རང་དགར་གླེང་བའི་གཏམ།

                                         ༠
  རྒྱུ་འབྲས་དང་སྙིང་རྗེའི་ཟུང་ཁྲག་སྐམ་པའི་ཁ་སང་དེ་རིང་།   ཆོས་རྒྱལ་ཡང་རྒྱ་མ་བཟུང་ནས་འབུ་ཚོང་རྒྱག་ཏུ་འགྲོ་བཞིན་འདུག  འཁར་བར་བརྟེན་པའི་གངས་རི་བགྲེས་པོ། བསང་དུད་དང་ཀི་སྒྲའི་ཁྲོད་ན།  སྙིང་རླུང་འཚངས་ཤིང་གློ་ལུ་རྒྱག་གིན་འདུག
                                        ༡
  ལུག་ཁྱུ་དང་སྤྲིན་དཀར་འདྲེས་ཤིང་། ནམ་མཁའ་དང་ས་གཞི་རྡེབ་པའི་མཐའ་ཡས་པའི་སྤང་ཐང་། སྟག་ཤར་སུའི་འགྲུལ་བཞུད་ཁྲོད་ན་རྟག་ཏུ་ཡལ་ཐབས་བྲལ་པའི་སྙིང་སྡུག་གི་བུ་མོའི་ཆ་བྱད་དང་འདྲ་ལ། “མེ་ལོང་མའི་དཔེ་མཚམས་གཅོད་བྱེད་དུ་བཞག་པའི་ཕྱེ་མ་ལེབ་ཤི་བོ”་དེར་ཡང་འདྲ་འདུག  དག་དག་བསླུ་བྲིད་འདིའི་སྟབས་ཀྱིས།  སུ་ལའང་རང་དབང་མི་འདུག   སུ་ལའང་མི་འདུག
                                        ༢
  སྙན་འཇེབས་ལྡན་པའི་ལ་གཞས་སྙན་པོ་རེ་མཁའ་དབྱིངས་སུ་གཏོར་རྗེས།   ཡང་བསྐྱར་གུར་གྱི་ཁ་ཚུབས་ལས་ཕྱིར་རང་གི་རྨི་ལམ་ཏུ་འཛུལ་ཡོང་། མུན་པ་སྟུག་པོ་འདི་གོས་ཆེན་ནག་པོ་ཞིག    ཡང་ན་སྒོ་སྒེའུ་མེད་པའི་ཁང་སྟོང་ཞིག     ཡིན་ཡང་དགུ་ཚིགས་ཀྱི་ངོས་སུ་ཤར་བའི་སྐར་ཕྲན་དག   རྦབ་ཆུའི་དྲག་ཤུགས་ལས་གཏོར་པའི་ཝུ་དཀར་ལ་འཁྲུལ་འགྲོ།  
                                       ༣
  བདག་གིས་དྲན་གྱིན་པ་དེ་བདག་གི་ཡ་ཆུང་ན །  བདག་གིས་འབྲི་བཞིན་པ་དེ་དུས་རྟག་ཏུ་ཤོག་གུ་རལ་བོ་ཞིག་གི་རྒྱབ་ངོས་ན།   ཡིན་ཡང་ལང་ཚོའི་རྨི་ལམ་དང་མག་ཆུའི་ཐིགས་པ།  ད་དུང་བགྲོད་འཕྲོ་ལུས་པའི་ཚེ་སྲོག་གི་ལམ་བུ། ཉི་འོད་ལམ་ལམ་ཁྲོད་ན ། ཟླ་འོད་བསིལ་བསིལ་ཀློང་ན། དྲང་བདེན་གྱི་ཆེད་དུ་་་་་་་
                                                                                                         ༢༠༡༡ལོའི་ཟླ་༡༡་ཚེས་༢༠ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་དགར་གླེང་བའི་གཏམ།

2011-12-13 ནམ་ལང་། ཀློག་གྲངས། མཆན ཡོད།

                                         ༠
  རྒྱུ་འབྲས་དང་སྙིང་རྗེའི་ཟུང་ཁྲག་སྐམ་པའི་ཁ་སང་དེ་རིང་།   ཆོས་རྒྱལ་ཡང་རྒྱ་མ་བཟུང་ནས་འབུ་ཚོང་རྒྱག་ཏུ་འགྲོ་བཞིན་འདུག  འཁར་བར་བརྟེན་པའི་གངས་རི་བགྲེས་པོ། བསང་དུད་དང་ཀི་སྒྲའི་ཁྲོད་ན།  སྙིང་རླུང་འཚངས་ཤིང་གློ་ལུ་རྒྱག་གིན་འདུག
                                        ༡
  ལུག་ཁྱུ་དང་སྤྲིན་དཀར་འདྲེས་ཤིང་། ནམ་མཁའ་དང་ས་གཞི་རྡེབ་པའི་མཐའ་ཡས་པའི་སྤང་ཐང་། སྟག་ཤར་སུའི་འགྲུལ་བཞུད་ཁྲོད་ན་རྟག་ཏུ་ཡལ་ཐབས་བྲལ་པའི་སྙིང་སྡུག་གི་བུ་མོའི་ཆ་བྱད་དང་འདྲ་ལ། “མེ་ལོང་མའི་དཔེ་མཚམས་གཅོད་བྱེད་དུ་བཞག་པའི་ཕྱེ་མ་ལེབ་ཤི་བོ”་དེར་ཡང་འདྲ་འདུག  དག་དག་བསླུ་བྲིད་འདིའི་སྟབས་ཀྱིས།  སུ་ལའང་རང་དབང་མི་འདུག   སུ་ལའང་མི་འདུག
                                        ༢
  སྙན་འཇེབས་ལྡན་པའི་ལ་གཞས་སྙན་པོ་རེ་མཁའ་དབྱིངས་སུ་གཏོར་རྗེས།   ཡང་བསྐྱར་གུར་གྱི་ཁ་ཚུབས་ལས་ཕྱིར་རང་གི་རྨི་ལམ་ཏུ་འཛུལ་ཡོང་། མུན་པ་སྟུག་པོ་འདི་གོས་ཆེན་ནག་པོ་ཞིག    ཡང་ན་སྒོ་སྒེའུ་མེད་པའི་ཁང་སྟོང་ཞིག     ཡིན་ཡང་དགུ་ཚིགས་ཀྱི་ངོས་སུ་ཤར་བའི་སྐར་ཕྲན་དག   རྦབ་ཆུའི་དྲག་ཤུགས་ལས་གཏོར་པའི་ཝུ་དཀར་ལ་འཁྲུལ་འགྲོ།  
                                       ༣
  བདག་གིས་དྲན་གྱིན་པ་དེ་བདག་གི་ཡ་ཆུང་ན །  བདག་གིས་འབྲི་བཞིན་པ་དེ་དུས་རྟག་ཏུ་ཤོག་གུ་རལ་བོ་ཞིག་གི་རྒྱབ་ངོས་ན།   ཡིན་ཡང་ལང་ཚོའི་རྨི་ལམ་དང་མག་ཆུའི་ཐིགས་པ།  ད་དུང་བགྲོད་འཕྲོ་ལུས་པའི་ཚེ་སྲོག་གི་ལམ་བུ། ཉི་འོད་ལམ་ལམ་ཁྲོད་ན ། ཟླ་འོད་བསིལ་བསིལ་ཀློང་ན། དྲང་བདེན་གྱི་ཆེད་དུ་་་་་་་
                                                                                                         ༢༠༡༡ལོའི་ཟླ་༡༡་ཚེས་༢༠ལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།