རྐྱལ་སྟོང་གི་མི་རབས་ཤིག

རྨ་ཆུའི་བསམ་གཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-28

                     ___འདི་ནི་ཉེ་རབས་བོད་ལ་བྱུང་བའི་རྐྱལ་སྟོང་རྩོམ་རིག་གི་སྣང་ཚུལ་ཞིག་ལ་བྲིས་པ་ཡིན།
    བརྡ་དོན་འདི་ནི་བོད་པའི་ཆང་ཚང་གི་རྩོམ་རིག་པའམ་སྙན་ངག་པ་མང་ཚད་ཅིག་ལ་ཆེས་བཀུར་བའི་གཅེས་མིང་ཞིག་ཡིན་ལ། དེ་བཞིན་དུས་ཐུང་ངུ་ཞིག་གི་ཡུན་ལ་བོད་པ་ཚང་གི་རྩོམ་སྟེགས་སུ་སྤྲེའུ་བཞིན་ངེས་མེད་དུ་བྲ་རྩེད་བྱ་མྱོང་བའི་མི་རབས་ཤིག་གི་སྣང་ཚུལ་ཡང་ཡིན། མི་སྣ་དེ་དག་གིས་དེང་ཐོག་རྒྱ་ཡིག་བརྒྱུད་དེ་འཛམ་གླིང་རྩོམ་རིག་གི་བྱུང་རབས་ནས་གློ་རྡེག་ཏུ་བློ་ན་ཆུ་ཁོལ་བཞིན་གདུ་མྱོང་བ་ནི་ཁོ་ཚོས་གཞན་དང་བསྡུར་ཐབས་མེད་པའི་གོ་རྟོགས་ཤིག་ཏུ་བཤད་མོད། ཁོ་ཚོས་རྒྱ་ཡིག་གི་དྲིན་ལན་བསུབ་པའི་ཐབས་ཤེས་གང་མང་འཐེན་མྱོང་། འོན་ཀྱང་སྐབས་དེར་ཁོ་ཚོ་ནི་ཆེས་བླ་ན་མེད་པའི་རྩོམ་རིག་པ་དེ་མ་ཡིན་པར། དེ་ལས་ལྡོག་སྟེ་གསར་དུ་རྩོམ་དཔེ་ཀློག་པོ་ཙམ་ཡིན་པ་ཙམ་ལས་རང་སྟེང་གི་དོན་དངོས་གོ་ཐོབ་ལ་ངོས་འཛིན་ཡང་དག་པ་ཞིག་ཁྱོན་ནས་འཐོབ་མེད། སྣང་བ་འཁྲུལ་བའི་གོ་རིམ་དེ་ནི་ཁོ་ཚོས་མཆོང་སྐྱོད་ཆེན་པོ་ཞིག་ཏུ་རློམ་སྟེ་རིམ་ཆར་རང་ཉིད་ཡར་རྒྱས་ཀྱི་ལམ་ནས་ཡོད་ཚད་རྦབ་བྲུལ་བརྒྱབ་པ་རེད། ཡོད་ཚད་ཅེས་པ་ནི་ཀུན་སློང་གི་ཆེ་བ་དང་ཀུན་རྟོགས་ཀྱི་བློ་གྲོས་སྨིན་པའི་རྨང་གཞི་དང་བཅས་པར་བཤད་ཀྱང་ཆོག ཡིན་ཡང་ཁ་ལག་ཀླད་གསུམ་དུག་སྡེར་ཇི་བཞིན་ནང་དུ་འཁོར་ཏེ་བོད་རང་སྟེང་གི་རྩོམ་རིག་འཕེལ་རྒྱུས་ཀྱི་སྟོང་ཆ་ཙམ་མཐོང་བས་འཕྲལ་དུ་རང་ཉིད་དེ་བོད་ཡིག་གི་རྩོམ་རིག་སྟོན་པའམ་སད་རྟོགས་པ་ཞིག་བྱ་དགོས་པའི་ཀུན་སློང་ཧམ་སེམས་ཅན་ཞིག་སྐྱེས་པ་རེད། དེ་ནི་མི་སྒེར་གྱི་དཔེ་གཞི་གཙུགས་སུ་འཛིན་པའི་ལས་ཐབས་རྡུགས་ཤིག་ཡིན་པ་མ་ཟད། དམར་ཐེར་ཐེར་གྱི་འདོད་ཆགས་རིགས་ཤིག་ཀྱང་རེད། འདི་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བའི་ནང་དང་། ཉིས་སྟོང་ལོའི་མི་ལོ་བཅུ་ཕྲག་གི་ནང་རེད། ཡིན་ཡང་མཇུག་འབྲས་ནི་དེ་ལས་ལྡོག་སྟེ། ཁོ་ཚོ་རེ་རེ་བཞིན་ལབ་དང་བཙོག་བཤད། དམོན་མོ། ཁ་རྒྱག འཁང་ཚིག ཐ་ན་རང་མོས་བརྡ་ལོག་པ་འབའ་ཞིག་གི་ཡིག་རྫོབ་ཀྱི་བྱེད་པོ་ཁོ་ནར་འགྱུར་ཏེ། རླབས་ཆེན་མི་ཆོས་རིག་པ་གསར་འཛུགས་ཀྱིས་སྟོངས་ཏེ། བོད་ཀྱི་རྩོམ་རིག་གི་ལམ་བུ་ཧྲིལ་བོ་ནི་ཡི་གེའི་གད་སྙིགས་སུ་བསྒྱུར་བ་རེད། རིམ་ཆར་རྐྱལ་སྟོང་རྩོམ་རིག་གི་གྲུབ་མཐའ་ཞིག་ཆགས་པ་ནི་ཁོ་ཚོའི་གོ་ཐོབ་ཡང་དག་པ་དེ་ཡིན། དེ་ནི་འཛམ་གླིང་རྩོམ་རིག་སྟེ་བོད་ཕྲུག་ཚོས་ལྟོ་བར་མ་ཞུ་བར་ཡུན་རིང་གཟེར་བའི་ནད་དུག་དེ་རེད། དཔེར་བཞག་སྟེ་བཤད་ན་ཧ་ཅང་མང་བས། དེ་དག་སོ་སོར་དཔེ་མཚོན་མི་སྣ་གང་ཡིན་གྱིས་རང་སྟེང་གི་རྐྱལ་སྟོང་གི་ཐལ་རྡུལ་དེ་གཙང་མར་སྦྲུགས་རྒྱུ་རེ་བ་ཡིན། །
    གསལ་བཤད། སྣང་ཚུལ་འདི་བདེན་མིན་ངེས་པ་མེད་དེ། ཡིན་ཡང་དྲང་གཏམ་འདི་ཤེས་དཔྱོད་ཀྱི་བློ་མིག་དཔལ་འབར་བའི་སྐྱེས་པོ་སུས་ཀྱང་ཐག་གཅོད་ཡང་དག་ཅིག་འོང་བར་ཡིད་ཆེས་ཡོད། །
                                        ༢༠༡༡   ༡༡   ༢༦
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྐྱལ་སྟོང་གི་མི་རབས་ཤིག

2011-11-28 རྨ་ཆུའི་བསམ་གཏན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།