དྲན་འཆར་ཀློང་།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-03

           ༡
 ཟེར་སྒྲོས་སུ་མི་ལ་རྐང་རྗེས་མེད་ན་འདྲེ་ཡིན་ཟེར།  འཇོན་ཐང་དང་ལག་རྗེས་ཀྱི་ངོས་ནས་བཤད་ན། འཇིག་རྟེན་དུ་རྐང་རྗེས་མེད་པའི་གདོན་འདྲེ་ཇི་འདྲའི་མང་པ་ལ།   
          ༢
 སྙན་ངག་ཅིག་ཏུ་ལུག་གསོད་པ་ནི་སྡིག་པ་ཡིན་ལ།  སྤྱང་ཀི་གསོད་པ་ནི་དགེ་བ་ཡིན་ཟེར།  སྡིག་སྤྱོད་དང་གཏུམ་དྲག་གི་ཆ་ནས་བཤད་པ་ཡིན་ན།  མི་གསོད་པ་ལས་ལྷག་པའི་དགེ་བ་ཞིག་གང་དུ་མཆིས།
          ༣
 གོ་ཚོད་ལ།  རྐུན་མ་ཞིག་བཙོན་དུ་ཚུད་སྐབས་ཁོང་ཁྲོ་ཆེན་པོས་རང་གི་ཨ་མའི་རྣ་བར་སོ་བཏབ་པར་བཤད།  བྱིས་པའི་དགེ་རྒན་ཐོག་མ་དང་ལེགས་ལམ་དུ་སྐུལ་མཁན་གཙོ་བོ་དེ་ཡིན་པའི་ཆ་ནས་བཤད་ན། ཨ་མ་རང་རྐུན་མ་དེ་བཙོན་དུ་འཇུག་མཁན་འཁྲུལ་མེད་ཅིག་ཡིན་ངེས།
          ༤
 རང་རེའི་སྤྱི་ཚོགས་སུ་དགེ་རྒན་ལ་ངོ་སོ་ཆུང་བར་བསྒྲགས། འཕེལ་རྒྱས་ཀྱི་སྒུལ་ཤུགས་མི་ཚོར་ཞིང་བླང་དོར་གྱི་བློ་མིག་ལྡོངས་པའི་མི་ཚོགས་ཤིག་ལ་མཚོན་ན།  རྣམ་དཀར་ལས་ལ་གཞོལ་བའི་དགེ་རྒན་ཚོ་ནི་སྟོབས་ཤུགས་ཟད་པའི་ཉམ་ཆུང་དང་ཕ་མ་མེད་པའི་དྭ་ཕྲུག་དེ་ཡིན་སྲིད།
           ༥
 ལེ་ཉིན་གྱིས་འཇིགས་སྐྲག་གིས་ལྷ་བསྐྲུན་པ་ཡིན་ཟེར།  གདོན་བགེགས་དང་རྐྱེན་ངན་སྒྲོལ་དུས་ལས་དཀོན་མཆོག་དྲན་པར་མི་བྱེད་པའི་མི་བུ་དག་ལ་ནི། འཇིགས་སྐྲག་གི་སྐབས་སུ་ད་གཟོད་ལྷ་དེ་གསོན་པོ་རུ་སྣང་ཡོད།
           ༦
 སྨན་ཁང་དུ་སྨན་པས་ནད་པ་ཟ་བ་དང་། དགོན་པ་རུ་བླ་མས་མང་ཚོགས་ཟ་བ།  སློབ་གྲྭ་རུ་དགེ་རྒན་གྱིས་སློབ་མ་ཟ་བ། སྤྱི་ཚོགས་སུ་དཔོན་པོས་ལྟག་སྒོ་ཟ་བར་བཤད། གཞན་ཕན་གྱི་སེམས་རྒྱུད་སྟོང་ཞིང་ཡ་རབས་སྤྱོད་པ་ཚུལ་བཞིན་མི་སྲུང་བའི་མི་རེ་འགའ་ནི་ལུག་ལྤགས་གྱོན་པའི་སྤྱང་ཀི་དང་འོ་མའི་རྒྱ་མཚོ་སྙོག་པའི་ཁྲག་ཐིགས་ རྫོབ་པོ་རེ་ཡིན།
            ༧
 ལུའུ་ཞུན་གྱིས་<<སྨྱོན་པའི་ཉིན་ཐོ>>རུ། ཀྲུང་གོའི་ལོ་ངོ་སྟོང་ཕྲག་དུ་མའི་རིག་གནས་ནི་མི་ཤ་ཟ་བའི་རིག་གནས་ཡིན་ཟེར།  སྔོན་ཐོན་གྱི་བསམ་བློ་མེད་ལ་འཕེལ་རྒྱས་ཀྱི་གེགས་རྡོ་རུ་གྱུར་བའི་རིག་གནས་དེ་ནི་དངོས་གནས་མིའི་ཀླད་ཆེན་ཟ་བའི་འབུ་སྲིན་ཁོ་ན་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་འཆར་ཀློང་།

2012-01-03 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།