཤུགས་རྐྱེན་གྱིས་ཤར་ནུབ་གཉིས་སུ་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་འཇོག་ཚུལ་ལ་རྩོད་གླེང་མང་དུ་བྱུང། ཁོང་ཅག་གི་རྩོད་གཞིའི་ཆོས་ཅན་དུ་གྱུར་ཡོད་པ་ནི། དགའ་མགུ་འམ། ཡང་ན། སྤྲོ་སྣང(pleasure) ཞེས་པ་དེ་མཁོ་ཕན(Utility) ཡིན་མིན་དང། དེ་ཉིད་བདེ་སྐྱིད(Happiness) ཡིན་མིན་ཞེས་པ་དེ་རེད། མཐར་གཏུགས་ན་ཁོང་ཅག་གི་རྩོད་གཞི་ནི། དབྱིན་ཡིག་གི་མིང་བརྡ(pleasure) ཞེས་པ་དེ་རེད་ལ། དེ་ཉིད་བོད་སྐད་དུ་དོན་དུ་མར་འགྱུར་ཡོད་ཀྱང་། སྐབས་འདིའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་སྒྲ་རྟོག་དང་སྒོ་བསྟུན་ཚེ༼དགའ་མགུ༽ཞེས་པར་བསྒྱུར་ན་དོན་གྱི་གཤའ་མ་ཉིད་མཚོན་ཐུབ་པར་འདོད།
  བོད་ཀྱི་ཆོས་སྐད་ཀྱི་ངོས་ནས་བཤད་ན། དགའ་མགུ་ཞེས་པ་དེ་སྐྱེས་བུ་སྒེར་རང་ཉིད་ལ་མཁོ་བ་དང་ཕན་པའི་བདེ་སྐྱིད་ཅིག་ཡིན་པར་ཡེ་ནས་མི་འདོད། རྒྱུ་མཚན་ནི། དགའ་མགུ་ཞེས་པའི་ཚོར་བ་དེས་ཟག་བཅས་ཀྱི་བདེ་བ་ཞིག་བསྐྱེད་པ་མ་གཏོགས་དོན་དམ་བདེ་སྐྱིད་དང་མཐར་ཐུག་གི་བདེ་སྐྱིད་ཡེ་ནས་འཐོབ་པར་མི་བྱེད། དགའ་མགུ་ཞེས་པའི་ཚོར་བ་དེས་འབྲས་བུ་སྡུག་བསྔལ་བ་མྱོང་བར་བྱེད་པ་མ་ཟད། དམིགས་པ་སེམས་ཅན་སྤྱི་ལ་གཏོད་པར་ཡང་འགོག་རྐྱེན་བཟོ།  དེ་བས། རང་གཞན་གཉིས་ལས་གཞན་དང་། སྤྱི་བྱེ་གཉིས་ལས་སྤྱིའི་སྡུག་བསྔལ་ཡིད་ལ་ཡང་ཡང་སེམས་ཏེ། ལུས་སེམས་བདེ་ལ་བཀོལ་ཞིང་ལས་ཀྱི་གནས་ངན་ལེན་འཇོམ་པར་བྱེད་པའི་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་ཚེ། དེ་ཉིད་བདེ་སྐྱིད་ཡིན་པར་ཐུགས་བཞེད་གནང་བ་རེད། ལེགས་པོ(good)ཞེས་པའི་ལས་སུ་རུང་བ་དེས་ཚོར་བ་བདེ་བ་དང་དགའ་མགུ(Pleasure)སྐྱེད་པར་བྱེད་ལ། ངན་པ(evil) ཞེས་པའི་ལས་སུ་མི་རུང་བ་དེས་ཚོར་བ་སྡུག་བསྔལ་དང་ཟུག་ཚོར(pain) སྐྱེད་པར་བྱེད་པའི་ཆོས་ཉིད་འདི། ཨ་རེས་སུ་ཏོ་ཏུལ(Aristotle, 384 BC – 322 BC)ཧོ་བྷེ་སུ(Thomas Hobbes, 1588-1679) འཇོན་ལ་ཁུ(John Locke,1632–1704) བཅས་ཀྱིས་ཀྱང་ཐུགས་བཞེད་གནང་བ་མ་ཟད། དགའ་མགུ་དང་ཟུག་ཚོར་གཉིས་ཀྱི་སྡོད་ལུགས་ལ་གཙོ་བོ་རྒྱུའི་ངོས་ནས་འཇོག་པར་བྱེད།
  དེ་ལྟ་ནའང་། ཤེས་བསྐལ་གྱི་རང་དབང༼འགྱན་སངས་ཀྱི་ཚིག༽སྐབས་སུ་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་དེ་གླེང་གཞི་གཙོ་བོར་གྱུར་ཏེ། མཁས་པ་དག་གིས་བསྟན་བཅོས་དུ་མ་མཛད་དེ་རིང་ལུགས་ཤིག་ཏུ་གྱུར། འགྲོ་བ་མིའི་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་དེ། བདག་གཞན་གཉིས་ལས་བདག་དང། སྤྱི་བྱེ་གཉིས་ལས་བྱེ་བྲག མྱོང་ཚོར་གཉིས་ལས་མྱོང་བ། རྒྱུ་འབྲས་གཉིས་ལས་འབྲས་བུ་བཅས་ཀྱི་སྟེང་ནས། སྐྱེས་བུ་སྒེར་རང་ཉིད་ལ་མཁོ་བ་དང་ཕན་པའི་ལས་སུ་རུང་བ་གང་དེ། འགྲོ་བ་མིའི་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་སུ་བཞེད། འགྲོ་བ་མིའི་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་དེ་ཡང་སྐྱེས་བུ་སྒེར་རང་ཉིད་ལ་མཁོ་བ་དང་ཕན་པའི་ལས་དེ་རྩ་བར་གཟུང་དགོས་པའི་ཆ་ནས། མཁོ་ཕན་རྩ་འཛིན་རིང་ལུགས(Utilitarianism) སུ་གྲགས།  མཁོ་ཕན་རྩ་འཛིན་རིང་ལུགས་ཀྱི་ཐད་ནས་བརྩམས་ཆོས་གྲགས་ཅན་རྩོམ་མཁན་གཉིས་བྱུང་འདུག གཅིག་ནི། དབྱིན་ཇིའི་མཚན་ཉིད་རིག་པ་བ་བྷེ་ཐམ(Jeremy Bentham,1748-1832) ལགས་རེད། ཁོང་གིས་ཞུ་རྩོད་བདེན་བདར་གྱི་མཁོ་ཕན་རྩ་འཛིན་རིང་ལུགས་ཀྱི་གཞུང་ཆེན་དེ་ཉིད་ཇེ་རྒྱས་ཇེ་ཟབ་ཏུ་བཏང་ཞིང་། སྲིད་གཞུང་དང་ཡེ་ཤུ་ཆོས་རྒྱུད་དབྱེ་འབྱེད་དང་། ཁྲིམས་འགལ་སྐྱེད་འབབ། ཚེ་གཡོག་ལམ་སྲོལ། སྲོག་ཁྲིམས་ཉེས་གཅོད། བྱིས་པའི་ལུས་ཐོག་ཏུ་ཉེས་ཆད་གཅོད་པའི་ལམ་སྲོལ་རྩ་གཏོར་བྱ་དགོས་པའི་ཐད་ལ་དགག་སྒྲུབ་ཤུགས་ཆེན་གནང་བ་དང་།  སྐྱེས་བུ་སྒེར་གྱི་དགའ་མོས་དང། རྟགས་མཚུངས་འཁྲིག་སྦྱོར། གཉེན་འཐོར་བྱེད་པའི་ཐོབ་ཐང་། བུད་མེད་ཀྱི་ཐོབ་ཐང་འདྲ་མཉམ། དཔལ་འབྱོར་རང་དབང་བཅས་ཀྱི་རྩ་དོན། མཐར་དེད་ན་བཟང་པོ་དང་ངན་པ། དགའ་མགུ་དང་ཟུག་ཚོར་བཅས་ལ་ཐུག་ཡོད་པར་གསུངས། ཁོང་གིས་མཛད་པའི<<ཁྲིམས་སྲོལ་དང་ཀུན་སྤྱོད་ཀྱི་གཙོ་གནད>>(The Principles of Morals and Legislation) ཞེས་པའི་ནང་དུ། “འགྲོ་བ་མི་རྣམས་སྐྱེས་ཙམ་ནས་བླ་མེད་ཀྱི་དབང་སྒྱུར་བྱེད་པོ་རུ་གྱུར་པའི་དགའ་མགུ་དང་ཟུག་ཚོར་དེ་གཉིས་ཀྱི་བྲན་འོག་ཏུ་གནས་ནས་ཡོད་པ་རེད། དགའ་ཟུག་གི་ཚོར་འདུ་དེ་གཉིས་ཀྱིས་ཁེར་རྐྱང་དུ་ང་ཚོས་ཅི་ཞིག་བྱེད་དགོས་པ་དང་། ཅི་ཞིག་བློ་ཐག་གཅད་དགོས་པའི་ཐད་ནས་ཁ་ཕྱོགས་སྟོན་པར་བྱེད། དེ་ཡང་ཕྱོགས་གཅིག་ནས་དག་པ(right)དང་འཁྲུལ་པ (Wrong) གཉིས་ཀྱི་ཚད་གཞི་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་རྒྱུ་དང་འབྲས་བུའི་གཞན་དབང་གི་འཆིང་བ་ཡིན་པ་རེད། ཚད་གཞི་དེ་དང་འཆིང་བ་དེ་གཉིས་ཀྱིས་མི་རྣམས་ཀྱི་དབང་པོ་སྡོམ་པར་བྱེད། དེ་དག་གིས་འུ་ཅག་ཁ་ལོ་བསྒྱུར་ཏེ་ང་ཚོས་ཡོད་ཚད་ལ་བསམ་བློ་གཏོང་བ་དང་སྐད་ཆ་བཤད་པ། ལས་ཀ་སྒྲུབ་པའི་གཟུགས་ཅན་དུ་བསླངས་པའོ།།” ཞེས་གསུངས་འདུག
  ཁོང་གིས་ཁྲིམས་སྲོལ་གྱི་གཙོ་གནད་དེ་མཁོ་ཕན་གྱི་གཙོ་གནད་དུ་བཟུང་ནས་ཀུན་སྤྱོད་ཀྱི་རིན་ཐང་ལྟ་ཚུལ་ཁྲིམས་སྲོལ་གྱི་ལག་ལེན་ཁྲོད་དུ་ཇི་ལྟར་མཐུད་སྦྱོར་བྱེད་པའི་ཐད་ལ་བསམ་གཞིག་གནད་སྨིན་བཏང་། ཁོང་གིས་མཁོ་ཕན་གྱི་གཙོ་གནད་དེ“ལེགས་པོ”བཟུང་སྟེ། རྒྱུ་ལེགས་པོ་ཡིས་འབྲས་བུ་དགའ་མགུ་ཆེན་པོ་བསྐྱེད་པར་བྱེད་ལ། ཟུག་ཚོར་ཆུང་ཆུང་བསྐྱེད་པར་བྱེད།  རྒྱུ་ངན་པ་ཡིས་དགའ་མགུ་བྲལ་པའི་འབྲས་བུ་ཟུག་ཚོར་དྲག་པོ་བསྐྱེད་པར་བྱེད་ཚུལ་དང་།  དགའ་མགུ་དང་ཟུག་ཚོར་ནི་ལུས་སེམས་དང་འབྲེལ་བའི་མྱོང་ཚོར་ཞིག་ཡིན་པར་གླེང་བ་མ་ཟད། མཁོ་ཕན་གྱི་གཙོ་གནད་དེ་སྤྱི་ཚོགས་ཤིག་གི་ཁྲིམས་སྲོལ་གྱི་ནང་ཚུད་ཡིན་པར་ཡང་གསལ་ཁ་དོད་པས་བྲིས་འདུག དེ་ལྟར་ན། སྐྱེས་བུ་སྒེར་རང་ཉིད་ལ་མཁོ་བ་དང་ཕན་པའི་ལས་ཀྱི་གཙོ་བོ་ནི་དགའ་མགུའི་བདེ་ཚོར་དེ་རེད་ལ། དགའ་མགུའི་བདེ་ཚོར་དེའི་དབང་གིས་སྐབས་སྐབས་སུ་ཟུག་ཚོར་དྲག་པོ་རེ་འབྱུང་མོད། འོན་ཀྱང་། མི་རྣམས་སྐྱེས་ཙམ་ནས་དགའ་ཟུག་གཉིས་ཀྱི་བྲན་ཏུ་ཚུད་པའི་ཆོས་ཉིད་ལ་གཞིག་ཚེ་དེ་ནི་སྤང་བྱ་ཞིག་གཏན་ནས་མིན་པར་ཤེས་ཐུབ།
  མཁོ་ཕན་རྩ་འཛིན་རིང་ལུགས་ཀྱི་ཐད་ནས་བརྩམས་ཆོས་གྲགས་ཅན་རྩོམ་མཁན་གཉིས་པ་ནི། གོང་དུ་བཤད་པའི་སྐུ་ཞབས་བྷེ་ཐམ་ལགས་ཀྱི་དངོས་སློབ་སྟེ་དབྱིན་ཇིའི་མཚན་ཉིད་རིག་པ་བ་མེལ(John Stuart Mill)ལགས་རེད་འདུག ཁོང་གིས<<མཁོ་ཕན་རྩ་འཛིན་རིང་ལུགས>>(Utilitarianism)ཀྱི་དཔེ་དེབ་ཅིག་བརྩམས་ཡོད་ལ། དཔེ་དེབ་དེའི་རབ་བྱེད་གཉིས་པ་ནི<<ཅི་ཞིག་ལ་མཁོ་ཕན་རྩ་འཛིན་རིང་ལུགས་ཟེར>>(What Utilitarianism Is) བ་དེ་རེད། སྐུ་ཞབས་མེལ་ལགས་ཀྱིས་བླུན་པོ་ཞར་མཆོང་བྱེད་པའི་སྐྱེས་བུ་གང་དེས་བདེ་སྐྱིད་ཀྱི་གཞི་མར་གྱུར་པའི་མཁོ་ཕན་ (Utility) ནི་འཁྲུལ་བ་དང་དག་པ་ལ་ཚོད་ལྟ་བྱེད་ཆས་ལྟ་བུར་ངོས་བཟུང་སྟེ། བརྡ་སྐད་དེ་ཉིད་ཚད་བཀག་ཅན་དང་ཕལ་སྐད་ཁོ་ནའི་ཁྲོད་བཀོལ་ཅིང་། མཁོ་ཕན་ནི་དགའ་མགུའི་ལྡོག་ཟླ་ཡིན་པར་བསྒྲགས་པ་དེ་ལ་ཁོ་བོས་གཞན་ལས་ལྷག་པའི་གསེད་དགྲོལ་བྱ་རྒྱུ་ཡིན་པར་གླེང་འདུག
སྐུ་ཞབས་མེལ་ལགས་ཀྱིས་ལེགས་པོ་དང་ངན་པ། དགེ་བ་དང་མི་དགེ་བ་ཞེས་པ་རྒྱུ་འབྲས་གཉིས་ལས་འབྲས་བུ་དང་། མྱོང་ཚོར་གཉིས་ལས་མྱོང་བ། ཕན་གནོད་གཉིས་ལས་ཕན་པ། སྤྱི་བྱེ་གཉིས་ལ་བྱེ་བྲག བདག་གཞན་གཉིས་ལས་བདག་གི་རང་ལྡོག་སྟེང་ནས་འཚོལ་ཞིབ་གནང་འདུག ཁོང་གིས་ད་ནི་སོམ་ཉི་བྲལ་པའི་དངོས་བདེན་ཞིག་ཡོད་པ་ནི། མི་ཞིག་གིས་འདྲ་མཉམ་གྱིས་ཕན་ཚུན་རྒྱུས་ལེན་བྱེད་པ་དང་། འདྲ་མཉམ་གྱིས་ཡི་རང་བྱེད་པ། འདྲ་མཉམ་གྱིས་སྤྲོ་བའི་ལོངས་སྤྱོད་ལ་རོལ་བར་བདམ་པའི་ཚེ་ན། གདོད་ནས་གྲུབ་པའི་གཤིས་སྤྱོད་དེ་གང་ལ་དགའ་བའི་ཕྱོགས་དེར་གཟིར་ནས་འདོད་མོས་ཤུགས་དྲག་ཅན་གྱི་རྗེས་འབྲང་བྱེད་པ་ནི་མིའི་ཆོས་ཉིད་དུ་གྲུབ། དེ་བས་ན། ཤེས་བཞིན་དུ་གླེན་པར་འགྱུར་འདོད་ཀྱི་མོས་བློ་ལྡན་པའི་སྐྱེས་བུ་མེད་ལ། ཤེས་བཞིན་དུ་རྨོངས་པ་ཞིག་ཏུ་བསྒྱུར་འདོད་ཀྱི་སྐྱེས་བུ་བཀོད་གདམས་པའང་མེད།  དབང་རྟུལ་དང་གླེན་པར་ནན་སྐུལ་བྱེད་པོ་དག་ཀྱང་། རང་འདོད་ཚ་བའི་སེམས་པ་དང་ཚོར་བ་མེད་པའི་སྐྱེས་བུ་དེ་བས་ཀྱང་མ་ཡིན་ནོ།།  འུ་ཚོས་སུ་ཞིག་རང་དབང་དང་སྐྱེས་སུ་སྒེར་གྱི་རང་བཙན་ལ་བློ་མོས་པ་དང་། སུ་ཞིག་དབང་ཆ་ལ་བློ་མོས་པ་དེ་གཉིས་ལ་བརྟག་པ་ཡིན་ན། གཉིས་ཀའང་། འབྲས་བུའི་སྟེང་ནས་སྤྲོ་སེམས་འཁོལ་ཚུལ་གཅིག་པ་ཡིན་ཚུལ་གསུངས།
ཡིན་ནའང་། འགྲོ་བ་མིའི་བདེ་སྐྱིད་ཀྱི་ཚད་མཐོ་ཤོས་དེ་ནི་རང་མོས་དང་དགའ་འདེམས་ཀྱི་ངང་ནས་སྐྱེས་བུ་སྒེར་རང་ཉིད་ལ་མཁོ་བ་དང་ཕན་པའི་ལས་སུ་རུང་བ་ངོས་ནས་འཇོག་གིན་ཡོད་སྟབས།  གང་ཞིག་གིས་རང་ཉིད་ཀྱི་སེམས་པ་གཡོ་བར་བྱེད་པ་དང་གང་ཞིག་གིས་རང་ཉིད་ཀྱི་ཚོར་ཤུགས་སློང་བར་བྱེད་པ་དེས། རང་དང་མཚུངས་ལྡན་གྱི་དགའ་མགུའི་བདེ་ཚོར་གྱི་མཐུན་ཆོས་སུ་གྱུར་པ་ན། དེ་ནི་མིའི་བདེ་སྐྱིད་དུ་གདགས་པར་བྱེད། དེས་ན། མི་རྣམས་ཕྱིའི་དངོས་པོའི་དཔལ་ཡོན་ལ་བློ་མོས་པ་དེས་ཀྱང། སྐྱེས་བུ་རང་ག་བའི་ངོས་ནས་ཟུག་ཚོར་སྐྱེད་པའི་ཉེར་ལེན་དུ་འགྱུར་བའི་སྐབས་ཡོད་ཀྱང་། དེ་ནི་ཁོ་ལ་མེད་དུ་མི་རུང་བའི་མཁོ་ཆོས་སུ་གྱུར་ཡོད་པ་རེད། ཏག་ཏག་མི་ངོ་རེ་རེའི་ངོས་ནས་བཤད་ན། ཟུག་ཚོར་ནི་མེད་དུ་མི་རུང་བའི་མཁོ་ཆོས་སུ་འགྱུར་ཆོག་ལ། ཟུག་ཚོར་དེ་ཡང་དགའ་མགུའི་བདེ་ཚོར་གྱི་ངོ་བོར་ཡང་འགྱུར་ཆོག་ཆོག་རེད། དགའ་མགུའི་བདེ་ཚོར་ཡང་ཟུག་ཚོར་གྱི་ངོ་བོར་འགྱུར་ཆོག་ཆོག་ཅིག་རེད། གོང་དུ་བཤད་པ་ལྟར། མི་རྣམས་དགའ་ཟུག་གི་ཚོར་བའི་བྲན་ཏུ་ཚུད་ཡོད་པས། ཕྱིའི་དངོས་པོར་བློ་མོས་པའི་དགའ་ཟུག་གི་ཚོར་བ་དེ་གཉིས་བླ་སྲོག་དང་འགྲོགས་ནས་ཡོད་པ་རེད།
  མི་ནི་ལྷན་སྐྱེས་སུ“ཉོན་མོངས་ཅན”(བོད་ཀྱི་ཆོས་སྐད་དུ)གྱི་ངོ་བོར་འདྲིས་ནས་ཡོད་པ་དང་། མི་ནི་ལྷན་སྐྱེས་སུ“དགའ་ཟུག་གི་ཚོར་འདུ་གཉིས་ཀྱི་གཞན་དབང་ཅན”(ནུབ་ཕྱོགས་མཚན་ཉིད་རིག་པའི་སྐད་དུ)དུ་གྱུར་ནས་ཡོད་པས། དགའ་ཟུག་གི་ཚོར་འདུ་དེ་གཉིས་ལ་སྤང་བླང་གི་ཁྱད་པར་དབྱེ་རྒྱུ་མེད་ལ། འགྲོ་བ་མིའི་བདེ་སྐྱིད་གླེང་སྐབས་ཅིག་ཤོས་མཐུན་ཕྱོགས་དང་ཅིག་ཤོས་ལྡོག་ཕྱོགས་སུ་བགར་དུ་མེད་རབས་གྲགས། ཕྱིའི་དངོས་པོར་བློ་མོས་པའི་འབྲས་བུའི་རང་ལྡོག་ནས་དགའ་ཟུག་གི་ཚོར་འདུ་རིམ་ཅར་གྱིས་བསྐྱེད་སྲིད་ལ། བསྐྱེད་ངེས་པ་ཞིག་ཀྱང་རེད་འདུག དེ་ནི་མིའི་མཐུན་ཆོས་སུ་གྱུར་འདུག མིའི་མཐུན་ཆོས་དང་མཚུངས་ཆོས། མཁོ་ཆོས་སུ་གྱུར་ཅིང་། མི་ལ་ཕན་ཞིང་སྨན་པར་འགྱུར་པའི་དགའ་ཟུག་གི་ཚོར་འདུ་གཞི་མར་གྱུར་པའི་འགྲོ་བ་མིའི་བདེ་སྐྱིད་ནི། མིའི་མྱོང་ཚོར་ཞིག་ཡིན་པ་ལས“ཕན་ཁེ”ཞིག་ཡེ་ནས་མིན་ཚོད་འདུག “ཕན་ཁེ”དང“ཁེ་ཕན”གཉིས་ཚིག་གི་སྔ་ཕྱི་བརྗེ་བ་མ་གཏོགས་དམིགས་རྣམ་གཞི་གསུམ་གྱི་ངོས་ནས་གཅིག་མཚུངས་ཡིན་པ་རེད།
  དེས་ན་བདུད་ལྷ་རྒྱལ་ལགས་ཀྱིས་རྒྱ་ཡིག་གི་འགྱུར་ལོག་དེ(功利主义) འགྱུར་ལོག་ཡིན་པར་མ་ཤེས་རུང་། ཕན་ཁེ་རིང་ལུགས་ཞེས་པའི་སྐབས་ནས་བསྟན་པའི“ཕན་ཁེ”ཞེས་པ་དེས་ཁོང་ལ་དོགས་འདྲི་ཙམ་ཡང་མ་བསླངས་པ་དེར་བློ་ཡུལ་ལས་འགོངས་པ་ཞིག་རེད། ཁེ་ཕན་ཞེས་པ་བོད་ཡིག་གི་མིང་མཛད་ཕལ་མོ་ཆེ་རུ་གྱོད་གུད་ཀྱི་ལྡོག་ཟླའི་མིང་དུ་འཇུག་ཚུལ་གསལ་འདུག་པས། འགྲོ་བ་མིའི་གཉུག་གཤིས་སུ་གྲུབ་པའི་དགའ་ཟུག་གི་ཚོར་འདུ་གཉིས་ཕན་ཁེའམ་ཁེ་ཕན་གྱི་མིང་གིས་གདགས་ཚེ་བློ་ངོར་འཇགས་སླ་བ་ཞིག་མིན་པར་མ་ཟད། མཁོ་ཕན་རྩ་འཛིན་རིང་ལུགས་ཀྱི་དགོངས་པ་དང་ཡང་འགལ་འདུག་པས། གཞུང་དོན་གྱི་སྙིང་པོ་སྨིན་པའི་སྐུ་ཞབས་མེལ་གྱི་ལྟ་གྲུབ་དེ་བདུད་ལྷ་རྒྱལ་གྱིས་ལོག་བཤད་གནང་ཐལ་དྲགས་པའི་ཚོར་བ་བཅོས་མིན་གྱིས་ཀུན་ནས་ལྡོངས་བྱུང་།
  བདུད་ལྷ་རྒྱལ་ལགས་ཀྱིས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་ལ་ལག་པ་སྲིང་འདོད་ཡོད་པ་དང་། སེམས་ཙམ་པའི་ལྟ་དགོངས་ཀྱི་ངོས་ནས་རྩོམ་པ་པོ་ག་གེ་མོའི་བསམ་བློར་གཤགས་བཅོས་གཏང་འདོད་ཡོད་ཚེ། གཞུང་ལུགས་དེ་དག་ལ་བློ་སྦྱོང་དང་ཞིབ་འཇུག་སྔོན་སོང་གི་རྟོགས་པ་ཞིག་རྒྱུད་ལ་སྐྱེས་པར་འབད་བརྩོན་བླ་ལྷག་གིས་གནང་དགོས་པར་འདོད། དེ་མིན་ང་དང་ང་ལྟ་བུའི་ཆེས་སྤྱིར་བཏང་གི་ཀློག་པ་པོ་ཞིག་གི་ཤེས་རྟོགས་ཀྱི་ངོས་ནས། གཞུང་ལུགས་དེ་དག་གི་ལྟ་གྲུབ་ཉིང་འདུས་སུ་གྱུར་པའི་ཚིག་དུམ་རེ་འགའ་གང་དེའི་སྒྲུབ་བྱེད་དུ་བཀོད་ཚེ། ངེད་ཀྱི་སེམས་ངོས་ཀྱི་ཁོང་གི་མཐོ་ཚད་དེ་ཇེ་དམའ་ནས་ཇེ་དམའ་རུ་འགྱུར་བཞིན་འདུག  ལྷག་ཏུ་བདུད་ལྷ་རྒྱལ་ལགས་ཀྱི་གཏམ་བཤད་དེའི་གཟི་འོད་བོད་ཀྱི་དྲ་བའི་སྐར་ཆེན་དག་གི་དྲ་ངོས་སུ་ལྷེམ་ལྷེམ་དུ་འཚེར་ཏེ། བོད་ཀྱི་ཀློག་པ་པོ་དག་གིས་དེ་ཉིད་ཡིན་ཤག་ཤག་ཏུ་འདོད་པའི་འཁྲུལ་ཤེས་ཉོན་མོངས་ཅན་དག་སྣང་འོང་དུས། མཚན་མོའི་སྨག་ལ་ཐོ་རངས་སྐར་ཆེན་གྱི་གཞུང་ལུགས་ངོ་སྤྲོད་བྱ་འདོད་ཀྱི་མོས་པ་ཀུན་ནས་གཡོས་བྱུང་མོད། དྲ་རྩོམ་ཞིག་ཡིན་པའི་ངོས་ནས་རིང་དྲགས་ན་ཀློག་པོ་དག་ཉོབ་པར་འགྱུར་ཉེན་གྱིས་འདི་ཙམ་གྱིས་འཐུས་པར་བྱ།
  མདོར་ན། བདུད་ལྷ་རྒྱལ་ལགས་ཀྱིས་མཚན་ཉིད་རིག་པའི་བསམ་བློའི་ཤེས་མྱོང་བྲལ་པའི་ངང་ནས། མཚན་ཉིད་རིག་པའི་གཞུང་ཆེན་དག་གི་རྩ་གནད་ཕྱིའི་དངོས་པོའི་དཔལ་ཡོན་དང་ཕན་ཁེ་རིང་ལུགས་ཀྱི་སྒྲོམ་དུ་གདགས་པར་འཐད་པ་ཡེ་ནས་མ་བྱུང་། ལྷག་ཏུ་རྒྱ་ཡིག་གི་འགྱུར་ལོག་དེ་དག་བོད་ཀྱི་སྐད་ཡིག་ཁྲོད་བཞག་སྟེ། དོན་གྱི་གཤའ་མ་ཉིད་མཚོན་པར་ཡོད་རབས་བཤད་པའི་སྐར་ཆེན་ལྟ་བུའི་རྩོམ་རིག་དཔྱད་བརྗོད་པའི་འགལ་འཛོལ་དེ་འདྲ་ཤེས་འོང་དུས། དངོས་གནས་བློ་ཕམ་འདྲ་སྐྱེས་ཀྱིན་འདུག ཡིན་ནའང་།《རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར》ཀློག་ཐེངས་རེར་མིག་ནས་མཆི་མ་འཁྲུགས་པ་དང༌།《མི་ལ་རས་པའི་རྣམ་ཐར》ལ་མཇལ་ཐེངས་རེ་རེར་ལུས་ནས་བ་སྤུ་ལྡང་བ་རྩོམ་རིག་གི་ནུས་པ་ཡིན་ཚུལ་དེ་ཁོང་གི་རྩོམ་རིག་གི་མྱོང་རྟོགས་ཤིག་ཡིན་ཡང་སྲིད་མོད།  དེ་ལྟར་བསམ་ཐེངས་རེར་སེམས་ཅན་གྱི་སྡུག་བསྔལ་མཐོང་བ་ན་མིག་ནས་མཆི་འཁྲིགས་པ་དང་ལུས་ཀྱི་བ་སྤུ་ལྡང་བའི་རྟགས་མཚན་ཁྱད་པར་ཅན་དེ་ཐེག་ཆེན་དུ་རིགས་སད་པའི་རྟགས་དང་སྙིང་རྗེ་ཆེན་པོ་ཐོབ་པའི་བར་མཚམས་སུ་འཇོག་པའི་བོད་ཀྱི་མཚན་ཉིད་རིག་པའི་གཞུང་ཆེན་དག་གི་གསུང་སྒྲོས་ཡིད་ལ་ཝ་ལེར་དྲན་འོང་ཞིང་། བསམ་ཞིང་བསམ་ཚེ་གོང་དུ་གླེང་པའི་རྩོམ་རིག་དེ་དག་གིས་མིག་ནས་མཆི་མ་འཁྲུག་པར་བྱེད་པ་དང་ལུས་ཀྱི་བ་སྤུ་ལྡང་བར་བྱེད་པའི་ནུས་པ་དང་སྙིང་རྗེ་ཆེན་པོའི་སྟོབས་གཉིས་ལ་མཚུངས་ས་ཞིག་ཡོད་པར་འདོད་དོ།།
  ཞོར་དུ། མཚན་ཉིད་རིག་པའི་སྐད་ཆའི་ངོས་ནས་བྲིས་པའི་དྲ་རྩོམ་འདི་ལ་རྩོམ་རིག་གི་རྟོག་པ་ངོས་ནས་གོ་བ་མི་ལེན་པར་རེ་འབོད་ཞུས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདུད་ལྷ་རྒྱལ་ཉོག་གིན་འདུག

2012-01-07 དགུ་རོང་སྤུན་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།