ཟླ་ཕོགས་སྐོར་གྱི་བསམ་ཚུལ་ཉུང་ངུ་ཞིག

   ཟླ་ཕོགས་སྐོར་གྱི་བསམ་ཚུལ་ཉུང་ངུ་ཞིག་ཅེས་པའི་ཁ་བྱང་དེ་མཐོང་བའི་མོད་ལ།སྣང་ངོ་ཞིག་ལ་ཕག་ཉལ་ཉལ་གནང་བའི་ལས་བྱེད་པ་གང་དེའི་ཚུགས་ཀ་ཙམ་ཝ་ལེར་འཁོར་བའམ།རྣ་ལམ་ཏུ་ང་ལ་ཟླ་ཕོགས་སྤྲོད་ཤོག་ཅེས་པའི་འབོད་སྐད་ལྡོམ་པོ་རེ་སིང་སིང་ངང་གྲགས་ཡོང་སྲིད་པ་དེ་ནི།སྣང་ཚུལ་གང་དེས་ཁྱོད་ཚོར་སྒུལ་ཞིང་བསྐྱོམས་སྟེ་སོང་རྗེས་ཀྱི་དྲན་ཚུལ་ཐར་ཐོར་ཞིག་ཡིན་ངེས་ལ།ཐེངས་འདིར་ཁོ་བོས་འབྲི་ཁུལ་བྱས་པའི་རྩོམ་ཐུང་འདིའི་ཐོག་མའི་རེ་བ་དང་ཐ་མའི་འབབ་ཚིགས་ཀྱང་ཡིན་པ་རེད།ཡིནའང་།ཟླ་ཕོགས་སྐོར་གྱི་བསམ་ཚུལ་ཉུང་ངུ་ཞིག་གླེང་འདོད་ཀྱི་ཐོག་མའི་ཀུན་སློང་གི་ངོས་ནས་གླེང་དགོས་ཚེ།ཁོ་བོ་རང་དང་དངོས་འབྲེལ་དོན་དག་ཅིག་ནས་དབུ་མི་འཛུགས་ཀ་མེད་རེད་སོང་།
     དག་ཡིག་གསར་བསྒྲིགས་ལས།ཕོགས་ཞེས་པ་ནི་གླ་ཕོགས་དང་དངུལ་ཕོགས།འབྲུ་ཕོགས་ཞེས་པ་ལྟ་བུ་རུ་འཇོག་གིན་པས་ངོས་ཐད་ནས།ཕོགས་ཞེས་པའི་བརྡ་ཆད་དེའི་ཐོག་མའི་ཡོང་ཁུངས་དང་ཐོག་མའི་དར་ཡུལ་སོགས་ཀྱི་ཕྱོགས་སྣེ་རབ་རིབ་ཅིག་ང་ཚོའི་མིག་འདུན་དུ་དྲུད་ཡོང་ཡང་།ཐེངས་འདིར་ཁོ་བོས་གླེང་འདོད་པ་གཙོ་བོ་ནི་ཕོགས་དང་འབྲེལ་ཞིང་ཕོགས་ཀྱི་ལས་སུ་འཐིམ་པ་གང་ཞིག་སྟེ།ང་ཚོ་མི་སྒེར་གྱི་གནད་དོན་མིང་ཆུང་དོན་ཆེན་གང་ཞིག་ལ་ཁ་གཏད་པ་ཙམ་ལས།ཕོགས་ཀྱི་སྐྱེ་ཁུངས་ཡོང་ཁུངས་སོགས་གཙོ་བོར་འཛིན་དོན་མེད་པས་ན་རེ་ཞིག་ཁ་རོག་གེར་མི་བསྐྱུར་ཐབས་མེད་དུ་གྱུར་ཡོད།
   གཟོད་དོན་དག་དངོས་ལ་བབས་ན་འདི་ལྟ་སྟེ།དབྱར་གནང་ལ་ཕྱིར་ཕ་ཡུལ་དུ་ལོག་པ་ན།ཕ་ཡུལ་དུ་སྔར་བཞིན་ཟླ་ཕོགས་ཞེས་པ་དེ་གླེང་མཚམས་ལྷོད་མི་འདུག་ཁར།ཟླ་ཕོགས་སྐོར་གྱི་སྣང་ཚུལ་གསར་བ་ཞིག་ཀྱང་གང་སར་སྒྲོག་གིན་པ་ནི་ད་ལོའི་ལོ་མཇུག་གམ་སང་ལོའི་ལོ་མགོའི་བར་དུ་ལས་ཞུགས་གསར་བསྡུ་ཐེངས་ཤིག་བྱེད་ཉེན་ཡོད་པ་དེ་རེད།བསམ་ཞིང་བསམ་ན་དེ་ནི་གོ་སྐབས་བཟང་བོ་ཞིག་མིན་པའི་ངེས་པ་ནི་ཁྱོན་ནས་མི་འདུག་པས།ཁོ་བོས་རང་གི་སློབ་གྲོགས་སྐོར་ཅིག་དང་མཉམ་དུ་མིང་ཐོ་བཀོད་པ་ཡིན་ལ།ཡང་གཅིག་བཤད་ན།སྤྱིར་ཡིན་ན་ཕལ་ཆེར་ལོ་རེར་ལས་ཞུགས་གསར་བསྡུ་ཐེངས་རེ་བྱེད་ཀི་ཡོད་ཀྱང་།བར་རྐེད་ཅིག་ནས་འགྱུར་བ་གང་རུང་ཞིག་ཐེབས་ཕྱིར།དེང་སང་ཕལ་ཆེར་ལོ་གསུམ་ནས་ལྔ་ཡི་མཚམས་ནས་ལས་ཞུགས་གསར་བསྡུ་ཐེངས་གཅིག་ཙམ་ལས་བྱེད་ཐུབ་ཀི་ཡོད་པ་མ་རེད་པས།ང་ཚོས་ཏག་ཏག་གོ་སྐབས་དམ་འཛིན་ཙམ་གྱི་ཚུགས་ཀ་བཟུང་ཁུལ་བྱས་པ་ཡིན་མོད།བློ་ངོར་ཤོང་དཀའ་བ་ཞིག་ལ།ང་ཚོས་མིང་ཐོ་བཀོད་ནས་རིང་བོར་མ་སོང་བར་ལས་ཁུངས་གང་དེས་ང་ཚོར་མྱུར་དུ་ཁོ་ཚོའི་སར་འབྱོར་དགོས་བས་སྐད་བརྡ་འབྱོར་བྱུང་།
     གོ་ཐོས་ལྟར་ན་བྱ་བ་ཙག་ཙིག་རེ་ལག་བསྟར་བྱེད་རྩིས་འདུག་པ་འདྲ་ཡང་།ཁོ་བོ་ཅི་འདི་མེད་པའི་ཚོར་བ་གློ་བུར་བ་ཞིག་གིས་ཡང་ཡང་སྒུལ་བྱུང་བས།ཁ་རོག་གེར་རང་གི་སྙིང་ཆུང་གི་འཕར་ལྡིང་ལ་ཐེངས་གཅིག་ཉན་དགོས་བྱུང་།སྐབས་དེའི་ཁོ་བོའི་སྙིང་ཆུང་ནི་ཉེན་ཁར་ཕྲད་པའི་ལུ་གུ་ཞིག་ལྟར་གར་འགྲོ་གར་སྡོད་ཀྱི་རང་དབང་ནི་རིང་དུ་བོར་འདུག་ལ།སྐབས་དེའི་ཁོ་བོའི་སྙིང་ཆུང་ནི་ཆུ་ཁར་གཡེང་བའི་ཤོག་བུ་ཞིག་ལྟར་འཇིགས་སྐྲག་གང་དེས་ཁོ་རང་གི་ཕྱི་ནང་བརྟོལ་ཡོང་བར་ཧ་ཅང་སུན་པོ་བྱུང་གི་འདུགགསལ་བོར་བཤད་ན།དེ་ཡང་ཅི་ཁག་སྟེ།ང་ཚོས་སྔོན་ཆད་ཅིག་ནས་གསོག་ཅིང་ཉར་དེ་ཐོན་པ་མཐའ་དག་བཀོལ་སྤྱོད་བྱེད་པའི་དུས་ཚོད་དུ་ཁེལ་བའི་སྐབས་ཏག་ཏག་དེ་རུ་ལས་ཞུགས་ཞེས་པའི་བརྡ་ཆད་དེ་སྦྱོར་དགོས་བ་འདྲ་བས།སྐབས་དེའི་ང་ཚོ་ནི་འཇིགས་སྐྲག་དང་དགའ་བའི་འཐམ་འཁྱིད་ཀློང་ནས་འགྲེང་དགོས་བ་ཡང་རྒྱུན་ལྡན་ཞིག་ཅི་ལ་མིན་ཨང་།གང་ལྟར།ཁོ་བོས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཏང་མཐར།གཞི་ནས་ཐེངས་འདིའི་ལས་ཀ་འདི་དང་གྱེས་ཕྱགས་ཕུལ་རྒྱུའི་སེམས་ཐག་གཏིང་ནས་བཅད་རྗེས།ཐད་ཀར་རྫོང་སློབ་གསོ་ཅུའུ་རུ་སོང་སྟེ་རང་གི་འདོད་ཚུལ་དང་རེ་བ་ལྷུག་བརྗོད་གནང་བས།ད་གཟོད་ཁོ་བོ་རང་གི་འདོད་མོས་ལྟར་ལམ་ལ་ཆས་ཆོག་པས་གོ་སྐབས་གསར་བ་ཞིག་རྙེད་ཡོད།ཡིནའང་།སྐབས་དེའི་ཁོ་བོའི་གྲོགས་པོ་དག་གིས་ནི་ ལས་ཞུགས་བྱེད་རྒྱུར་ཨ་འཐད་ཡང་འཐད་བྱས་འདུག་པས།ཁོ་བོས་ཀྱང་ཡར་མར་གྱི་སྐད་ཆ་གང་ཡང་མ་བཤད་ལ་ཤོད་པའི་དགོས་བ་ཡང་མི་འདུག་སྙམ།
   གདམ་གསེས་ནི་མ་གཞི་ནས་ང་ཚོ་མི་རང་རང་ལ་དབང་བ་ཤ་སྟག་ཡིན་པ་བཞིན་ང་ཚོ་དེ་ལྟར་ཁ་གྱེས་དགོས་བྱུང་ཡང་།ང་ཚོ་ཁ་གྱེས་ཏེ་ཡུན་རིང་མ་ལོན་པའི་བར་རྐེད་ཅིག་ནས་ཁོ་ཚོས་ཟླ་ཕོག་རེག་གི་ཡོད་མེད་ཕྱོགས་ཀྱི་སྐད་ཆ་རེ་ཡང་སྣ་ཐོས་བྱུང་།ལྷག་དོན་ཁ་སང་གྲོགས་པོ་ཞིག་གིས་གནས་ཚུལ་དེ་ཁ་པར་ལས་ཆེད་དུ་གླེང་བྱུང་ལ།དེ་དང་ལྷན་དུ་ཁོ་ཚོར་ད་དུང་ཟླ་ཕོགས་སྤྲོད་ཀྱིན་མི་འདུག་ཚུལ་ཀྱང་ལབ་བྱུང་བས།ཚོད་དཔག་ལྟར་ན།ད་ལྟའི་ཁོ་ཚོ་ནི་ཞེ་ཁྲོ་ཁོག་ནས་ལངས་ཏེ་ཚིག་པ་གཏིང་ནས་ཟ་བཞིན་པའི་སྒང་ཡིན་པ་འདྲ་ཡང་།སྔར་བཞིན་ང་ལ་ཟླ་ཕོགས་སྤྲོད་ཤོག་ཅེས་འུར་བརྒྱབ་པ་ཙམ་གྱིས་ནམ་ཡང་ཅི་ཞིག་འཇོན་ཨང་།
    དྲང་མོར་བཤད་ན།ང་ཚོ་ཟླ་ཕོགས་ལ་དགའ་དོན་ཡང་ཁག་མི་འདུག་སྟེ།མ་གཞི་ཟླ་ཕོགས་ཙམ་ཡོད་པས་ང་ཚོའི་སྣང་བ་སྔར་བཞིན་མཐོ་མཐོ་བྱེད་ཆོག་གི་རེད།མ་གཞི་ཟླ་ཕོགས་ཙམ་ཡོད་པས་ང་ཚོས་སྔར་བཞིན་རང་སེམས་མགུ་བྱེད་ཀྱི་སྐད་ཆ་དག་ཁྱེར་ཏེ་ལབ་རྒྱག་ཆོག་གི་རེད།དཔེར་འཇོག་ཅིག་བྱས་ན།ང་རང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་ལྟ་བུ་དང་།ང་ལ་ཟླ་ཕོགས་ཡོད་ལྟ་བུའི་སྐད་ཆ་དག་མགྲིན་པར་བཀུག་ཐེངས་རེ་རེར།ཟླ་ཕོགས་ཅན་གྱི་ང་ཚོ་ནི་ཇི་འདྲ་སྐྱིད་ཨང་།ཟླ་ཕོགས་ཅན་གྱི་ང་ཚོ་ནི་ཇི་འདྲ་བསོར་ཨང་།དེའི་ཕྱིར།ང་ཚོར་ཟླ་ཕོགས་མེད་ཚེ་ག་ལ་འགྲིག་ཆོག་ལགས།ཡིནའང་།གལ་ཏེ་ནམ་ཞིག་གི་ཚེ།ལས་ཁུངས་ཀྱིས་ང་ཚོར་ཟླ་ཕོགས་དུས་ལྟར་མི་སྤྲད་ཚེ།གལ་ཏེ་ནམ་ཞིག་གི་ཚེ།ང་ཚོས་བྱ་ལས་མཐའ་དག་ལས་ཁུངས་ཀྱི་ཁ་སྣ་གང་དུའང་འཕྲོད་ཐབས་མ་ཡོད་ཚེ།ང་ཚོར་ཐད་ཀར་ལས་ཁུངས་དེ་དང་ཁ་གྱེས་ཐུབ་པའི་སྙིང་སྟོབས་ཡོད་འོས།ང་ཚོར་ཐད་ཀར་ལས་ཁུངས་དེ་དང་བདེ་མོ་འཇོག་ཕོད་པའི་ཆོད་སེམས་ཡོད་འོས།
    མདོར་ན།ཟླ་ཕོགས་ཀྱི་འོད་སྣང་དང་སྐད་ཅིག་ཙམ་ལའང་འབྲལ་འདོད་སྐྱེས་མ་མྱོང་བའི་ལས་ཞུགས་པ་རྙིང་བ་རྣམས་དང་།ཟླ་ཕོགས་ནི་འོད་ཟེར་ཞིག་ཏུ་སྒོམ་སྟེ་སྔར་བཞིན་ཟླ་ཕོགས་ཞེས་པ་དེའི་བྲང་གཞུང་སྙེག་ནས་ཤོར་གྲབས་བྱེད་པའི་ལས་ཞུགས་པ་གསར་བ་དག་ལ།དེ་རིང་ཁོ་བོས་འདི་ནས་སྐད་ཅིག་བསྐུར་འདོད་དེ།དོན་དམ་དུ་ང་ཚོས་སྔོན་ཆད་ཅིག་ནས་གསོག་ཅིང་ཉར་དེ་ཐོན་པ་མཐའ་དག་ཟླ་ཕོགས་ཁོ་ནས་ཆེད་ཡིན་ན་འོས་སམ།ཡང་ན།དོན་དམ་ཟླ་ཕོགས་ནི་འོད་ཟེར་ཞིག་ཡིན་ནམ་དེ་ལས་ལྡོག་སྟེ་མུན་པ་ནག་པོ་དེ་ཡིན།གང་ལྟར།ཆེས་མ་མཐའ་ཡང་ང་ཚོར་ཟླ་ཕོགས་ལས་མཐོ་བའི་རེ་སྙེག་དང་ཕུགས་འདུན་རེ་ཡོད་ན་འགྲིག་ཨང་།
                                      ༢༠༡༡ལོའི༡༡ཚེས༡༧ཉིན་ལན་གྲུ་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་ཕོགས་སྐོར་གྱི་བསམ་ཚུལ་ཉུང་ངུ་ཞིག

2011-11-30 རྩེ་བ་ཀུན་དགའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།