རང་ཉིད་འཚོལ་བ།

   འཚོ་བ་ལ་ཁ་དོག་ཨེ་ཡོད་དམ། གལ་ཏེ་འཚོ་བ་ལ་ཁ་དོག་ཅིག་འཇོག་དགོས་ཚེ་བདག་གི་འཚོ་བ་ནི་ནག་པོ་རྡོ་སོལ་ལྟ་བུ་ཞིག་ཡིན་ངེས།རྒྱུན་ལྡན་སྣང་ཚུལ་ལ་རྡོ་སོལ་ནི་རང་ངོས་ནས་ཧ་ཅང་ནག་ལ་ཁོ་དངོས་པོ་གང་དང་ཕྲད་ན་ཡང་གང་དེའི་མདོག་ནག་པོར་བསྒྱུར་ངེས།ངའི་འཚོ་བས་ཁྱོད་ཀྱི་འཚོ་བ་དེ་ལ་ཡང་གཏིང་ཟབ་ས་ནས་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ་ཁྱོད་ཀྱི་འཚོ་བས་ཀྱང་ང་ལ་བར་མེད་དུ་ཚད་བཀག་བཟོ་བཞིན་ཡོད་པས་ང་ལ་རང་ཚུགས་ཀྱི་འཚོ་བ་ཞིག་ཡེ་ནས་མེད།གལ་ཏེ་ང་ལ་ཁེར་ཚུགས་ཀྱི་བསམ་བློ་ཞིག་ཡོད་ཚེ་ངས་རང་ཉིད་དང་ཁྱོད་ཀྱི་འཚོ་བ་ལ་ཁ་དོག་སྣ་གཉིས་བྲིས་ནས་ང་རྟག་ཏུ་ཁྱོད་ཀྱི་གྲིབ་གཟུགས་ལ་རྒྱང་བཀྱེད་ནས་རང་ཉིད་ངོ་མ་ཞིག་སེམས་ཀྱིས་མྱོང་ན་འདོད།གནའ་རབས་ཀེ་རེ་སི་ལ་གདམས་ངག་འདི་འདྲ་ཞིག་ཡོ་དེ།༼བསམ་གཞིགས་མ་སོང་བའི་འཚོ་བ་ནི།འཚོ་བ་ངོ་མ་ཞིག་ཏུ་མི་འགྲོའོ༽གདམས་ངག་འདི་ལས་ངས་རང་གིས་བརྒྱུད་ཟིན་པའི་འཚོ་བ་དེ་ནི་རང་གི་རྣམ་ཤེས་དང་བར་ཐག་སྟོང་ཕྲག་གིས་ཆོད་པའི་མག་མོག་གི་རྨི་ལམ་ཞིག་ཡིན་པའི་སྣང་བ་འཆར་འོང་།ང་ནི་དྲན་པ་ཉམས་པའི་ཆེས་ཉམ་ཆུང་གི་ནད་པ་ཞིག་སྟེ།ངས་རང་གི་དྲན་པའི་ནང་དུ་ལག་པ་ཅི་ལྟར་བསྲིངས་ན་ཡང་རང་གི་བརྩེ་དུང་དང་ཕུགས་བསམ་ཟིན་མ་བྱུང་།ང་ཤུགས་ཀྱིས་ཅི་ལྟར་རྒྱུགས་ནས་རང་ལ་དབང་སྙམ་པའི་འཚོ་བ་དེ་རྗེས་འདེད་བྱས་རུང་ང་ལ་དོན་དངོས་ནས་རང་གིས་བསྐྲུན་པའི་འཚོ་བ་ཞིག་དང་སྐད་ཆ་ཞིག་ཡེ་ནས་མི་འདུག།ངའི་འཚོ་བ་དེ་ནི་ཁྱོད་ལས་བྱུང་བའི་བསྐྱར་བཟློས་ཀྱི་འཁོར་ལོ་ཙམ་རེད།ངའི་སྐད་ཆ་དེ་ཡང་ཁྱོད་ཀྱི་ཁ་ལས་བྱུང་བའི་རྗེས་ཟློས་ཙམ་རེད།ངས་སེམས་པ་ཧ་ཅང་སྐྱོ།སྐྱོ་ནས་ཀྱང་སྐད་ཆད་འདི་འདྲ་བཤད་མྱོང་།༼ང་ལ་མཁས་པའི་ལུང་འདྲེན་དང་གདམས་ངག་མི་གཙོ།ང་ལ་རང་ཉིད་ཀྱི་བསམ་བློ་དང་སྐད་ཆ་ཡོད་པས་ཆོག༽སྐད་ཆ་འདིས་ནི་ངས་རང་གི་འཚོ་བ་ལ་བདག་དབང་བརྒྱབ་པ་ཡིན་ཞིང་མདོར་ན་ང་རང་ཉིད་ཅིག་འཇོག་འདོད་པས་ཡིན།
  ༼སྔོན་ཆད་མ་བྱུང་བ་ནི་འདིར་བརྗོད་མེད།༽ཅེས་པའི་ལུང་ཚིག་འདི་ནི་ལོ་ངོ་བརྒྱ་ཕྲག་ལྷག་ལ་ཁྱོད་དང་ངའི་ཡབ་མེས་ཀྱིས་བཞག་པའི་རྡོ་རྗེའི་རིག་པ་ཞིག་སྟེ།ང་ཚོ་སྐད་ཆ་འདིའི་ཁྱབ་ཁོངས་ལས་མ་ཐར་བར་རང་གི་འཚོ་བ་ངོ་མ་ཞིག་རྙེད་མ་བྱུང་།རྟག་ཏུ་བསྐྱར་བཟློས་ཀྱི་འཁོར་ལོ་ལ་བསྐོར་ནས་རང་གི་བསམ་བློ་དང་ལང་ཚོ་གཞན་དབང་གི་མཆེ་བར་བཞག་ནས་ཧྲིག་ཧྲིག་བལྡད་ན་ཡང་ང་ཚོ་ད་དུང་འཛུམ་མུལ་མུལ།
   བྱིས་དུས་ནི་ང་ལ་མཚོན་ན་ཆེས་དྭངས་གཙང་གི་ནམ་མཁའ་སྔོ་ས་སེང་ངེ་དེ་ཡིན་ཞིང་ནམ་མཁའ་དང་རྩྭ་ཐང་གི་བར་ནས་ངས་རང་གི་འཚོ་བའི་མཛེས་སྡུག་ལ་ལག་སྙོབས་ཅི་ལྟར་བྱས་ན་ཡང་ང་ལ་ཐོབ་པ་ནི་ཁྱོད་དང་ཁྱོད་ཀྱིས་བཤད་པའི་རྨི་ལམ་དང་ལྷ་སྒྲུང་ཙམ་གྱི་འཁོར་བ་དེ་ལས་རང་ཉིད་ལ་དབང་ཆོག་པའི་མཛེས་སྡུག་ཅིག་གཞར་ཡང་མ་མཐོང་།ང་ནི་སུ་ཞིག་གིས་བཙུགས་པའི་ལྗོན་ཤིང་ཆུང་ཆུང་དེ་བཞིན་ལོ་ནས་ལོ་བརྒྱུད་དེ་ཧ་ཅང་ཁེར་རྐྱང་ངང་ནར་སོན་པ་ཡིན།ངས་རྨི་ལམ་ནི་ཁྱོད་ཉིད་ཡིན་ལ་ངས་རང་གི་འདོད་བློ་མང་པོ་ཞིག་བཙན་གྱིས་བཀག་ནས་ཁྱོད་ལ་ལད་བཟློས་བྱས་པ་ནས་ང་རང་ཉིད་ངོ་མ་ཞིག་སྔ་མོ་ནས་བོར་ཚར་འདུག།ངས་ད་ལྟ་ཆུང་བྱིས་པའི་སྐབས་ཀྱི་རང་ཉིད་ངོ་མ་ཞིག་ལ་ཕྱིར་དྲན་བྱ་བཞིན་ཡོད།ཆུང་བྱིས་པའི་སྐབས་སུ་ངའི་གཤིས་ཀ་ཅི་འདྲ་ཞིག་ཡིན་ནམ།ང་ཅི་ལྟར་ཕྱིར་དྲན་གྱི་རྩྭ་ཐང་ལ་བང་གིས་བརྒྱུགས་ན་ཡང་ངས་རང་ཉིད་རྙེད་མ་སོང་།མི་ཚོགས་རྦ་རླབས་ལ་འགྲན་པའི་འཇིག་རྟེན་འདི་ནས་ངས་གང་དྲན་གང་བཤད་ཐོལ་གྱིས་འཕངས་པའི་སྐར་མདའ་དེ་བཞིན་མི་སྣང་བར་གྱུར་བ་ནས་ངས་རང་གི་མཛེས་སྡུག་ངོ་མ་ཞིག་ཡང་བསྐྱར་བཙལ་ན་འདོད།རང་གི་ཆེད་དུ་ང་ཡང་ནས་ཡང་དུ་འདས་ལོག་བརྒྱབ་ན་འགྲིག།
                                                         
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་འཚོལ་བ།

2011-12-17 གདུ་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།